མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་སྐབས་ ༥༨ པའི་འོས་བསྡུ་ཆེན་མོའི་ཁྲོད་ཀྱི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཕྱུག་བདག་སྐུ་ཞབས་ཊི་རུམ་ཕི་མཆོག་གི་ལོ་རྒྱུས་སྙིང་བསྡུས།

542143780ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནལ་ཌི་ཊི་རུམ་ཕི་(Donald Trump)མཆོག་ནི། ཕྱི་ལོ་ ༡༩༤༦ ལོར་ནེའུ་ཡོག་གྲོང་ཁྱེར་ཉེ་འགྲམ་རྒྱལ་མོའི་གླིང་ཕྲན་ཞེས་པར་ལྕམ་མ་རེ་ (Mary) དང་། སྐུ་ཞབས་ཧྥི་རི་ཌ་ (Fred) གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཁོང་ལ་བུ་སྤུན་ ༥ ཡོད་པའི་གྲས་ཀྱི་ ༤ བ་དེ་ཡིན་ཞིང་། ཁོང་གི་ཨ་མའི་རིགས་རྒྱུད་སི་ཁོ་ཊེ་ཤཱི་དང་ཨ་ཕའི་རིགས་རྒྱུད་འཇར་མན་མི་རིགས་ལ་གཏོགས་ཤིང་། ཁོང་གི་ཕ་ཧྥི་རི་ཌ་ལགས་ནི་སྔོན་ཆད་འཇར་མན་ནས་ཡོང་བའི་ཡུལ་བྱོལ་བ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། ཕྱིས་སུ་ནེའུ་ཡོག་གྲོང་ཁྱེར་གྱི་ས་ཁང་བདག་པོ་དང་ས་ཁང་འཛུགས་སྐྲུན་གྱི་ཁེ་གཉེར་བ་ཆེན་པོ་ཞིག་ཏུ་གྱུར་ཏེ། ཁོས་རང་ཉིད་ཀྱི་ས་ཁང་འཛུགས་སྐྲུན་གྱི་ཁེ་ལས་ལ་བརྟེན་ནས་རྒྱལ་མོའི་གླིང་ཕྲན་སྟེང་དུ་ཨ་རིའི་མཚོ་དམག་ལ་གྲུ་ཁ་དང་སྡོད་ཁང་ཁྱོན་ ༢༧༠༠༠ ལྷག་འཛུགས་སྐྲུན་བྱས་མྱོང་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ལོ་ན་ཆུང་དུས་བྱིས་པ་གཤིས་སྤྱོད་ཅུང་རྩུབ་པོ་ཅན་ཞིག་ཡིན་པས། ཁོང་གི་གཤིས་སྤྱོད་ལེགས་ལམ་དུ་བཀྲི་ཕྱིར་རང་ལོ་ ༡༣ སྟེང་ཕ་མ་གཉིས་ཀྱིས་ཁོང་དམག་དོན་སློབ་གྲྭ་ཞིག་ཏུ་བསྐྱལ་ཞིང་། དམག་དོན་སློབ་གླིང་དུ་ཁོང་གི་དམག་སྦྱོང་རྩེ་གྲས་སུ་ཚུད་པ་མ་ཟད། སློབ་གླིང་གི་སྤྱིའི་རྒན་བདག་གི་འགན་ཡང་ཁུར་མྱོང་ཡོད་འདུག ཕྱི་ལོ་ ༡༩༦༤ ལོར་ཁོང་དམག་དོན་སློབ་གླིང་ནས་མཐར་ཕྱིན་རྗེས་ཕ་ཡི་ཨར་ལས་ཚོང་གཉེར་ཁང་དུ་ལས་ཀ་བྱས། ཕྱི་ལོ་ ༡༩༦༨ ཁོང་གིས་ཕིན་སེལ་ཌ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་སྡེ་ཁག་ནས་གཙུག་ལག་རབ་འབྱམས་པའི་ཐོབ་ཐང་བླངས་ཡོད་འདུག

ཕ་ཡི་ཚོང་ལས་རིག་པའི་ཤུགས་རྐྱེན་གྱིས། ཊི་རུམ་ཕི་ལ་ས་ཁང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་བར་རྨང་གཞི་བཟང་པོ་བསྐྲུན་ཡོད་སྟབས། ཕྱི་ལོ་ ༡༩༧༡ ལོར་ཁོས་ཊི་རུམ་ཕིའི་ཉོ་འཚོང་རྩ་འཛུགས་ (Trump Organization) ཞེས་པ་གསར་འཛུགས་བྱས་ཏེ་ས་ཁང་འཛུགས་སྐྲུན་གྱི་ཁེ་ལས་གཉེར་ཞིང་། ལོ་དེར་ཊི་རུམ་ཕི་མན་ཧ་ཊན་གླིང་ཕྲན་དུ་གནས་སྤོས་ཤིང་། གླིང་ཕྲན་དེའི་སྐད་གྲགས་ཅན་གྱི་ཁེ་ལས་པ་མང་པོར་འབྲེལ་འདྲིས་བྱུང་བ་བརྒྱུད་དེ། ཁོང་གིས་ས་ཁང་འཛུགས་སྐྲུན་གྱི་ཚོང་ལས་གཉེར་ཏེ་ཁོང་ལ་འབྱོར་ཕྱུག་དང་མིང་གྲགས་རྒྱས།

ཕྱི་ལོ་ ༡༩༧༤ ལོར་ཁོང་གིས་སྤྱིའི་མ་དངུལ་ཨ་སྒོར་ས་ཡ་ ༥༣.༤༨ བཏང་སྟེ་གྷི་རན་ཊི་ཧ་ཡ་ཊི་ཞེས་པའི་གསོལ་མགྲོན་ཁང་ཞིག་ཉོས་པ་དང་། ཕྱི་ལོ་ ༡༩༨༢ ལོར་མ་དངུལ་ཨ་སྒོར་ས་ཡ་ ༢༠༠ བཞག་སྟེ་ཊི་རུམ་མཁར་རྫོང་ཞེས་པའི་ཐོག་རྩེག་ ༥༨ ཅན་གྱི་ཚོང་གཉེར་ཁང་ཆེན་པོ་ཞིག་གླས། ཕྱི་ལོ་ ༡༩༨༥ ལོར་ཁོང་གིས་ཨ་སྒོར་ས་ཡ་ ༨༨ སྤྲད་དེ་ཁང་ས་མུའུ་ ༧༦ ཉོས་ཏེ་ ‘བརྙན་འཕྲིན་གྲོང་ཁྱེར’ ཞེས་པའི་སྣ་འཛོམས་ཚོང་གཉེར་ཁང་ཞིག་གསར་འཛུགས་བྱས། ཕྱི་ལོ་ ༡༩༨༨ ལོར་ཨ་སྒོར་ས་ཡ་ ༤༠༧ སྤྲད་དེ་གྲོང་འདབས་ཀྱི་གསོན་མགྲོན་ཁང་ཞེས་པ་ཉོས་པ་སོགས་སྔ་རྗེས་སུ་ཁོས་ཨ་རིའི་ལྷོ་བྱང་རྒྱལ་ཁབ་ཁག་དང་ཡུ་རོབ། རྒྱ་ནག་བཅས་ཀྱི་ནང་རྒྱན་འཛུག་ཁང་དང་དབྱུག་རྩལ་སྤོ་ལོའི་རྩེད་ཐང་། སྣ་འཛོམས་ཚོང་གཉེར་ཁང་དང་གསོལ་མགྲོན་ཁང་ཁྱོན་ ༢༧༣ ལྷག་བཙུགས་ཡོད་འདུག

Untitled-1

ཕྱི་ལོ་ ༡༩༩༧ ལོར་ཊི་རུམ་ཕི་ཨ་སྒོར་ཐེར་འབུམ་ ༢ གྱི་བདག་པོ་ཆགས་ཏེ། འཛམ་གླིང་སྟེང་གི་ཨ་སྒོར་ཐེར་འབུམ་མང་པོའི་བདག་པོ་འབྱོར་ལྡན་པའི་མིང་ཐོའི་ནང་བསླེབས་ཡོད་པ་དང་། ཨ་རིའི་དཔལ་འབྱོར་དབྱེ་ཞིབ་པ་ཚོས་ཕྱི་ལོ་ ༡༩༨༠ ཙམ་ནས་ཊི་རུམ་ཕིའི་ཁེ་ཚོང་ཉམས་རྒུད་དུ་འགྲོ་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་ཁོང་གི་ས་ཁང་འཛུགས་སྐྲུན་གྱི་ཁེ་ཚོང་ལ་ཨ་སྒོར་ཐེར་འབུམ་ ༡.༧ ནས་ཨ་སྒོར་ས་ཡ་ ༥༠༠ ཉམས་རྒུད་ཐེབས་ཡོད་ལུགས་བཤད། ཡིན་ནའང་ཨ་རིའི་ཁེ་ལས་ཞིབ་འཇུག་དུས་དེབ་ནང་། དེང་སྐབས་ཊི་རིམ་ཕི་མཆོག་ལ་མ་དངུལ་ཨ་སྒོར་ཐེར་འབུམ་ ༤.༥ ཡོད་པ་དང་། ཨ་རིའི་རྒྱལ་ནང་གི་འབྱོར་ལྡན་པ་ཨང་ ༡༢༡ པ་དང་། འཛམ་གླིང་སྟེང་གི་འབྱོར་ལྡན་པ་ཨང་ ༣༢༤ ཆགས་ཡོད་སྐོར་བཀོད་འདུག

ཕྱི་ལོ་ ༡༩༧༧ ལོར་ཊི་རུམ་ཕི་གློག་བརྙན་འཁྲབ་སྟོན་པ་ཟུར་བ་ལྕམ་ཨེ་བ་ན་ (Ivana) ལ་གཉེན་སྒྲིག་སྟེ་བུ་ཕྲུག་གསུམ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༠ ལོར་ཊི་རུམ་ཕི་དང་ཐོན་གསར་འགྲེམ་སྟོན་པ་ལྕམ་ (Marla) གཉིས་ཀྱི་བར་ལ་མཛའ་འབྲེལ་བྱུང་བའི་རྙོག་གླེང་ལ་བརྟེན་ཏེ། ལོ་དེར་ཨེ་བ་ན་ཁོང་གཉིས་བཟའ་འཐོར་བྱས་ཏེ་ཨ་སྒོར་ས་ཡ་ ༢༠ སྤྲོད་དགོས་བྱུང་། ཕྱི་ལོ་ ༡༩༩༣ ལོར་ཊི་རུམ་ཕི་ལྕམ་མ་ཕད་ལ་གཉེན་སྒྲིག་ནས་བུ་མོ་ཞིག་སྐྱེས་ཏེ་ཟླ་གཉིས་ཀྱི་རྗེས་སུ་གཉེན་འཐོར་བ་དང་། གཉེན་འཐོར་ཐག་གཅོད་ལ་ཨ་སྒོར་ས་ཡ་གཅིག་སྤྲད། ཕྱི་ལོ་ ༢༠༠༥ ལོར་ཊི་རུམ་ཕི་ཡང་བསྐྱར་ཐོན་གསར་འགྲེམ་སྟོན་པ་ལྕམ་མི་ལ་ནེ་ཡ་ལ་ (Melania) གཉེན་སྒྲིག་པ་དང་ཕྱི་ལོ་ ༢༠༠༦ ལོར་བུ་བྷ་རོན་ (Barron) ཟེར་བ་ཞིག་སྐྱེས་ཡོད་པ་རེད།

ཕྱི་ལོ་ ༢༠༠༠ ལོར་ཨ་རིའི་སྐབས་ ༥༥ པའི་སྲིད་འཛིན་འོས་བསྡུའི་སྐབས། ཊི་རུམ་ཕི་ཨ་རིའི་བཅོས་བསྒྱུར་ཚོགས་པའི་ (Reform Party) སྲིད་འཛིན་འོས་མིར་ལངས་ཏེ། ཨ་རིའི་སྤྱི་ཚོགས་ནང་གི་ཆབ་སྲིད་རྙོག་འཛིང་དང་། ལྷག་པར་དུ་ཨ་རིའི་དམག་ཁུལ་གྱི་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་སྤེལ་ལ་བཅས་ལ་བརྟེན་ཏེ། སྤྱི་ཚོགས་ནང་ཁ་རྡུང་དྲག་པོ་བྱུང་བར་བརྟེན། ལོ་དེའི་འོས་བསྡུ་མགོ་མ་ཚུགས་སྔོན་ལ་ཁོ་རང་འགུལ་གྱིས་བཅོས་བསྒྱུར་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།

༢༠༡༥ ལོར་ཨ་རིའི་སྲིད་འཛིན་སྐབས་ ༥༨ པའི་འོས་བསྡུ་ཆེན་མོ་མགོ་འཛུགས་བྱས་པ་དང་བསྟུན་ཏེ། ལོ་དེའི་ཕྱི་ཟླ་ ༦ པའི་ཚེས་ ༡༦ ཉིན་ཊི་རུམ་ཕི་ལགས་ཀྱིས་ཁོ་རང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་པ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་མཐུན་ཚོགས་པ་ནང་ཁུལ་ནས་སྲིད་འཛིན་འོས་མི་ཁག་ཅིག་གི་བར་འགྲན་རྩོད་གནང་མཐར། ཕྱི་ཟླ་ ༧ ཚེས་ ༡༩ ཉིན་སྤྱི་མཐུན་ཚོགས་པའི་གཞུང་འབྲེལ་ངོས་ནས་སྐུ་ཞབས་ཊི་རུམ་ཕི་ཨ་རིའི་སྐབས་ ༥༨ པའི་སྲིད་འཛིན་འོས་མིར་མཚན་འདོན་གནང་སྟེ། ད་ལྟ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རི་ཁུ་ལོན་ཊོན་དང་ཁོང་གཉིས་བར་ཚ་ཚ་འུར་འུར་ཐོག སྔོན་འགྲོའི་འོས་ཤོག་འགྲན་རྩོད་འགྲོ་བཞིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་དངོས་གཞིའི་འོས་བསྡུ་གནང་སྟེ་མཐའ་མའི་རྒྱལ་ཁ་སུ་ལ་འཐོབ་མིན་ཐག་གཅོད་གནང་རྒྱུ་ཡིན་པ་རེད།

trump family tree

པདྨ་རྒྱལ་གྱིས་བསྡུ་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese