མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུཊ་ཁྲོད་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་མ་གཉིས་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་སློབ་བུ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བརྒྱ་ཆ་ ༩༦.༧༩ དང་སློབ་བུ་ཚེ་རིང་སྙན་གྲགས་བླ་མ་ལགས་ཀྱིས་བརྒྱ་ཆ་ ༩༦ བླངས་འདུག

666དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ནས་ལོ་ངོ་ ༥༦ འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག ཆེད་ལས་རིགས་གཅིག་རྐང་འཛིན་པའི་སྲིད་སྐྱོང་གཟེངས་རྟགས་ཐོབ་མཁན་ཆེད་ལས་བ་ ༥ དང་། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་མ་གཉིས། དེ་བཞིན་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་ཚན་རིག་དང་སྒྱུ་རྩལ། ཚོང་རིག་བཅས་ཀྱི་རྩེ་ཕུད་སློབ་མ་ ༡༡ ལ་གཟེངས་རྟགས་གནང་སོང་ལ། གཞན་ཡང་། བོད་རིགས་ཚོང་པ་ཁག་ཅིག་གིས་གཉེར་བའི་གནའ་དེང་བོད་ཆས་བཟོ་ཚོང་ཁང་སྐེ་རགས་དང་རྐང་འཁོར་གཡར་གླ་ཚོང་གཉེར་ཁང་གཉིས་ལ་གཟེངས་རྟགས་གནང་སོང་།

དེ་ཡང་མཛད་སྒོའི་ཐོག་སྲིད་སྐྱོང་གཟེངས་རྟགས་ཆེད་ལས་རིགས་གཅིག་རྐང་འཛིན་པ་སློབ་མ་ ༥ ལ་ལག་འཁྱེར་དང་བྱ་དགའ་ཧིན་སྒོར་ཁྲི་ ༢ རེ་གནང་སོང་བ་དང་། གཟེངས་རྟགས་ཐོབ་མཁན་བསྟན་འཛིན་ནམ་མཁའ་ལགས་ནི་སྦེལ་ཀོབ་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན་པ་དང་། St Joseph མཐོ་སློབ་ཏུ་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་། དེ་ནས་སྦེང་ལོར་Christ University ནས་གཙུག་ལག་རམ་འབྱམས་པ་ཐོན་ཞིང་། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྤོས་བྱེད་མཁན་ཁྱིམ་ཚང་ཐོག་དངུལ་བསྐུར་གཏོང་བྱེད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དལ་ཤུགས་རྐྱེན་ཇི་བྱུང་ཐད་དཔྱད་ཞིབ་གནང་ཡོད་འདུག

བདེ་ཆེན་རྡོ་རྗེ་ལགས་ཨོ་རི་ས་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན་པ་དང་། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་མཐོ་སློབ་ཐོན་ཏེ། ད་ལྟ་སློབ་གཉེར་ཁང་དེ་རུ་སྐུ་མགྲོན་སློབ་དཔོན་ཚུལ་དུ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་བོད་ཀྱི་བརྡ་སྤྲོད་རིག་པའི་ཡིག་ཆ་དང་ནང་དོན་རིག་པའི་ཚད་གཞུང་དག་ལ་གཞི་བཅོལ་ཏེ། བོད་སྐད་ཀྱི་བརྗོད་པའི་རྣམ་གཞག་སྟོན་པའི་རིག་པ་ལ་དཔྱད་ཞིབ་གནང་ཡོད་འདུག

རིག་འཛིན་རྡོ་རྗེ་ལགས་ལ་དྭགས་དང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་གྲྭ་ཐོན་པ་དང་། མཱ་དྷ་ར་སི་གཙུག་ལག་སློབ་ཆེན་ནས་མཐོ་སློབ་ཐོན་ཞིང་། ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་བཙན་བྱོལ་བོད་གཞུང་གི་སྲིད་དོན་དང་འཛིན་སྐྱོང་གི་ནུས་པའི་ཐོག་ཆབ་སྲིད་རིག་པས་དཔྱད་ཞིབ་གནང་ཡོད་འདུག

བྱམས་པ་ཆོས་འཕེལ་ལགས་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་མཐོ་སློབ་ཐོན་པ་དང་། ད་ལྟ་གཙུག་ལག་སློབ་གཉེར་ཁང་དེ་རུ་སློབ་དཔོན་ལས་རོགས་ཐོག་ཕྱག་ལས་གནང་བཞིན་ཡོད་ཅིང་། ཁོང་གིས་དཔལ་དུས་ཀྱི་འཁོར་ལོའི་དགོངས་དོན་ཉི་མ་དང་འཛམ་གླིང་གཉིས་ཀྱི་འཁོར་གཞི་ལ་ས་རིས་ཀྱི་ལམ་ནས་དཔྱད་ཞིབ་གནང་ཡོད་འདུག

བསྟན་འཛིན་བདེ་གསལ་ལགས་ལ་དྭགས་དང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་གྲྭ་ཐོན་པ་དང་། མེ་སོར་གཙུག་ལག་སློབ་ཆེན་ནས་མཐོ་སློབ་ཐོན་ཏེ་ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་གསར་སྐྱེས་གྲངས་ཚད་ཀྱི་གནས་བབ་སྐོར་དང་། གནས་ཡུལ་སྤོ་བཤུད་བྱས་པའི་ཤུགས་རྐྱེན་སྐོར་ལ་དཔྱད་ཞིབ་གནང་ཡོད་འདུག

འདི་ལོའི་འཛིན་རིམ་ ༡༢ ཀྱི་རྒྱ་གར་རྒྱལ་ཡོངས་མཐའ་མའི་རྒྱུགས་སྤྲོད་ནང་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལེན་མཁན་སློབ་མ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་གར་མངའ་སྡེ་ཊཱ་ལིན་གྷ་ནཱ་Talangana ཡི་རྒྱལ་ས་ ཧི་ཌི་ར་པཱ་ཌི་Hyderabad ཡི་(Narayan Junior College) སློབ་གཉེར་ཁང་དུ་སློབ་སྦྱོང་གནང་ཡོད་པ་དང་། ད་ལྟ་བྷང་ལོར་ཇེན་མཐོ་སློབ་ཁང་དུ་གནམ་གྲུ་བཟོ་བསྐྲུན་རིག་གནས་(Aerospace Engineering )ཐོག་སློབ་སྦྱོང་གནང་བཞིན་ཡོད་ལ། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུག་ཁྲོད་བརྒྱ་ཆ་ ༩༦.༧༩ བླངས་ཏེ། ད་ལྟའི་བར་གྱི་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་ལེན་མཁན་གྱི་ནང་ནས་བརྒྱ་ཆ་མཐོ་ཤོས་དེ་ཆགས་ཡོད་པ་རེད།

སློབ་མ་ཚེ་རིང་སྙན་གྲགས་བླ་མ་ལགས་ཀྱིས་Wynberg-Allen School Mussorrie ནང་སློབ་སྦྱོང་གནང་ཡོད་པ་དང་། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༦ བླངས་ཡོད་ལ། ད་ལྟ་མ་ནི་པལ་མཐོ་སློབ་དུ་སྨན་པའི་སློབ་སྦྱོང་(MBBS)བྱེད་བཞིན་ཡོད་འདུག

འདི་ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཚན་རྩལ་ཚོང་གསུམ་གྱི་གྲུབ་འབྲས་རྩེར་སོན་སློབ་མ་ ༡༡ ལ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་ཡོད་པ་ལྟར། ཚན་རིག་སྡེ་ཚན་གྱི་ཨང་དང་པོ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་མཚོ་མོ་ལགས་ལ་བརྒྱ་ཆ་ ༩༤.༢ ཐོབ་པ་དང་། ཨང་གཉིས་པ་ཀ་སྦུག་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་བདེ་ཆེན་ལགས་ལ་བརྒྱ་ཆ་ ༩༡། ཨང་གསུམ་པ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་ཚེ་རིང་བསོད་ནམས་ལ་བརྒྱ་ཆ་ ༨༩.༦ ཐོབ་ཡོད་པ་རེད།

སྒྱུ་རྩལ་སྡེ་ཚན་གྱི་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཕུན་ཚོགས་ལ་བརྒྱ་ཆ་ ༩༢.༨ ཐོབ་པ་དང་། ཨང་གཉིས་པ་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བུ་འཁྲིད་ལགས་ལ་བརྒྱ་ཆ་ ༩༡.༦། ཨང་གསུམ་པ་སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་ཟླ་བ་ཆོས་སྒྲོན་ལགས་སུ་བརྒྱ་ཆ་ ༩༡ ཐོབ་ཡོད་པ་རེད།

ཚོང་རིག་སྡེ་ཚན་གྱི་ཨང་དང་པོ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ནོར་སྒྲོན་ལགས་ལ་བརྒྱ་ཆ་ ༨༨ ཐོབ་པ་དང་། ཨང་གཉིས་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་རྣམ་སྒྲོལ་ལགས་ལ་བརྒྱ་ཆ་ ༨༣.༦། ཨང་གསུམ་པ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཡིད་དགའ་ལགས་ལ་བརྒྱ་ཆ་ ༨༢.༤། ཨང་གསུམ་པ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་འཕྲིན་ལས་དབང་མོ་ལགས་ལ་བརྒྱ་ཆ་ ༨༢.༤། བཅས་ཐོབ་སྟེ། ཨང་དང་པོ་རྣམས་ལ་ཧིན་སྒོར་ཁྲི་ ༢ རེ་དང་། ཨང་གཉིས་པ་རྣམས་ལ་ཧིན་སྒོར་ ༡༥༠༠༠ རེ། ཨང་གསུམ་པ་རྣམས་ལ་སྒོར་ཁྲི་ ༡ རེ་བཅས་གནང་སོང་།

གཞན་ཡང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་གཞིའི་འོག་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མཁན་ཏེ། བོད་རིགས་ཚོང་པ་བསྟན་འཛིན་རྒྱལ་པོ་ལགས་ཀྱིས་བཙུགས་པའི་རྐང་འཁོར་གཡར་གླ་ཚོང་གཉེར་ཁང་དང་། དེ་བཞིན་བོད་རིགས་ཚོང་པ་ཡེ་ཤེས་དཔལ་འབྱོར་ལགས་དང་ལྷ་མོ་བཀྲ་ཤིས་ལགས། བྱམས་པ་བསྟན་དར་ལགས་བཅས་ཀྱིས་བཙུགས་པའི་གནའ་དེང་ཟུང་འབྲེལ་གྱི་བོད་ཆས་བཟོ་ཚོང་ཁང་སྐེ་རགས་གཉིས་ལ་ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀ་རེ་གནང་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 2

  1. ར་ཛ། says:
    ལོ་ 9 སྔོན།

    འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་དོན་སྐབས་ཤེས་རིག་ལས་ཁུངས་ཀྱིས་འདི་ལོར་སྲིད་སྐྱོང་སློབ་ཡོན་ལེན་མཁན་མི་འདུག་ལབ་སོང་། ད་ཡང་སློབ་མ་གཉིས་འདུག་ལབ་ནས་གཟེངས་རྟགས་སྤྲད་པ་འདྲ། ད་དེ་སུ་ལ་ཀྱག་ཀྱག་རེད།
    མ་གཞི་ནས་སློབ་ཕྲུག་འདི་གཉིས་ཀས་འཛིན་རིམ་བཅུ་གཉིས་སྐབས་བོད་ཡིག་སློབ་ཚན་བླངས་མི་འདུག བོད་ཡིག་ལ་བརྒྱ་ཆ་༦༠ དགོས་ཟེར་བའི་སྒྲིག་གཞི་དེ་རྩིས་མེད་ཕྱིན་པ་འདྲ། ལོ་རེ་རེ་ལ་རྒྱུ་མཚན་རེ་རེ་དང་གཟེངས་རྟགས་ཀྱི་མིང་མི་འདྲ་བ་རེ་རེ་འདུག
    ད་གང་ཤེས། སྲིད་སྐྱོང་གཟེངས་རྟགས་ཀྱིས་ང་མགོ་ན་བཅུག་སོང་།
    གཞུང་ལ་དངུལ་མང་པོ་དེ་འདྲ་ཡོད་ན་རང་བཙན་ལག་དེབ་ཀྱི་དངུལ་བསྡུ་མཚམས་བཞག་ན་ཏག་ཏག་རེད།

    Reply
  2. རི་བོ། says:
    ལོ་ 9 སྔོན།

    བོད་ཀྱི་སྲིད་སྐྱོང་གིས་སྲིད་སྐྱོང་བྱ་དགའ་ཐོབ་པར་བོད་ཡིག་ལ་བརྒྱ་ཆ་མཐོན་པོ་ལེན་མི་དགོས་པ་བཟོས་པ་ནས། སྲིད་སྐྱོང་བྱ་དགའ་ཐོབ་མཁན་གྱི་གྲངས་འབོར་ཡང་འཕར་ཡོང་གི་ཡོད་པའི་སྣང་ཚུལ་འབྱུང་གི་ཡོད། དེས་ག་རེ་མཚོན་ནམ། དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་ཀྱི་སྐད་ཡིག་མི་ཤེས་མཁན་གྱི་གྲངས་ཇེ་མང་དུ་འགྲོ་ཡི་ཡོད་པའི་ཉེན་ཁ་ཞིག་མཚོན་གྱི་ཡོད་དམ། མ་གཞི་ཤེས་ཡོན་གྱི་ཚད་གཞི་དངུལ་སྒོར་གྱིས་གཞལ་བའི་ལུགས་སྲོལ་དང་བོད་སྐད་ཡིག་ལ་གདེངས་འཇོག་ཆུང་དུ་གཏོང་ཐབས་འདི་ཚང་མ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་ཡིན་ནམ།
    མ་གཞི་སྲིད་སྐྱོང་དབུས་བཙན་བྱོལ་བོད་མིའི་ཁྲོད་ཀྱི་མཐོ་རིམ་མི་སྣ་མང་པོ་ཞིག་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཡོང་གི་ཡོད་དང་། ཁྲག་རྒྱུད་ཙམ་ལས་ཁོ་ཚོའི་མི་རབས་ཚ་རྒྱུད་ཚོའང་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་འགྲོ་ཡི་ཡོད་པ་འདིས་མ་འོངས་བོད་ཀྱི་རྩ་དོན་རྩོད་ཕྱོགས་ཐད་ཤུགས་རྐྱེན་ལེགས་ཉེས་གང་ཞིག་ཐེབས་གྲབ་ཡོད་དམ།
    བོད་ཀྱི་མི་སེར་དཀྱུས་མ་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་རྒྱུན་འཛིན་དང་། བོད་ཀྱི་ལ་རྒྱ་དམ་སྲུང་། རྩ་དོན་ཐད་ལུས་སྲོག་ལོངས་སྤྱོད་དང་བཅས་བ་ཕུལ་དང་འབུལ་བཞིན་པ་འདི་སྲིད་དོན་པ་ཁ་ཤས་ཀྱི་ཁེ་ཕན་དང་འབྲེལ་བའི་རྩེད་ཆས་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese