མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཡི་མཚོ་འགྲམ་གྱི་ཉིན་མོ།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

དཔལ་འབྱོར་རིག་པ་བའི་(The Economist)དུས་དེབ་ཀྱི་གསར་གནས།

ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

20160820_CND001_0

དཔོན་རིགས་རྣམས་ཀྱི་ལོ་རེའི་འདུ་ཚོགས་དེ་ནི་ལྷོད་དུ་འབབ་པ་ཞིག་མེད་པ་རེད།

མ་བྱན་ཆེན་མོའི་ཞ་མོ་ལྟེབ་མ་ཞིག་གི་འོག་གཟི་འོད་འཕྲོ་བའི་ཡཱང་ཙི་སྦིན་གྱིས་སྦེའི་རྡའི་ཡི་སྤྲོ་སྐྱིད་གླིང་གྲོང་ཚོའི་ཀེ་སེ་ལིང་གསོལ་ཚིགས་ཁང་གི་གསོལ་ཐབ་ནང་ལྟ་ཞིབ་བྱེད་བཞིན་མཆིས། གསོལ་ཚིགས་ཁང་དེའི་ནང་ཁོང་གིས་ ༡༩༧༡ ལོ་ནས་བཟུང་སྟེ་ལས་ཀ་བྱས་ཡོད། འདིར་ལོ་ལྟར་ཕྱི་ཟླ་ ༨ པར་རྒྱ་ནག་གི་ཆབ་སྲིད་ཀྱི་མཐོ་རིམ་དཔོན་རིགས་རྣམས་ཆེས་གསང་བ་ལྡན་པའི་ཚོགས་འདུ་ཞིག་གི་དོན་དུ་འདུ་བཞིན་ཡོད་པ་རེད། ད་ཆ་མ་བྱན་ཆེན་མོའི་མགོ་གཙོ་ཡིན་སྟབས། སྐུ་ཞབས་ཡཱང་གིས་སྤྲོ་སྐྱིད་གླིང་གི་སྤྲོས་པ་ཆེ་ཤོས་ཀྱི་གསོལ་ཚིགས་ཁང་དེར་འགྱུར་ལྡོག་ཅུང་ཟད་ཙམ་ཞིག་ལས་མི་འགྲོ་བར་ངེས་བརྟན་བཟོ་རྒྱུར་ནུས་ཤུགས་འདོན་བཞིན་ཡོད། ཁོང་གིས་ “འདིར་ཟས་ཐོའི་ནང་དུ་ཟས་སྣ་ ༢༠ ལས་བརྒལ་བ་ཡོད་ཅིང་། དེ་དག་ནི་ང་ཚོས་ལོ་ངོ་ ༡༠༠ རིང་གཡོ་སྦྱོར་བྱས་ཡོད་པ་རེད།” ”ང་ཚོས་སྲོལ་རྒྱུན་གྱི་རྣམ་པ་དེའི་རྒྱུན་སྐྱོང་འདོད།”ཅེས་བརྗོད། ཧོའུ་ཙི་(གོ་དོན་སྤྲེའུ་)ཞེས་པའི་མིང་སྨོས་པའི་ཟ་མ་བཟའ་མཁན་ཞིག་གིས་” ང་རང་ལོ་ངོ་ ༣༠ གོང་དུ་ཀེ་སེ་ལིང་གསོལ་ཚིགས་ཁང་དུ་ཐེངས་དང་པོར་ཡོང་བ་ཡིན། རིན་གོང་གཅིག་པུར་འགྱུར་ལྡོག་ཕྱིན་འདུག” ཅེས་བརྗོད།

པེ་ཅིན་ཤར་ངོས་ཀྱི་མེ་ལེ་ ༡༧༥ (ཀི་ལོ་མི་ཊར་ ༢༨༠) སར་ཡོད་པའི་མཚོ་གྲམ་གྱི་སྤྲོ་སྐྱིད་གླིང་ཞིག་ཡིན་པ་སྦེའི་རྡའི་ཡི་གྲོང་ཁྱེར་དེས་སྔ་ནས་ད་བར་དུ་འགྱུར་ལྡོག་ཅི་ཡང་བྱུང་མེད་པའི་ཚོར་སྣང་ཞིག་སྦྱིན། དེ་ནའང་ལོ་རེའི་ཆབ་སྲིད་ཀྱི་འདུ་ཚོགས་དེ་སྤྱི་ཟླ་ ༨ ཚེས་ ༡༦ ལ་འཇུག་སྒྲིལ་སྐབས་སྦེའི་རྡའི་ཡི་ཞི་འཇམ་དང་བག་ཕེབས། འགྱུར་ལྡོག་མེད་པའི་རྣམ་པ་དེ་ནི་བསླུ་བའི་ཆོས་ཅན་ཞིག་ཡིན་པའི་རང་མདོག་མངོན་གི་ཡོད། རྒྱལ་ཁབ་དེའི་ཆབ་སྲིད་ནི་རྒྱུན་ལྡན་མ་ཡིན་པའི་ངེས་མེད་དང་དོགས་མི་བདེ་བའི་དུས་རིམ་ཞིག་གི་ནང་ཞུགས་ཡོད། འོང་འཆར་གྱི་ཟླ་བ་དག་གི་ནང་སྲིད་འཛིན་ཞི་ཅིན་ཕིན་གྱིས་གནས་རིམ་སྣ་ཚོགས་སུ་གནས་པའི་ཏང་གི་དཔོན་རིགས་རྣམས་ཀྱི་གོ་གནས་ལ་འགྲོ་ངེས་པའི་གཞི་རྒྱ་ཆེ་བའི་འགྱུར་ལྡོག་ལ་ལྟ་སྐུལ་བྱེད་རྒྱུ་དེ་ཡིན་ཞིང་། དེ་ནི་སང་གི་ལོ་འཇུག་ཏུ་ཏང་གི་ཆབ་སྲིད་ཅུས་གསར་པ་ཞིག་(དེ་ལ་ཁོས་མུ་མཐུད་དེ་སྣེ་འཁྲིད་རྒྱུ་ཡིན་པ་རེད་)ངོ་སྤྲོད་བྱེད་སྐབས་མངོན་རྒྱུ་རེད། ལོ་ལྔ་རེའི་བརྒྱུད་རིམ་འདི་ནི་སྲིད་འཛིན་དང་། ཁོའི་ཁ་གཏད་སྲིད་འཛིན་གོང་མའི་ཉེ་འཁོར་རྣམས་ཀྱི་དབར་རྣོ་ངར་ཆེ་བའི་འཐབ་རྩོད་དང་། རྒྱལ་ཁབ་དེའི་དཔལ་འབྱོར་གྱི་བདེ་ཐང་ཐོག་ལ་འཕེལ་བཞིན་པའི་དོ་ཁུར་བཅས་ཀྱིས་མོག་མོག་པོར་གཏོང་ངེས་ལ། དཔོན་རིགས་རྣམས་ལ་རང་རང་གི་མཚོ་གྲམ་སྤྲོ་སྐྱིད་ཁང་དུ་ཐུགས་སྤྲོ་གཏོང་འདོད་ཀྱི་སེམས་ཁམས་དེ་ཡང་མེད་ངེས།

སྦེའི་རྡའི་རུ་ནང་མོལ་གྱི་ཚོགས་འདུ་བསྡུ་སྐོང་བྱེད་པའི་སྲོལ་རྒྱུན་དེ་ནི་མཱའོ་ཙེ་ཏུང་གིས་མགོ་བཙུགས་པ་ཞིག་རེད། དམིགས་ཡུལ་ནི་པེ་ཅིན་གྱི་ཚ་གདུང་ཆེ་བའི་དབྱར་ཁ་དང་ཉིན་རེའི་ངལ་དུབ་ཀྱི་ཕྱི་རོལ་དུ་འདས་དང་ད་ལྟའི་དཔོན་རིགས་རྣམས་འདུ་འཛོམས་ཀྱི་གླེང་སྟེགས་ཤིག་མཁོ་སྤྲོད་བྱེད་རྒྱུ་དེ་རེད། ༡༩༨༠ དང་ ༡༩༩༠ ནང་གླེང་སྟེགས་དེ་ནི་ཏིན་ཞཱའོ་ཕིན་ལ་གོ་ཆོད་པོ་ཞིག་བྱུང་ཡོད། ཁོས་སྐབས་འདིར་རྒྱབ་ལྗོངས་ནས་ལྟ་སྐུལ་བྱས་ཏེ། ཐ་སྙད་ཙམ་གྱི་དབང་ལྡན་འགན་ཁུར་བ་དག་གི་སྟེང་དུ་རང་ཉིད་ཀྱི་ལྟ་ཚུལ་སྤུངས་ཡོད། འོན་ཀྱང་ཞི་ཅི་ཕིན་གྱིས་ཐེ་བྱུས་ཆེ་བའི་ཏང་གི་རྒན་རབས་པ་རྣམས་མཐའ་ལ་འཕུད་ཐབས་བྱེད་བཞིན་ཡོད།(དེ་ནི་ཁོའི་ལས་འཛིན་གོང་མ་ཅཱང་ཛི་མིན་གཅིག་པུ་ཡིན་པ་རེད། ཅཱང་ནི་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་ལོ་ ༩༠ སླེབ་ཀྱི་ཡོད་ཅིང་། ད་དུང་ཡང་དབང་ཤུགས་ཆེན་པོ་ཡོད་པ་རེད།) འདས་མ་ཐག་པའི་ལས་འཛིན་གོང་མ་ཧུའུ་ཅིན་ཐཱའོ་དང་མ་འདྲ་བར། ཞི་ཡིས་རང་ཉིད་ཀྱི་རྒན་རབས་པ་རྣམས་ལ་གུས་བརྩི་དེ་ཙམ་མེད་པའི་རྣམ་འགྱུར་མངོན་བཞིན་ཡོད།

དབང་ཚད་ཀྱི་རྩེད་མོ།

བརྟག་པ་མཐའ་བཟུང་གི་སྒོ་ནས་བཤད་ན་དབང་ཚད་བསྐྱར་སྒྲིག་སྐབས་ཞི་ཡིས་རང་གི་རྗེས་འབྲང་པ་རྣམས་དབང་ཚད་ལྡན་པའི་གོ་སར་འཇོག་རྒྱུར་ཧ་ཅང་སྟབས་བདེ་པོ་ཡོད་དགོས། སྲིད་འཛིན་དེ་ནི་ཧུའུ་ལས་ལྡབ་གྱུར་གྱིས་དབང་ཤུགས་ཆེ་བའི་མི་ཞིག་རེད། ཁོས་ཏིང་གི་ “ཐུན་མོང་གིས་སྐྱོང་བའི་” དབུ་ཁྲིད་ཀྱི་ལམ་ལུགས་གཏོར་བཤིག་བཏང་སྟེ། རང་ཉིད་ཀྱི་ལས་འཛིན་གོང་མ་རྣམས་ལས་ལྷག་པའི་གཞུང་གི་དབང་ཚད་མང་དག་ཅིག་རང་ཉིད་ཀྱིས་ལེན་བཞིན་ཡོད། ཧུའུ་དང་ཅཱང་གཉིས་དང་འདྲ་བར་ཞི་ནི་ཏང་གི་སྤྱི་ཁྱབ་དྲུང་ཆེ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན། དམག་དཔུང་གི་མགོ་གཙོ་བཅས་ཡིན་པའི་ཐོག་ད་དུང་དེ་དག་ལས་བརྒལ་བའི་དབང་ཚད་ལྡན་ཡོད། ཁོས་རང་ཉིད་ཀྱི་གཙོ་སྐྱོང་འོག་ “སྣེ་འཁྲིད་པའི་སྡེ་ཁག་ཆུང་བ་” ཞིག་གི་ལམ་ལུགས་ཤིག་རྒྱ་བསྐྱེད་བཏང་ཏེ་ཁོང་ཚོར་སྲིད་གཞུང་དང་ཏང་གི་དཔོན་རིགས་གཙོ་གྲས་རྣམས་ཀྱི་ཁེ་དབང་ལ་ངོས་འཛིན་པའི་སྲིད་བྱུས་ལག་བསྟར་གྱི་ཁྱབ་ཁོངས་ནང་ཐེ་བྱུས་བྱེད་པའི་དབང་ཚད་སྤྲོད་བཞིན་ཡོད།

ཞི་ཡིས་ད་དུང་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་དྲག་རྩུབ་ཅན་གྱི་ལས་འགུལ་ཞིག་སྤེལ་ཏེ་སྲིད་གཞུང་གི་དབང་འཛིན་པ་ཡོངས་ཀྱི་བརྒྱུད་ལ་འཇིགས་སྣང་ཞིག་ཁྱབ་གདལ་དུ་བཏང་ཡོད་ལ། ཁོང་རང་གི་ཁ་གཏད་རྣམས་ནི་གནོད་འཚེ་ཕོག་མཁན་གྱི་མི་སྣ་གཙོ་བོ་རྣམས་ཀྱི་ཁོངས་སུ་གཏོགས་ཡོད།(ལཱིན་ཅི་ཧྭ་ནི་ཆེས་ཉེ་དུས་ཀྱི་གནོད་འཚེ་མཁན་དེ་ཡིན་ཞིང་། ཁོས་དེ་སྔོན་ཧུའུ་ཡི་སྐུ་བཅར་ལས་རོགས་ཀྱི་སྲི་ཞུ་བསྒྲུབས་ཡོད། ཕྱི་ཟླ་ ༧ པའི་ནང་ཁོ་ལ་ཚེ་བཙོན་གྱི་ཉེས་ཆད་བཀལ།) ༢༠༡༢ ལོའི་ནང་ཞི་ཡིས་དབང་ཚད་བཟུང་བ་ནས་བཟུང་དྲག་གནོན་དེའི་ཆ་ཤས་ཀྱི་ཚུལ་དུ་ཁྱོན་བློན་ཆེན་གཞོན་པའི་གནས་རིམ་མམ། ཡང་ན་དེ་ལས་མཐོ་བའི་གནས་རིམ་ལྡན་པའི་མི་སྣ་ ༡༧༧ ལ་དྲི་རྩད་བྱས་ཡོད། ཝ་ཤིན་ཊོན་ཌི་སི་ནང་གི་གྲོས་འདྲི་བྱ་ཡུལ་ཞིག་ཡིན་པ་སྦུག་ཀི་ལིང་གཙུག་ལག་སློབ་གཉེར་ཁང་གི་ཁྲེན་ལི་ཡིས་བརྗོད་ན་ཞི་ཡིས་ལྐོག་ཟ་བྱས་པའི་ཉེས་མིང་འོག་དམག་སྤྱི་ ༥༠ ལས་བརྒལ་བ་འཛིན་བཟུང་བྱས་ཏེ་ཁོང་ཚོའི་གོ་སར་རང་ཉིད་ཀྱི་མི་བསྐོ་གཞག་བྱས་ཡོད།

དེ་ལྟར་ནའང་ཞི་ཡི་དབང་ཚད་ནི་ཚད་བཀག་འོག་གནས་ཡོད། ཁོའི་གོ་ས་ནི་རིམ་པ་མཐོ་ཤོས་དེའི་སྟེང་དུ་བརྟན་པོར་གནས་ཡོད་པར་མཐོང་བཞིན་པ་ནི་བདེན་པ་རེད། འོན་ཀྱང་མཐོ་རིམ་གྱི་རིམ་པ་འོག་མའི་ཁྲོད་དུ་ཧང་སངས་དགོས་པ་ནི་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཤས་ཤིག་ལས་མེད། སཱན་ཌིའི་གོ་ཡི་ཁཱ་ལི་ཕོ་ནི་ཡའི་གཙུག་ལག་སློབ་ཆེན་གྱི་ཝིག་ཊར་ཤཱི་ཡིས་ཏང་གི་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ ༢༠༥ ཡོངས་རྫོགས་ཀྱི་ཕན་ཚུན་བར་གྱི་ལས་དོན་དང་། སྒེར་གྱི་འབྲེལ་བ་རྣམས་རྩད་ཞིབ་བྱས་ཡོད། ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་གིས་ཞི་ཡི་ཐག་གཅོད་ཡོངས་རྫོགས་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད།(ཉེ་བའི་ཆར་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་ནང་དུ་མངོན་གསལ་ཅན་གྱི་འགལ་ཟླ་བྱུང་ཡོད་པའི་འཁྱར་གཏམ་གང་ཡང་མེད་པ་རེད་) འོན་ཀྱང་སྲིད་འཛིན་ལ་དགོས་པ་ནི་ཆེས་དགོས་གལ་ཆེ་བའི་དཔལ་འབྱོར་གྱི་བཅོས་སྒྱུར་ལྟ་བུ་ཁོའི་སྲིད་བྱུས་རྣམས་ལག་བསྟར་དུ་འཇུག་བྱེད་དུ་སྤྱི་མོས་དང་ཆ་མཚུངས་པའི་དགའ་ཞེན་ཅན་གྱི་རྒྱབ་སྐྱོར་དགོས་ཀྱི་ཡོད། ཤཱི་ལྟར་ན་སྲིད་འཛིན་གྱི་ཕྱོགས་གཏོགས་ཀྱིས་ཨུ་ཡོན་ལྷན་ཁང་དེའི་བརྒྱ་ཆ་ ༦ ཙམ་ལས་ཟིན་གྱི་མེད་པས། དེས་ཕན་ཐོགས་ཀྱི་མེད་པ་རེད།

ངེས་པར་དུ་གསལ་བཤད་ཞུ་དགོས་པ་ཞིག་ནི། བརྒྱ་ཆ་དེ་ནི་ཚིག་ཟིན་གྱིས་བསྟན་པར་ལྟར་ཁས་བླང་མི་རུང་། དེ་ནི་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་མང་དག་ཅིག་ཕྱོགས་ཁག་གང་དུ་གཏོགས་པའི་དབྱེ་མཚམས་འབྱེད་ཁག་པོ་ཆགས་ཡོད། དེ་བཞིན། ཐེ་ཚོམ་མི་དགོས་པ་ཞིག་ནི་ཞི་ཡི་ཕྱོགས་ཁག་གི་ཁོངས་སུ་མི་གཏོགས་པའི་ཚོགས་མི་མང་དག་ཅིག་གིས་དམིགས་ཡུལ་ངེས་ཅན་ཞིག་གམ། ཡང་ན་འཇིགས་སྣང་གི་དབང་གིས་སྲིད་འཛིན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། དེ་ནའང་ཞི་ཡིས་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་དུ་ཡོད་པའི་ལར་ཞེན་ཅན་གྱི་རྒྱབ་སྐྱོར་བ་ཆེས་ཉུང་ཤས་ཤིག་ལ་བརྟེན་དགོས་ཀྱི་ཡོད། གང་ལགས་ཞེས་ན་དེའི་ཚོགས་མི་རྣམས་ནི་ཁོས་འདེམས་བསྐོ་བྱས་པ་ཞིག་མ་ཡིན་པས་རེད། ཁོང་ཚོ་ནི་ ༢༠༡༢ ནང་ཞི་རང་ཉིད་ཏང་གི་དབུ་འཁྲིད་དུ་བདེམས་བསྐོ་བྱུང་སྐབས་དང་དུས་མཚུངས་པར་བསྐོས་པ་ཞིག་ཡིན་ཞིང་། དེ་ནི་སྐབས་འདིའི་དབང་ཤུགས་ཆེ་བའི་མི་སྣ་ཧུའུ་དང་ཡུན་རིང་བགྲེས་ཡོལ་དུ་གནས་ཡོད་པའི་ཅཱང་གིས་བདེམས་བསྐོ་བྱས་པ་ཞིག་ཆགས་ཡོད།

རྗེས་ལོར་ཏང་གི་རྒྱུན་ལྡན་གྱི་ལོ་ལྔ་རེའི་ལྷན་ཚོགས་སྐབས་ཏང་གིས་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་གསར་པ་ཞིག་བསྐོ་གཞག་བྱ་རྒྱུ་ཡིན་པ་རེད། སྐབས་འདིར་ཞི་ནི་ལས་རིམ་དེའི་གཙོ་སྐྱོང་བ་ཞིག་ཡིན་པ་ཙམ་དུ་མ་ཟད། ད་དུང་ཁོ་ལ་རྒྱུན་ལྡན་ལས་མང་བའི་ས་མིག་མང་དག་ཅིག་བསྐང་རྒྱུའི་གོ་སྐབས་ཡོད་པ་རེད། སྤྱིར་བཏང་གི་ཆ་ནས་ཨུ་ཡོན་ལྷན་ཁང་དེའི་བགྲེས་ཡོལ་གྱི་ལོ་ཚད་རང་ལོ་ ༦༥ (ཆབ་སྲིད་ཅུས་ཀྱི་བགྲེས་ཡོལ་ལོ་ཚད་ནི་ ༦༨ ཡིན་པ་རེད་) ཟིན་སྐབས་རྒྱུན་དུ་ལོ་ལྔ་རེའི་མཚམས་སུ་ཚོགས་མི་ ༤༠ ནས་ ༦༠ བར་དུ་བགྲེས་ཡོལ་དུ་འགྲོ་གི་ཡོད་པ་རེད། བགྲེས་ཡོལ་གྱི་ལོ་ཚད་ལ་འགྱུར་བ་མ་ཕྱིན་ཚེ་ ༢༠༡༧ ནང་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ ༨༥ བགྲེས་ཡོལ་དུ་འགྲོ་རྒྱུ་ཡིན་ཞིང་། ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་འོག་ཨུ་ཡོན་བདུན་ཕྱིར་འཕུད་བཏང་ཡོད་སྟབས། ཞི་ཡིས་བསྐང་ཐུབ་པའི་ས་མིག་གི་ཁྱོན་བསྡོམས་པའི་ཁ་གྲངས་ནི་ ༩༢ ཡིན་པ་རེད། སྦེའི་རྡའི་རུ་འདི་ལོའི་དབྱར་ཁར་མཐོ་རིམ་དཔོན་རིགས་རྣམས་ཀྱིས་ཁོང་ཚོའི་གྲལ་འཛིན་པ་གསར་པ་རྣམས་ཐེངས་དང་པོར་མཐོང་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད།

ས་མིག་འགའ་ཞིག་ནི་སྦག་གིན་གྱི་བང་རིམ་*གྱི་རྩ་འཛིན་གཞིར་བཟུང་བསྐང་རྒྱུ་ཡིན་ངེས། འོན་ཀྱང་། གལ་ཏེ་ཞི་ཡིས་ཚོགས་མི་གྲངས་ཕྱེད་ཀ་ཙམ་འདེམས་བསྐོ་བྱེད་ཐུབ་ཚེ་ཨུ་ཡོན་ལྷན་ཁང་དེའི་ནང་ཁོའི་རྒྱབ་སྐྱོར་གྱི་ཚད་གཞི་ནི་ཤིན་ཏུ་ནས་རྒྱ་ཆེར་འཕེལ་རྒྱུ་ཡིན་པ་རེད། དེ་ལྟར་ནའང་སྐབས་དེ་འདྲ་ཞིག་གི་ནང་དུའང་ཞི་ཡིས་ཚོགས་མི་མང་ཆེ་བ་ནི་རང་ཉིད་ལ་ལར་ཞེན་ཅན་གྱི་རྒྱབ་སྐྱོར་བ་ཡིན་པར་ཡིད་རྟོན་བྱེད་མི་ཐུབ་ལ། དེས་ཁོའི་དབང་ཚད་རྒྱ་ཆེ་རུ་གཏོང་ངེས་ཀྱང་། དབང་ཚད་དེ་ནི་ལྟོས་པ་མེད་པ་ཞིག་ཏུ་འགྱུར་མི་ཐུབ་སྟབས། དེས་ཁོ་ལ་འདོད་བློ་མི་ཁེངས་ཤིང་ཞེ་སུན་པའི་ཚོར་སྣང་ཞིག་སྦྱིན་སྲིད། ཁོའི་ལས་འཛིན་གོང་མ་ཧུའུ་ཡིས་ལས་གནས་ནས་ཐོན་མཁན་གྱི་དབུ་ཁྲིད་ཚོས་བསྐོ་གཞག་བྱས་པའི་ཚོགས་མི་ལས་གྲུབ་པའི་ཀྲུང་དབྱངས་ཨུ་ཡོན་ལྷན་ཁང་ཞིག་རྒྱུན་འཛིན་བྱས་ཡོད། འོན་ཀྱང་། འཁོ་ནི་ཧ་ཅང་གི་ནུས་ཤུགས་ཞན་པའི་དབུ་ཁྲིད་ཅིག་ཡིན་ཞིང་། དཀའ་ཚེགས་ཅན་གྱི་དཔལ་འབྱོར་གྱི་བཅོས་སྒྱུར་ལ་བློ་མོས་ཡོད་པའི་རྣམ་གྱུར་ཅུང་ཟད་ཙམ་ལས་བསྟན་མེད། ཞི་ནི་མ་མཐར་ཡང་ཆེ་འདོད་ཀྱི་བསམ་བློ་དྲག་པོ་ཞིག་ཡོད་པ་མངོན་བཞིན་ཡོད་པ་རེད། (སྤྱིར་ཞི་ནི་ ༢༠༢༢ ལ་ལས་གནས་ནས་ཕྱིར་ཐོན་དགོས་ཀྱང་། སྤྱི་ཚོགས་ནང་ཁོས་ ༢༠༢༢ རྗེས་སུའང་ལས་གནས་བཟུང་འདོད་ཡོད་པའི་གཏམ་ཡན་ཁྱབ་བཞིན་ཡོད།)

སྒེར་གྱི་འཐབ་རྩོད་དེ་དག་ནི་རྗེས་ལོར་གསང་སྒོའི་ཡོལ་བའི་རྒྱབ་ཏུ་འཐབ་རྒྱུ་རེད་ལ། མ་བྱན་ཆེན་མོ་ཡཱང་ནི་བྲེལ་འཚུབ་ངང་གནས་ངེས། དེ་སྔོན་མཐོ་རིམ་གྱི་དཔོན་རིགས་རྣམས་ཁོང་གི་གསོལ་ཚིགས་ཁང་དུ་ཟས་བཟའ་བར་འོང་གི་ཡོད། ད་ཆ་ཁོང་གིས་བརྗོད་ན་སྐབས་ཕལ་མོ་ཆེར་ཁོང་ཚོའི་མཚོ་འགྲམ་གྱི་སྡོད་ཁང་དུ་ཁོང་ཟས་གཡོ་སྦྱོར་བྱེད་པར་སྐད་གཏོང་བཞིན་ཡོད་པ་རེད། རྟོག་དཔྱོད་རང་བཞིན་གྱི་ཚོད་དཔག་ཅིག་བྱས་ན། སྐབས་འདིར་ཁོང་ཚོས་ཕན་ཚུན་དབར་གྱི་གུང་ཟས་བཟའ་རྒྱུའི་ཇུས་ངན་ཤོམ་བཞིན་ཡོད་རྒྱུ་རེད།

*སྒྱུར་མཆན། སྦག་གིན་གྱི་བང་རིམ་(Buggins’ turn)ཞེས་པའི་དོན་ནི་སྐྱེ་བོ་ཞིག་ལས་གནས་སམ་གོ་ས་ཞིག་ཏུ་བསྐོ་བཞག་བྱེད་སྐབས་སྐྱེ་བོ་དེའི་འཇོན་ཐང་དང་དགེ་མཚན་ལ་ལྟོས་པ་མ་ཡིན་པར་སྒྲིག་འཛུགས་སམ། ཡང་ན་ཚོགས་པ་ཞིག་གི་ཚོགས་མི་ཡིན་པ་ཙམ་མམ། ཡང་ན་དེར་ལས་ཀ་ཡུན་རིང་བྱས་པའི་དབང་གིས་བསྐོ་གཞག་བྱེད་ཚུལ།

ཨིན་ཡིག་གི་མ་རྩོམ་ནི་དྲ་གནས་ཁ་བྱང་ http://tibet.net/2016/08/xis-day-at-the-beach/ ཐོག་གཟིགས་པར་འཚལ།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist