མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞོན་ནུས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་བསམ་ཚུལ་དོན་ཚན་ ༩ བཏོན།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་ཚོགས་བཅར་བ་ཚོས་བསམ་ཚུལ་དོན་ཚན་ ༩ བཏོན་འདུག

_1260811བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༦ པའི་ལས་ཉིན་གཉིས་པའི་ཐོག བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་དང་ལས་དོན་ཁག་ཚུད། བོད་མིའི་ཆིག་སྒྲིལ་ལ་ཕུགས་རྒྱང་པོའི་ཕན་ཐོགས་ཡོང་ཆེད། ཚོགས་བཅར་བ་རྣམས་ཚོགས་ཆུང་སོ་སོར་ཆ་བགོས་ཀྱིས་འོས་བསྡུའི་སྒྲིག་གཞིའི་སྐོར་ལ་བགྲོ་གླེང་གྲོས་སྡུར་གནང་བ་བརྒྱུད་བསམ་ཚུལ་ཕྱོགས་བསྡོམས་བྱས་འདུག

བསམ་ཚུལ་དོན་ཚན་ ༩ བསྡུས་པའི་དང་པོ་ནི། ད་ཡོད་ཆོལ་ཁ་གསུམ་གྱི་སྤྱི་འཐུས་གྲངས་ཚད་བཅུ་རེ་ཡོད་པ་རང་གནས་ཐོག སྤྱི་འཐུས་ཀྱི་ཡོང་ཁུངས་དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་ས་གནས་མི་འབོར་ལ་གཞིགས་ཏེ་ས་ཁུལ་ཆེན་པོ་ཁག་འགའ་ཞིག་ལ་ཆ་བགོས་ཀྱིས། ས་ཁུལ་སོ་སོའི་ཐོབ་ཁོངས་ཀྱི་ཆོལ་གསུམ་སྤྱི་འཐུས་རྣམས་ལ་ཆོལ་ཁའི་དབྱེ་མཚམས་མེད་པར་མི་མང་ཚང་མས་འོས་ཤོག་འཕེན་ནས་འོས་འདེམས་གནང་ན་ཕྱོགས་མང་པོ་ནས་དགེ་མཚན་ཤིན་ཏུ་ཆེ་བར་མཐོང་།

གཉིས་པ། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་སྐབས་སྤྱི་འཐུས་རྒྱུན་ལས་ནང་འོས་ཤོག་གསུམ་འཕངས་ཀྱང་ཐག་ཆོད་མ་བྱུང་ཚེ། ཇི་ལྟར་ཐག་གཅོད་དགོས་མིན་གྱི་སྒྲིག་གཞི་ཁ་གསལ་དགོས་གལ་མཐོང་།

གསུམ་པ། འོས་གཞི་འདོན་ཕྱོགས་དེ་བཞིན་ཆོལ་ཁ་དང་ལུང་ཚན་གྱི་དབྱེ་མཚམས་མེད་པའི་ཚོགས་པ་ཁག་ཁོ་ནས་བཏོན་ན་དགེ་མཚན་ཆེ་ཞིང་སྐྱོན་ཆ་ཉུང་བ་ཡོང་ངེས་ལགས་ན་དེ་དོན་གནང་གལ་ཆེ་བར་མཐོང་།

བཞི་པ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དུས་གཅིག་ཏུ་མ་ཡིན་པར་འོས་བསྡུ་གཉིས་ཀྱི་དབར་དུས་ཚོད་བར་མཚམས་དགོས་གལ་མཐོང་།

ལྔ་པ། སྔོན་འགྲོའི་འོས་བསྡུ་དང་དངོས་གཞིའི་འོས་བསྡུའི་དབར་དུས་ཡུན་ཐུང་དུ་གཏོང་དགོས་གལ།

དྲུག་པ། སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་མ་གནང་གོང་དངོས་གཞིའི་འོས་མི་གྲངས་ཚད་ག་ཚོད་འཇོག་མིན་ངེས་པར་དགོས་གལ། བདུན་པ། སེར་སྐྱ་སུ་ཡིན་རུང་འོས་བསྡུའི་ཐོབ་ཐང་འདྲ་མཉམ་གྱིས་འོས་གཅིག་རེ་ལས་བླུག་མ་ཆོག་པའི་སྒྲིག་གཞི་བཟོ་དགོས་རྒྱུ་གལ་ཆེར་མཐོང་།

བརྒྱད་པ། འོས་བསྡུའི་ཟླ་ཚེས་དེ་བཞིན་ས་གནས་མི་མང་ས་གནས་སུ་བཞུགས་པའི་དུས་ཚོད་གང་ལེགས་ཤིག་ལ་དགོས་པ་ལས། ས་གནས་ལ་བོད་མི་བཞུགས་མཁན་ཉུང་བའི་དུས་ཚོད་ལ་མི་ཁེལ་བ་བྱས་ན་དགེ་མཚན་ཆེ་བར་མཐོང་།

དགུ་བ། སྲིད་སྐྱོང་ཁྱབ་བསྒྲགས་སྐབས་ཀྱི་འགྲོ་གྲོན་རྣམས་ངེས་པར་དུ་ཁ་གསལ་དགོས་རྒྱུ་གལ་ཆེན་དུ་མཐོང་བ་བཅས་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist