མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་རྒྱ་ནག་ཏུ་ཚོགས།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསར་འགོད་རང་དབང་གི་གླེང་རྙོག་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཐད་དོ་ཕོག་འགྲོ་མི་སྲིད་པའི་སྐོར་བརྗོད་འདུགG20.2016

ཟླ་འདིའི་ཕྱི་ཚེས་ ༤ ནས་ ༥ བར་ཉིན་གཉིས་རིང་འཛམ་གླིང་སྟབས་ཆེན་རྒྱལ་ཁབ་ ༢༠ དཔལ་འབྱོར་ཚོགས་ཆེན་ཐེངས་ ༡༡ པ་དེ་རྒྱ་ནག་ཀྲེ་ཅིང་ཞིང་ཆེན་གྱི་ཧང་ཀྲུའུ་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་། ད་ལོའི་ཚོགས་ཆེན་སྟེང་འཛམ་གླིང་མཉམ་འབྲེལ་རྒྱལ་ཁབ་ (G20) ཁོངས་གཏོགས་རྒྱལ་ཁབ་ཨ་རི་དང་ཡུ་རོབ་མཐུན་ཚོགས། ཨུ་རུ་སུ་དང་རྒྱ་ནག་སོགས་གཙོས་པའི་རྒྱལ་ཁབ་ཁག་ ༢༠ དང་། དམིགས་བསལ་སྐུ་མགྲོན་དུ་ཨ་ཧྥི་རེ་ཁ་མཉམ་འབྲེལ་སྲིད་གཞུང་གཙོ་བའི་རྒྱལ་ཁབ་ཁག་ ༨ དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲིག་འཛུགས་ཁག་ ༨ གྱི་དབུ་ཁྲིད་དང་སྐུ་ཚབ་བཅས་ཁྱོན་དབུ་ཁྲིད་ ༣༦ ལྷག་མཉམ་ཞུགས་གནང་ཡོད་འདུག

ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། དེ་སྔའི་རྒྱལ་སྤྱིའི་ཚོང་ལས་གྲོས་ཆོད་ཁག་ཅིག་བསྒྲགས་ཏེ། རྒྱལ་སྤྱིའི་མ་དངུལ་སྒྲིག་འཛུགས་ཁག་ལ་བཅོས་བསྒྱུར་དང་རྒྱལ་སྤྱིའི་ཉོ་འཚོང་དཔྱ་ཁྲལ་ལ་གཡོལ་མི་ཆོག་པ། རྒྱལ་ཁབ་སོ་སོའི་ལྐོག་ཟ་རུལ་སུངས་ལ་གདོང་ལེན་དང་། མ་འོངས་དཔལ་འབྱོར་མཉམ་ལས་ནང་འཛུལ་ཞུགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉེས་དོན་གུ་ཡངས་གཏོང་ཐབས་མེད་པ། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཚང་མ་གོ་ལའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་སུ་ཁ་ཕྱོགས་དགོས་ལུགས་སོགས་བཤད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས་ནམ་རྒྱུན་ཕྱིའི་རྒྱལ་ཁབ་ཁག་གི་ཆབ་སྲིད་དབུ་ཁྲིད་ཚོར་ཐུག་འཕྲད་སྐབས་སུ། ཕོ་བྲང་དཀར་པོའི་གསར་འགོད་རང་དབང་ཐད་རྩོད་གླེང་འབྱུང་བཞིན་ཡོད་པ་དང་། ཕོ་བྲང་དཀར་པོའི་ངོས་ནས་གསར་འགོད་རང་དབང་དེ་གཙོ་བོར་འཛིན་གྱི་ཡོད་ཀྱང་། གསར་འགོད་རང་དབང་གི་གླེང་རྙོག་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ཐད་དོ་ཕོག་འགྲོ་མི་སྲིད་སྐོར་སོགས་བརྗོད་འདུག

ཟུར་དུ་ཚོགས་པའི་ཚོགས་འདུའི་སྟེང་། རྒྱ་ནག་གི་སྲིད་འཛིན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་ཐུག་འཕྲད་སྐབས། ཞི་ཅིན་ཕིན་གྱིས་ལྷོ་ཀོ་རི་ཡའི་ནང་ཨ་རིའི་མེ་ཤུགས་འཕུར་མདེལ་སྔོན་འགོག་གི་སྲིད་ཇུས་དེ་ལ་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བཤད་འདུག་ལ། ཨ་རིའི་སྲིད་འཛིན་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཐུག་འཕྲད་སྐབས་ཨོ་བྷ་མས་སེ་རི་ཡའི་ནང་གི་དྲག་ཆས་སྔོན་འགོག་གི་གྲོས་ཆོད་དེར་མོས་མཐུན་ཡོད་སྐོར་བརྗོད་ཡོད་པ་རེད།

གནས་ཚུལ་ལྟར་ན། ད་ལོའི་ཚོགས་ཆེན་ཐེངས་ ༡༡ པ་མ་ཚོགས་པའི་ཉིན་འགའི་གོང་ནས། པེ་ཅིན་གཞུང་གིས་ཧང་ཀྲུའུ་གྲོང་ཁྱེར་གྱི་མཁའ་དབུགས་འབག་བཙོག་ཉུང་དུ་གཏོང་ཆེད། ཧང་ཀྲུའུ་གྲོང་ཁྱེར་གླ་གཏོང་རླངས་འཁོར་འགོག་སྡོམ་དང་། ཨར་ལས་བཟོ་སྐྲུན་ལས་རིགས་ཁག་གི་ལས་མཚམས་བཞག་སྟེ་གཟའ་འཁོར་གཅིག་རིང་གུང་གསེང་བཏང་བ་དང་། ལྷག་པར་དུ་གྲོང་ཁྱེར་དེའི་ལྕགས་རིགས་བཟོ་སྐྲུན་དང་ཐོན་སྐྱེད་ཁག་མཚམས་འཇོག་ཏུ་བཅུག་ཡོད་པ་དང་། ཟླ་འདིའི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་ན་ནིང་ཧྥ་རིན་སའི་རྒྱལ་ས་ཕ་རི་སིར་ཚོགས་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་སྟེང་གཏན་འབེབས་བྱས་པའི་ཕ་རི་སི་གྲོས་ཆོད་ (Paris Agreement) སྒྲོག་སྦྱངས་བྱས་ཡོད་པ་དང་། གྲོས་ཆོད་དེ་ལ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་མོས་མཐུན་བྱས་རྗེས། འཛམ་གླིང་ཤར་ནུབ་ཀྱི་ཕྱོགས་འབྲེལ་རྒྱལ་ཁབ་ ༢༦ གིས་ཀྱང་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཡོད་པ་དང་། ཨ་རི་དང་རྒྱ་ནག་གཉིས་ནི་འཛམ་གླིང་སྟེང་གི་བཟོ་ལས་ཐོན་སྐྱེད་ཆེས་ཤོས་ཆགས་ཀྱི་ཡོད་པ་དང་འབྲེལ་ཏེ། ཨ་རིའི་ནང་མཁའ་དབུགས་འབག་བཙོག་ཆགས་པའི་ཚད་རིམ་བརྒྱ་ཆ་ ༡༨ དང་རྒྱ་ནག་ནང་བརྒྱ་ཆ་ ༢༠ ཟིན་གྱི་ཡོད་འདུག

ད་ལོའི་དཔལ་འབྱོར་ཚོགས་ཆེན་སྐོར་གྱི་བསྒྲགས་གཏམ་ནང་། རྒྱལ་ཁབ་སོ་སོའི་ནང་དཔལ་འབྱོར་ཁྲོམ་རའི་དཔྱ་ཁྲལ་ལ་གཡོལ་མི་ཆོག་པ་དང་། རྒྱལ་སོ་སོས་རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་སྲུང་སྐྱོབ་བྱེད་ཆེད་ཕྱིའི་དངོས་ཟོག་ནང་འདྲེན་གྱི་ཁྲལ་འབབ་མང་རུ་བཏང་མི་ཆོག་པ། རྒྱལ་སྤྱིའི་དཔལ་འབྱོར་གོང་འཕེལ་ཡོང་ཆེད་རྒྱལ་ཁབ་སོ་སོའི་ཁྲལ་འབབ་སྲིད་ཇུས་ལ་ལེགས་བཅོས་གཏོང་རྒྱུ། རིགས་ཚན་རིང་ལུགས་པས་རྒྱལ་སྤྱི་ཅན་གྱི་ཁེ་ལས་ལ་འགོག་རྒོལ་བྱེད་པར་གདོང་ལེན་བྱེད་དགོས་པ་དང་། འཛམ་གླིང་སྐྱབས་བཅོལ་བར་རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ་སོགས་འཁོད་འདུག

ཚོགས་ཆེན་འདི་མ་འཚོགས་གོང་ལ་ཨ་རིའི་གྲོས་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་སྲིད་འཛིན་ཨོ་བྷ་མ་ཐེངས་འདིར་རྒྱ་ནག་ཏུ་སྐྱོད་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། དེ་བཞིན་གསར་འགོད་རང་དབང་བཅས་ཀྱི་སྐོར་གླེང་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༢༤ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese