མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་གི་སྲིད་བྱུས་ལངས་ཕྱོགས།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་ཨ་རིའི་སྲིད་འཛིན་སྐབས་ ༥༨ པའི་འོས་བསྡུ་ཆེན་མོ་འགྲོ་བཞིན་པའི་སྐབས་འདིར། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཕྱུག་བདག་སྐུ་ཞབས་ཊི་རུམ་ཕི་མཆོག་གི་ཕྱི་སྲིད་དང་ནང་སྲིད། རྒྱལ་སྤྱིའི་ཐོག་གི་གནད་དོན་ཆེ་ཁག་བཅས་ཀྱི་ཐོག་ལ་འཛིན་པའི་སྲིད་བྱུས་ལངས་ཕྱོགས་དང་ཨ་རིའི་མི་མང་ཁྲོད་ཀྱི་གླེང་ཕྱོགས་ཁག་ཅིག་བསྡུ་བསྒྲིགས་བྱས་ཡོད།

donald-trump-reuters_650x400_61461825559

སྐུ་ཞབས་ཊི་རུམ་ཕི་མཆོག་གིས་དཀྱིལ་ཤར་ཡུལ་གྲུའི་པ་ལི་སི་ཐན་དང་ཨེ་སི་རལ་གྱི་རྩོད་རྙོག་སྐོར་ལ། ད་ལོའི་ཕྱི་ཟླ་ ༢ ཚེས་ ༥ ཉིན་ཊ་ཁི་སེ་ (Texas) མངའ་སྡེ་ནང་གཏམ་བཤད་སྤེལ་སྐབས། “ང་ཚོས་ཨེ་སི་རལ་ (Israel) ལ་རྒྱབ་སྐྱོར་དང་པ་ལི་སི་ཊེན་ཡ་མེད་གཏོང་བའི་ལས་ཀ་དེ་མ་བྱས་པ་ཡིན་ན། ང་ཚོས་ཨེ་སི་རལ་དང་པ་ལི་སི་ཊེན་ (Palestine) གཉིས་ཞི་འགྲིག་གྲོས་ཆོད་ཀྱི་ལམ་དུ་འཁྲིད་ཐུབ། སྲིད་འཛིན་ཨོ་བྷ་མས་ཨེ་སི་རལ་གཞུང་ལ་ལྟ་སྟངས་མི་ལེགས་པ་འཛིན་གྱིན་འདུག ཨེ་སི་རལ་དང་ང་རང་སྒེར་གཉིས་བར་འབྲེལ་ལམ་ཟབ་མོ་ཡོད། ཨེ་སི་རལ་གྱིས་ང་ལ་གཟེངས་རྟགས་མང་པོ་ཕྱིན་མྱོང་། གལ་ཏེ་ང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ངས་ཨེ་སི་རལ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་ཞི་བདེ་བསྐྲུན་རྒྱུ་ཁོ་ན་ཡིན། ཞབས་ཞུ་དེ་ནི་མི་སྒེར་གྱི་མཚན་སྙན་ལ་དམིགས་པ་ཞིག་རྩ་བ་ནས་མིན། གཅིག་བྱས་ན་ལས་དོན་དེ་ནི་འཛམ་གླིང་སྟེང་གྲོས་ཆོད་དཀའ་ཤོས་ཤིག་ཡིན་སྟབས། ལས་དོན་དེ་ལེགས་འགྲུབ་འབྱུང་དཀའ་ནའང་ངས་ཨེ་སི་རལ་ལ་རྒྱལ་སྐྱོབ་བྱེད་ཀྱིན་ཡོད་ཅེས་ཨེ་སི་རལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དམའ་འབེབས་བྱས་ན་ཕན་ཐོགས་ཡོད་པ་མ་རེད། ངས་ཞི་བའི་གྲོས་ཆོད་ལ་བརྟེན་ནས་ཨེ་སི་རལ་དང་ཁྱིམ་མཚེས་རྒྱལ་ཁབ་པ་ལི་ས་ཊེན་བར་གྱི་འཁྲུག་རྩོད་ཞི་འཇགས་བཟོ་རྒྱུ་ཡིན།” ཞེས་བརྗོད་འདུག ཕྱི་ཟླ་ ༢ ཚེས་ ༡༣ ཉིན་ལྷོ་ཁ་རོ་ལེ་ན་ (Carolina) མངའ་སྡེའི་གཙུག་ལག་སློབ་ཆེན་ནང་གཏམ་བཤད་སྤེལ་སྐབས་ཁོང་གིས། “ངས་ནི་ཨེ་རན་ (Iran) དང་ཨ་རི་གཉིས་བར་གྱི་རྡུལ་ཕྲན་ཚོང་འབྲེལ་དེ་ཐབས་སྐྱོ་ཤོས་ཤིག་ཏུ་མཐོང་གི་ཡོད། ཨ་རིའི་གཞུང་གིས་ཨེ་རན་ལ་རྡུལ་ཕྲན་ཚོང་འབྲེལ་བྱས་པ་དེ་ནི་ངོ་ཚ་ཞིག་རེད།” ཅེས་བརྗོད་འདུག

ཊི་རུམ་ཕི་མཆོག་གིས་ཁ་ཆེ་དྲག་སྤྱོད་པ་དང་འབྲེལ་ཏེ་ཨུ་རུ་སུར་འཛིན་པའི་སྲིད་བྱུས་དང་། ལྷག་དོན་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་སྐོར་ལ། ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན་གཏམ་བཤད་སྤེལ་བའི་ནང་། “ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ (Putin) གྱིས་སི་རི་ཡའི་ནང་གི་ཁ་ཆེ་འཇིགས་སྐུལ་བར་ (ISIS) འཐབ་རྩོད་བྱེད་འདོད་ཡོད་སྟབས། ངས་ཁོང་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོ་བའི་སྲིད་ཇུས་ཐད་ནས། ང་ཚོས་ཨུ་རུ་སུ་དང་གཞི་མཐུན་གྱི་འབྲེལ་ལམ་ཞིག་རྙེད་ངེས་ཡིན། ངའི་ལངས་ཕྱོགས་འདིར་ངོ་རྒོལ་བྱེད་མཁན་ཞིག་ཡོང་གི་མ་རེད་སྙམ།” ཞེས་དང་། གལ་ཏེ་ང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ངས་ཨ་རིའི་ནང་གི་ཐོངས་མཆན་མེད་པའི་སི་རི་ཡའི་སྐྱབས་བཅོལ་བ་ཕྱིར་འཕུད་གཏོང་གི་ཡིན་ཞེས་སོགས་བརྗོད་འདུག

ཟླ་ ༩ ཚེས་ ༧ ཉིན་གྱི་སྲིད་འཛིན་འོས་མིའི་གཏམ་གླེང་སྐུབས། ཁོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་བསྡུར་ན། ཨོ་བྷ་མ་ལས་ཕུ་ཊེན་ལ་ཟིལ་ཤུགས་ཆེ་བ་དང་། ཨོ་བྷ་མ་དང་ཧེ་ལ་རེ་གཉིས་ཀྱི་སྲིད་དབང་འོག དེང་གི་ཨ་རིའི་མི་རབས་གསར་བ་ཉམས་རྒུད་ཐེབས་རྒྱུ་ཡིན་ཞིང་། ཉམས་རྒུད་དེ་ནི་ཨ་རིའི་ངོ་ཚ་ཡིན་པ་དང་། ད་ལྟའི་སྲིད་འཛིན་ཨོ་བྷ་མར་ཨ་རིའི་སྲིད་དབང་འཛིན་པའི་འཇོན་ནུས་གང་ཡང་མེད་སྐོར་བརྗོད་འདུག

ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ཁོས། “ང་ཚོས་དང་པོ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ (ISIS) རྩ་མེད་བཟོ་དགོས། དེ་རྩ་མེད་བཟོས་རྗེས་བསམ་བློ་གཏོང་དགོས། ཡིན་ནའང་ང་ཚོས་སི་རི་ཡའི་སྲིད་འཛིན་ཨ་ས་ཌི་ (Assad) ལ་འཐབ་འཛིང་བྱེད་མི་རུང་། ཨ་ས་ཌི་ལ་འཐབ་འཛིང་བྱེད་པ་ནི། དོན་ལ་ང་ཚོས་ཨུ་རུ་སུར་འཐབ་འཛིང་བྱས་པ་དང་གཅིག་མཚུངས་རེད། དེ་ལྟར་བྱས་ན་ཚོས་ང་ཚོའི་དམིགས་ཡུལ་ལས་ལོག་པ་ཞིག་ལ་འཐབ་འཛིང་བྱས་པ་རེད།” ཅེས་དང་། “ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་ (ISIS) ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་གཏོར་བ་ཡིན་སྟབས། ཕུ་ཊེན་ (Putin)ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་དགའ་བོ་ཡོད་པ་མ་རེད། ང་ཚོ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོ་བའི་དམག་དོན་ནང་ཞུགས་པ་རེད་ལ་ཕུ་ཊེན་ཡང་ཞུགས་པ་རེད། རྒྱལ་སྤྱིའི་གཞུང་མང་ཚང་མ་ཞུགས་པ་རེད། ཡུ་ཁུ་རན་གྱི་གནད་དོན་ཐད་ང་ཚོར་འཇར་མན་གཙོས་པའི་རྒྱལ་ཁབ་ཁག་གི་ཤོག་ཁག་མང་པོའི་རྒྱབ་སྐྱོར་ཡོད། ང་ཚོས་དམག་འཁྲུག་དེ་ཅིའི་ཕྱིར་རྒྱག་དགོས་པ་ཡིན་ནམ། ངས་ཡུ་ཁུ་རན་གྱི་བདེ་འཇགས་ལ་སེམས་ཁུར་བྱེད་ཀྱིན་ཡོད། ཡུ་ཁུ་རན་གྱི་མཐའ་བསྐོར་བའི་རྒྱལ་ཁབ་མང་པོ་ཞིག་གིས་ཡུ་ཁུ་རན་སྲུང་སྐྱོབ་ཀྱི་ལས་དོན་ཅི་ཡང་སྒྲུབ་ཀྱི་མེད། ཡུ་ཁུ་རན་གྱིས་ང་ཚོར་ཞུ་འབོད་གཏོང་བཞིན་ཡོད། དེར་བརྟེན། ང་ཚོས་ཡུ་ཁུ་རན་སྲུང་སྐྱོབ་ལས་དོན་ལེགས་པོ་ཞིག་སྒྲུབ་དགོས་པ་ལས། ང་ཚོ་མུ་མཐུད་རྒྱལ་སྤྱིའི་ཉེན་རྟོག་པ་ཞིག་བྱ་མི་རུང་།” ཞེས་བརྗོད་འདུག

ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སྐུ་ཞབས་ཊི་རུམ་ཕི་མཆོག་གིས། “མི་མང་གིས་སྲིད་འཛིན་ཨོ་བྷ་མར་བསྟོད་བསྔགས་གཏོང་གི་ཡོད། ཡིན་ནའང་བརྩི་བཀུར་མང་པོའི་ཁྲོད་དུ། དོན་དམ་ཁོང་ནི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ (ISIS) རྩ་འཛུགས་བྱེད་མཁན་ཞིག་རེད།” ཅེས་བརྗོད་འདུག ཟླ་འདིའི་ཚེས་ ༩ ཚེས་ ༦ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ཝེལ་ཌིར་ (Wilders) ལགས་ཀྱིས། སྐུ་ཞབས་ཊི་རུམ་ཕི་ཡི་ཆབ་སྲིད་གླེང་ཕྱོགས་ཁྲོད་ཁོང་གིས། ཁ་ཆེ་ཡུལ་གྱར་བ་ཕྱིར་འཕུད་དང་རྒྱལ་མཚམས་བརྟན་སྲུང་བྱེད་རྒྱུ་དང་། ཨ་རིའི་ནང་གི་ཁ་ཆེའི་ཆོས་ལུགས་དང་ལྷ་ཁང་གི་སྒོ་རྒྱག་རྒྱུ་ཡིན་ལུགས་བཤད་པ་དེ་ནི་དགོད་བྲོ་བ་ཞིག་ཡིན་སྐོར་བརྗོད་འདུག

ཊི་རུམ་ཕི་མཆོག་གིས་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ཐད། ཟླ་ ༤ ཚེས་ ༡ ཉིན་སྐུ་ཞབས་ཊི་རུམ་ཕི་ཡིས། “ཤར་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་སྲུང་སྐྱོབ་ཡོང་ཆེད་ཨ་རིའི་གཞུང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་དྲག་ཆས་མང་པོ་མཁོ་འཚོང་བྱ་རྒྱུའི་བསམ་ཚུལ་བཏོན་པ་དང་། ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཕྱི་འབྲེལ་བློན་ཆེན་གཉིས་ནས་ཨ་རིའི་བསམ་ཚུལ་དེ་ལ་ངོས་ལེན་མ་བྱས་པར་སྐྱོན་བརྗོད་བྱས་ཡོད།” ཅེས་དང་། ཕྱི་ཟླ་ ༢ ཚེས་ ༡༠ ཉིན་ཁོས། “རྒྱ་ནག་གིས་བྱང་ཀོ་རི་ཡར་སྟངས་འཛིན་བྱེད་དགོས་པ་དང་། ཨ་རིས་རྒྱ་ནག་ལ་སྟངས་འཛིན་བྱེད་དགོས། རྒྱ་ནག་གིས་བྱང་ཀོ་རི་ཡར་སྟངས་འཛིན་བྱས་ཏེ། ད་ལྟའི་རྡུལ་ཕྲན་བཟོ་སྐྲུན་དང་ཚོད་ལྟ་སོགས་ཀྱི་དཀའ་རྙོག་སེལ་དགོས། རྒྱ་ནག་གིས་ང་ཚོའི་ཟུངས་ཁྲག་འཇིབ་ནས་སྐམ་རིལ་དུ་བཏང་ཡོད། རྒྱ་ནག་གིས་ང་ཚོའི་དངུལ་ལོར་དང་ང་ཚོའི་ལས་གནས་བཙན་འཕྲོག་བྱས་སོང་། དེར་བརྟེན། ང་ཚོས་རྒྱ་ནག་གི་ཚོང་འབྲེལ་སྲིད་ཇུས་ལ་བཅོས་བསྒྱུར་གཏོང་དགོས།” ཞེས་དང་། “ང་ཚོས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་དམག་དཔུང་མང་རུ་གཏོང་དགོས། དཔལ་འབྱོར་འཛུགས་སྐྲུན་ལ་བརྟེན་ནས། ང་ཚོས་རྒྱ་ནག་གི་དྲང་བདེན་མིན་པའི་ཁེ་ལས་ལ་ཉེས་ཆད་གཅོད་དགོས། ང་ཚོས་རྒྱ་ནག་གཞུང་གིས་དམངས་སྒོར་གྱི་འཛའ་ཐང་གཅོག་པ་དང་། ང་ཚོའི་གཞུང་འབྲེལ་དྲ་ལམ་ནང་ལྐོག་འཛུལ་བྱས་པའི་གནད་དོན་རིགས་བཀག་སྡོམ་བྱེད་དགོས།” ཞེས་བརྗོད་འདུག

ཊི་རུམ་ཕུ་མཆོག་གི་ཨ་རིའི་རྒྱལ་ནང་གི་དཔལ་འབྱོར་ཚོང་འབྲེལ་དང་མི་མང་གི་འཕྲོད་བསྟེན་སྐོར་ལ། ཁོས་ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་གཏམ་བཤད་སྤེལ་བའི་ནང་། ཨ་རིའི་རྒྱལ་ཁབ་དེ་འཛམ་གླིང་སྟེང་གི་དཔྱ་ཁྲལ་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། གལ་ཏེ་ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་གིས་ཨ་རིའི་མི་མང་གི་དཔྱ་ཁྲལ་ཉུང་དུ་གཏོང་བ་ནས་མེད་པ་བཟོ་རྒྱུ་དང་། ལོ་སྔོན་མའི་ཨ་རིའི་རྒྱལ་ཁབ་ཀྱི་བུ་ལོན་ཨ་སྒོར་ཐེར་འབུམ་ ༡༠ དང་། ད་ལོའི་བུན་དངུལ་ཨ་སྒོར་ཐེར་འབུམ་ ༡༩ ལྷག་ཡོད་པའི་དཀའ་ཁག་སེལ་རྒྱུ། ཨ་རིའི་མཐའ་མཚམས་ཁག་བརྟན་སྲུང་བྱས་ཏེ། ཨ་རིའི་མི་མང་ནང་ཐོངས་མཆན་མེད་པའི་འཇིགས་སྐུལ་དྲག་སྤྱོད་སྤེལ་མཁན་ཡུལ་གྱར་བ་ས་ཡ་ ༡༨༠༠༠༠ ཡོད་པ་ཚང་མ་ཕྱིར་འཕུད་བཏང་སྟེ། སྲིད་འཛིན་ཨོ་བྷ་མའི་སྐབས་འདིར་ད་ལོ་གཅིག་པུར་རྒྱལ་ནང་དུ་ཁྲིམས་འགལ་ནག་ཉེས་དང་འཇིགས་སྐུལ་དྲག་སྤྱོད་ཁྲོད་ཁྱོན་མི་མང་ ༣༤༨༠ ལྷག་གི་ཚེ་སྲོག་ཤོར་བ་ལྟ་བུའི་དཀའ་རྙོག་རིགས་སེལ་རྒྱུ་ཡིན་ལ། ཕྱིའི་ཚོང་ཟོག་ནང་འདྲེན་གྱི་ཁྲལ་ཇེ་མང་ལ་བཏང་སྟེ། ཨ་རིའི་རྒྱལ་ནང་གི་ཚོང་ཟོག་ཐོན་སྐྱེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ཟླ་ ༢ ཚེས་ ༢༥ ཉིན་ཁོང་གིས། ད་ལྟའི་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་སྲིད་ཇུས་ (ObamaCare) དེ་མི་མང་ལ་སྔར་ལས་ལྷག་པའི་མཐུན་འགྱུར་བསྐྲུན་ཐུབ་པའི་སྲིད་ཇུས་ཤིག་ཏུ་འཕོ་འགྱུར་གཏོང་དགོས། ཞེས་དང་། ཨ་རིའི་རྒྱལ་ནང་དུ་མེ་མདའ་ཉར་ཆོག་མིན་གྱི་རྩོད་གླེང་དེ་གཙོ་བོ་མིན་པར། མི་མང་གི་སེམས་ཁམས་འཕྲོད་བསྟེན་གཙོ་བོ་ཡིན་པ་དང་། ད་ལྟ་མི་མང་གི་སེམས་ཁམས་འཕྲོད་བསྟེན་ཞན་པའི་རྐྱེན་གྱིས། ཁོ་ཚོས་བློ་ཡུལ་ལས་འདས་པའི་དོན་རྐྱེན་བཟོ་སྲིད་སྟབས། གནད་དོན་དེ་སྔོན་འགོག་བྱ་ཆེད་མི་མང་གི་སེམས་ཁམས་འཕྲོད་བསྟེན་ཡར་རྒྱས་གཏོང་དགོས་པ་གཙོ་བོ་ཡིན་པ་དང་། ང་ཚོ་སྤྱི་མཐུན་ཚོགས་པའི་ངོས་ནས་ད་ལྟ་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་གི་སྲིད་ཇུས་འོག་ཉམ་ཐག་ནད་པ་མང་པོ་སྲིང་ལམ་ཁག་ཏུ་འཆི་རུ་འཇུག་འདོད་མེད། སྐོར་བརྗོད་འདུག

ཕྱི་ལོ་ ༩ ཚེས་ ༦ ཉིན་ཨ་རིའི་མཁའ་མཚོ་གཉིས་ཀྱི་དམག་སྤྱི་ཆེན་མོ་ ༨༨ གྱིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་གྱི་ཞུ་ཡིག་ཅིག་ཕྱི་བསྒྲགས་བྱས་པའི་ནང་། “ད་ལོའི་སྲིད་འཛིན་འོས་བསྡུ་ལ་བརྟེན་ནས་ཨ་རིའི་མི་མང་ལ་དུས་ཡུན་རིང་བོའི་དམག་དོན་སྲིད་ཇུས་དང་། དེའི་གནས་སྟངས་ལ་འཕོ་འགྱུར་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་གོ་སྐབས་ཤིག་སྤྲད་ཡོད། ང་ཚོ་ཨ་རིའི་དམག་སྤྱི་ཟུར་བ་ཡིན་པའི་ཆ་ནས། ང་ཚོས་ཨ་རིའི་དམག་དོན་སྲིད་ཇུས་ལ་འཕོ་འགྱུར་གཏོང་རྒྱུ་དེ་ནི་འཛམ་གླིང་ཡུལ་གྲུ་གང་ས་ནས་འབྱུང་བཞིན་པའི་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་དང་། ལྷག་པར་དུ་ཨ་རིའི་དམག་དོན་སྲིད་ཇུས་ཀྱི་དཀའ་རྙོག་བཅས་ཀྱི་ནང་མ་ཚུད་པའི་གང་ཟག་ཅིག་གིས་ད་གཟོད་ཨ་རིའི་དམག་དོན་སྲིད་ཇུས་ལ་འཕོ་འགྱུར་གཏོང་ཐུབ་པར་ཡིད་ཆེས་བྱེད་ཀྱིན་ཡོད། དེར་བརྟེན། ང་ཚོས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།

འདས་པའི་ལོ་ངོ་བརྒྱད་རིང་ཨ་རིའི་དམག་དོན་རྟོགས་ཞིབ་ཀྱི་སྟོབས་ཤུགས་ཆུང་དུ་བཏང་བ་དང་། དམག་དཔུང་གི་འགྲོ་གྲོན་ཉུང་དུ་བཏང་བ་བཅས་ལ་བརྟེན་ཏེ། ཨ་རིའི་དམག་མི་ཚོས་སོ་སོའི་འཇོན་ནུས་ལ་དཔག་པའི་ལས་དོན་གང་ཡང་བསྒྲུབས་ཐུབ་མེད། དེ་དང་མཉམ་དུ་དགྲ་བོའི་སྟོབས་ཤུགས་ཇེ་ཆེར་ཕྱིན་ཏེ། ཁོ་ཚོར་ཨ་རིའི་རྒྱལ་ཁབ་གཅིག་པུ་ཙམ་མ་ཟད། ད་དུང་རང་དབང་ལུང་པ་གཞན་ལའང་འཇིགས་སྐུལ་བཙན་འཛུལ་བྱེད་པའི་གོ་སྐབས་མང་པོ་སྤྲད་ཡོད། ང་ཚོས་གནད་དོན་དེ་ནི་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་ལ། གལ་ཏེ་ཨ་རིའི་གཞུང་གིས་མུ་མཐུད་དེ་སྔའི་དམག་དོན་སྲིད་ཇུས་རྒྱུན་སྐྱོང་བྱས་ན། མ་འོངས་པར་གནད་དོན་དེ་ད་ལྟའི་གནས་སྟངས་ལས་སྡུག་ཏུ་འགྲོ་ངེས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་ན་ཁོས་ཨ་རིའི་དམག་དཔུང་གི་སྟོབས་ཤུགས་བསྐྱར་གསོ་དང་མཐའ་མཚམས་བརྟན་སྲུང་། ཁ་ཆེ་དྲག་སྤྱོད་པར་འགོག་རྒོལ། རྒྱལ་ནང་གི་སྒྲིག་ཁྲིམས་སླར་གསོ་གཏོང་ངེས་ཡིན་སྟབས། ཨ་རིའི་མི་མང་གིས་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།” ཅེས་བརྗོད་འདུག

ཕྱི་ཟླ་ ༨ ཚེས་ ༦ ཉིན་ཨ་རིའི་འདྲ་དཔར་ཆེན་པོ་ཞེས་པའི་དྲ་ཚིགས་སྟེང་ཊི་རུམ་ཕི་མཆོག་གི་ས་ཁང་འཛུགས་སྐྲུན་སྐོར་ལ་སྐྱོན་གནས་དོན་ཚན་ ༡༢ བཀོད་ཡོད་པའི་ནང་། སྐུ་ཞབས་ཊི་རུམ་ཕུ་མཆོག་གིས་ཊི་རུམ་ཕུ་(Trump)ཞེས་པའི་སྡེ་ཚོགས་ཀྱི་མིང་ཐོག་ནས་ས་ཁང་ཉོ་སྡུད་དང་། ཁང་བརྩེགས་འཛུགས་སྐྲུན་བྱས་པའི་ལས་རིམ་ཁྲོད། ས་བདག་ལ་འབོག་མའི་དངུལ་བུན་ཕོན་ཆེན་པོ་ཆད་ཡོད་པ་དང་། ཁྲིམས་མཐུན་མིན་པའི་ས་ཁང་འཛུགས་སྐྲུན་བྱས་པ། དེ་བཞིན། མི་གཞན་དང་མ་རྐང་མཉམ་འཛུགས་བྱས་མཁན་དག་ལ་དངུལ་བུན་སྤྲད་མེད་པ། ཉལ་ཐའི་ནག་ཚོང་ལ་འབྲེལ་བ་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་འདུག

ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་ ༨ ཚེས་ ༡༢ ཉིན་སྤེལ་བའི་གནས་ཚུལ་ནང་། སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་གིས་སྐུ་ཞབས་ཊི་རུམ་ཕི་ཡི་ཆབ་སྲིད་ལངས་ཕྱོགས་ཨ་རིའི་རྒྱལ་ནང་གི་ཁ་ཆེ་ཡུལ་གྱར་བ་ཕྱིར་འཕུད་བཏང་སྟེ། ཨ་རི་དང་མེག་སི་ཁོའི་མཐའ་མཚམས་བརྟན་སྲུང་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ནའང་། ཁག་ཅིག་གིས་ཨ་རིའི་ནང་གི་དྲག་སྤྱོད་ཀྱི་དཀའ་རྙོག་དེ་ཁ་ཆེ་མི་རིགས་ཙམ་མིན་པར། མི་རིགས་དཀར་ནག་བར་གྱི་རྩོད་གླེང་ཁྲོད་དུའང་མི་གསོད་ཁྲག་སྦྱོར་མང་པོ་ཡོང་གི་ཡོད་སྟབས། སྐུ་ཞབས་ཊི་རུམ་ཕི་ཡིས་ཁ་ཆེ་ཡུལ་གྱར་བ་ཚང་མ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་པའི་ལྟ་ཚུལ་དེར་མོས་མཐུན་བྱེད་ཀྱི་མེད། གཞན། སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་ ༤༣ གྱིས་སྐུ་ཞབས་ཊི་རུམ་ཕི་ཡི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། མི་མང་བརྒྱ་ཆ་ ༣༩ ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དམངས་གཙོ་ཚོགས་པའི་ཁོངས་གཏོགས་ནས་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་བརྒྱ་ཆ་ ༧ དང་། ངོ་རྒོལ་དང་བརྒྱ་ཆ་ ༨༡ བཅས་བྱུང་ཡོད། དེ་བཞིན། རང་དབང་ཚོགས་སྡེ་ཁག་གི་མི་མང་བརྒྱ་ཆ་ ༡༧ གྱིས་ཊི་རུམ་ཕི་ཡི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་། བརྒྱ་ ༤༩ ཡིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་ཨ་རིའི་སྐབས་ ༥༨ པའི་དངོས་གཞིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཚུགས་རྒྱུ་ཡིན་པ་ལྟར། སྐབས་དེར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་རྣམ་པ་གཉིས་བར་དངོས་གཞིའི་སྲིད་འཛིན་འོས་འགྲན་གནང་རྒྱུ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

༢༠༢༥/༡༡/༢༥
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 2

  1. རིན་ཆེན། says:
    ལོ་ 9 སྔོན།

    ཊི་རམ་མཆོག་གི་རྙོག་དྲ་ཆེ་ཤོས་སྐྱེས་དམན་དང་དངུལ་སྒོར་གྱི་ཕྱོགས་རེད། ཁོ་རང་གིས་ཆབ་སྲིད་སྐོར་ནས་ཅི་གང་ཤེས་གི་མ་རེད། ཁོ་རང་ལ་བུད་མེད་ཀྱི་སྐོར་ནས་སྒྲུང་མང་པོ་ཡོད་རེད། ཨ་རིའི་ནང་གི་བོད་པ་ཚོས་བསམ་བློ་ཡག་པོ་གཏོང་དགོས། མི་འདི་ལ་འོས་བླུགས་པ་ཡིན་ན་ཚར་བ་རེད། དེང་སྐབས་ཨ་རིའི་ནང་དུ་བོད་པ་ཨ་རིའི་མི་སེར་ལག་འཁྱེར་ཡོད་མཁན་དང་སྲིད་འཛིན་ལ་འོས་བླུག་ཆོག་མཁན་ཉུང་མཐར་བཞི་སྟོང་ལྔ་སྟོང་ཡོད་ཡོད་པ་རེད། བསམ་བློ་ཡག་པོ་གཏོང་རོགས།

    Reply
  2. བློ་བཟང་། says:
    ལོ་ 9 སྔོན།

    རིན་ཐང་ཅན་གྱི་གསར་འགྱུར་ཡག་པོ་ཞེ་དྲག་ཅིག་བྲིས་འདུག གསར་འགོད་པ་ཐུགས་རྗེ་ཆེ། མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་རྒྱལ་སྤྱིའི་གནས་ཚུལ་ཤེས་དགོས་པ་གལ་ཆེན་པོ་རེད། ཨ་རིའི་སྲིད་འཛིན་འོས་བསྡུ་དེ་འཛམ་གླིང་གིས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོད་པ་རེད། ཨ་རིའི་སྲིད་འཛིན་སུ་འདྲ་ཞིག་སླེབས་དང་མི་སླེབས་དེས་རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་ཁྱད་པར་ཆེན་པོ་འགྲོ་བ་མ་ཟད། བོད་པར་མཚོན་ན་བོད་པའི་རྩ་དོན་དང་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བོད་མིར་རོགས་རམ་སོགས་ལ་འང་འབྲལེ་བ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese