མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཆེ་བའི་དམར་མཆོད་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཆེ་བའི་དམར་མཆོད་དུས་ཆེན་ཉིན་སྒོ་ཕྱུགས་སེམས་ཅན་འབུམ་གཅིག་ལྷག་དམར་མཆོད་བྱས་ཏེ་བྷིང་ལ་ཌེ་ཤིའི་རྒྱལ་སའི་སྲང་ལམ་དང་སྤྱི་གླིང་གང་སར་ཟུངས་ཁྲག་གིས་ཁེངས་ཡོད་འདུག

_91188230_picsart_1473831026824

འདས་པའི་ཉིན་ཤས་རིང་བྷིང་ལ་ཌེ་ཤིའི་རྒྱལ་ས་ཌ་ཀ་ (Dhaka)ཞེས་པའི་གྲོང་ཁྱེར་ནང་ཁ་ཆེ་ཆོས་ལུགས་ཀྱི་དམར་མཆོད་དུས་ཆེན་ (Eid al-Adha) ཉིན་ར་ལུག་དང་བ་གླང་། མ་ཧེ་དང་རྔ་མོང་སོགས་ཁྱོན་སྒོ་ཕྱུགས་སེམས་ཅན་ ༡༠༠༠༠༠ ལྷག་དམར་མཆོད་བྱས་ཏེ་གྲོང་ཁྱེར་གྱི་སྲིང་ལམ་དང་སྤྱི་གླིང་ཁག་ཆར་ཆུར་འདྲེས་པའི་ཟུངས་ཁྲག་གིས་ཁེངས་པ་དང་། ཡུལ་མི་དང་ཕྱོགས་ཡོང་འགྲུལ་བ་མང་པོ་ཆར་ཆུར་འདྲེས་པའི་སེམས་ཅན་གྱི་ཟུངས་ཁྲག་ནང་འགྲོ་འདུག་བྱེད་དགོས་ཆགས་ཡོད་འདུག

རྒྱལ་སྤྱིའི་སེམས་ཅན་སྲུང་སྐྱོབ་ཚོགས་སྡེ་ཁག་གིས་བརྒྱུད་ལམ་ཁག་ཏུ་ཌ་ཀ་གྲོང་ཁྱེར་ནང་སེམས་ཅན་མང་པོ་དམར་མཆོད་ཀྱི་ཟུངས་ཁྲག་གིས་ཁེངས་པའི་འདྲ་པར་དང་བརྙན་ཐུང་མང་པོ་བརྒྱུད་བསྐུར་བྱས་ཏེ་གནས་ཚུལ་དེ་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་ནའང་། བྷང་གྷ་ལའི་ཁ་ཆེ་མི་མང་གིས་དེ་ནི་ཁོ་ཚོའི་ཆོས་ལུགས་རིག་གནས་ཀྱི་དུས་ཆེན་ཁྱད་པར་བ་ཞིག་ཏུ་ངོས་འཛིན་གྱི་ཡོད་འདུག

ཁ་ཆེ་བའི་དམར་མཆོད་དུས་ཆེན་དེ་ནི་ལོ་རེའི་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་གྱི་ཐོ་རངས་ནས་ཚེས་ ༡༡ ཉིན་གྱི་ས་དགོང་མོའི་བར་སྲུང་གཙི་བྱེད་སྲོལ་ཡོད་པ་དང་། དེ་ནི་ཁ་ཆེ་ཆོས་ལུགས་ལ་དུས་ཆེན་རྩ་ཆེ་ཤོས་གཉིས་ཡོད་པ་ལས་གཅིག་ཡི་པ་དང་། ཉིན་མོ་དེར་སྔོན་ཆད་ཁ་ཆེ་བའི་སྟོན་པ་ཨེ་བྷ་ར་ཧམ་ (Ibrahim) ཟེར་བ་ཞིག་གིས་རང་ཉིད་ཀྱི་བུ་ཨེ་ཤཱ་མཱལ་ (Ishmael) ལགས་ཁ་ཆེ་དཀོན་མཆོག་ (Allah) ལ་དམར་མཆོད་བྱེད་སྐབས། དཀོན་མཆོག་གིས་སྙིང་རྗེ་གཟིགས་ཏེ་བྱིས་པ་དེ་སྲོག་ཐར་བཏང་བར་བརྟེན་ནས། ཁ་ཆེ་དད་ལྡན་མི་མང་གིས་དཀོན་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་སྒོ་ཕྱུགས་མང་པོ་དམར་མཆོད་བྱེད་པ་ཞིག་ཡིན་འདུག

ཕྱོགས་གཞན་ཞིག་ནས། ཁ་ཆེ་བས་ཉིན་མོ་དེར་སེམས་ཅན་མང་པོ་དམར་མཆོད་བྱེད་པ་ནི་ཁ་ཆེ་བའི་ཆོས་ལུགས་རིག་གནས་རྒྱུན་འཛིན་ཡོང་ཆེད་དང་། འཚོ་བའི་ཐད་ནས་སྒོ་ཕྱུགས་འཚོང་མཁན་ཚོར་དངུལ་ལོར་དང་ཉམས་ཐག་དབུལ་བོ་ཚོར་ཤ་སྦྱིན་རག་པའི་དགེ་ཕན་ཆེན་པོ་ཞིག་ཏུའང་ངོས་འཛིན་སྲོལ་ཡོད་འདུག

images.washingtonpost

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

མཆན། 1

  1. complete says:
    ལོ་ 10 སྔོན།

    ད་དཀོན་མཆོག་མཁྱེན། སེམས་ཅན་ལས་ངན་འདི་ཚོ། ཆོས་ལུགས་འདི་ནི་ཅི་མ་རུང་། ངོས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དམར་མཆོད་ཕྲན་བུ་ཡོད་པ་དེ་དག་རྩ་བརླག་ཏུ་བཏང་ཐུབ་པ་བསམས་ཀྱི་མི་ཁྱབ་པས་ལས་འགན་ཆེན་པོ་ཞིག་ཏུ་འགྱུར་ཐུབ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese