མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་།༼གཉིས་པ།༽

བོད་ཀྱི་དུས་བབ།
༢༠༡༦/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

༄༅།།༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡུ་རོབ་ཏུ་ཚན་རིག་པ་དང་བགྲོ་གླེང་གནང་བ།

—— དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟ་བ་གསར་བའི་སྐོར་གླེང་བ།

(ཏེང་དབྱི་ཧྥུས་བརྩམས། རྔ་བ་ཚེ་རྒྱམ་གྱིས་བསྒྱུར།)

2016_09_10_brussels_n02_hhdlbrussels_257_mle2031_246

དེ་རིང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བྷེལ་ཇམ་གྱི་རྒྱལ་ས་པཱར་སེལ་དུ་ཚན་རིག་པ་དང་མཉམ་དུ་༼སེམས་དང་སྲོག་༽གི་བགྲོ་གླེང་གི་ཉིན་གཉིས་པ་རེད། དེ་རིང་ཕྱི་དྲོའི་བགྲོ་གླེང་ཐོག ༧གོང་ས་མཆོག་དང་དཔལ་འབྱོར་རིག་པའི་མཁས་པ་དང་། སྤྱི་ཚོགས་ལས་འགུལ་པ་མཉམ་འཛམ་གླིང་གི་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་གནད་དོན་སྐོར་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་བགྲོ་གླེང་གནང་།

དེ་རིང་ཕྱི་དྲོའི་བགྲོ་གླེང་གཙོ་སྐྱོང་བ་ནི། འཇར་མན་གྱི་དཔལ་འབྱོར་རིག་པའི་འབུམ་རམས་པ་ཧེའུ་སེ་(UweJean Heuse) ཡིན་ལ། ཁོང་གིས་འཇར་མན་གྱི་པོ་ཨིན་དང་ཨ་རིའི་པིར་ཁི་ལིས་ནས་དཔལ་འབྱོར་རིག་པ་སྦྱང་ཞིང་། ཁོང་ནི་འཇར་མན་དུ་སྐད་གྲགས་ཆེ་བའི་དཔལ་འབྱོར་དུས་དེབ་ཀྱི་གསར་འགོད་པ་དང་རྩོམ་པ་པོ་ཞིག་ཡིན་ལ། དེ་སྔ་གཟེངས་རྟགས་ཀྱང་མང་པོ་ཐོབ་མྱོང་ཡོད། དེ་རིང་གི་བགྲོ་གླེང་ཐོག་ཁོང་གིས་དཔལ་འབྱོར་རིག་པའི་མཁས་པ་འབུམ་རམས་པ་ Dennis Snower དང་། བུམ་རམས་པ་ Paul Collier གཉིས་མཚམས་སྦྱོར་བྱས་ཤིང་། ཁོང་གཉིས་ཡུ་རོབ་ཏུ་མཚན་སྙན་ཧ་ཅང་ཆེ་བའི་དཔལ་འབྱོར་རིག་པའི་མཁས་པ་གཉིས་རེད།

འབུམ་རམ་པ་ Snower ནས་སྙན་སྒྲོན་ཞུས་དོན་ལ། དེང་དུས་གཙོ་རྒྱུན་དཔལ་འབྱོར་རིག་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྟེང་གང་ལ་གང་འཚམ་གྱི་རིག་གཞུང་གསར་བ་ཞིག་ཡིན་པ་དང་། དུས་རབས་བཅུ་དགུའི་ཡར་སྔོན་དུ། མི་རྣམས་ཀྱིས་དཔལ་འབྱོར་རིག་པ་ནི་འགྲོ་བ་མིའི་རིགས་ཀྱིས་བདེ་སྐྱིད་ཇི་ལྟར་བསྐྲུན་ཐབས་ཀྱི་རིག་པ་ཞིག་ལ་ངོས་འཛིན་བྱེད་ཅིང་། དེང་རབས་བཟོ་ལས་སྤྱི་ཚོགས་ཀྱི་ཡར་རྒྱས་དང་རྒྱུ་འབྱོར་དར་འཕེལ་བྱུང་བར་བརྒྱུད་དེ། དཔལ་འབྱོར་རིག་པ་ནི་རྒྱུ་འབྱོར་སྐོར་གྱི་རིག་གཞུང་ཞིག་ཏུ་ཆགས་ཡོད། གཙོ་རྒྱུན་དཔལ་འབྱོར་རིག་པའི་ཁྲོད། མི་རྣམས་དཔལ་འབྱོར་གྱི་མིར་ཆགས་ཤིང་། དཔལ་འབྱོར་གྱི་མིའི་ཀུན་སློང་ནི་སྒེར་གྱི་ཁེ་ཕན་ལེན་རྒྱུ་དེ་རེད། ཁྲོམ་རའི་“མཐོང་མི་ཐུབ་པའི་ལག་པ་” དེའི་ནུས་པ་ལ་བརྟེན་ནས། རང་གི་ཁེ་ཕན་ཆེ་ཤོས་ལེན་པའི་རང་འདོད་ཚ་བའི་དཔལ་འབྱོར་གྱི་མིས། ཁྲོམ་རའི་སྒྲིག་སྲོལ་ལྟར་མཉམ་འབྲེལ་བྱེད་ཅིང་། འདི་ལྟ་བུའི་མཉམ་འབྲེལ་གྱིས་ཁྲོམ་རར་མཉམ་ཞུགས་བྱས་པའི་དཔལ་འབྱོར་གྱི་མི་ལ་ཁེ་ཕན་ཐོབ་པ་དང་། དེས་སྤྱི་ཚོགས་དབུལ་ཕོང་ལས་ཐར་བར་ཕན་ཐོགས་ཆེན་པོ་ཡོད་པར་ངོས་འཛིན་བྱེད། འདི་ལྟ་བུའི་ངོས་འཛིན་ནི། གཙོ་རྒྱུན་དཔལ་འབྱོར་རིག་པའི་གཞི་རྩའི་ལྟ་བ་ཡིན་པར་བཤད།

འབུམ་རམས་པ་ཁོང་ནི་སྤྲོ་སེམས་ལྡན་པའི་གཙོ་རྒྱུན་དཔལ་འབྱོར་རིག་པའི་མཁས་པ་ཞིག་ཡིན་མོད། འོན་ཀྱང་། ཉེ་བའི་ལོ་འགའི་ནང་། ཁོང་གིས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་། ཁྲོམ་ར་ལ་སྤྱི་ཚོགས་ཀྱི་དཀའ་རྙོག་ཚབས་ཆེན་དག་སེལ་བའི་ནུས་པ་བྲལ་བ་མཐོང་སྟེ། ཁོང་གི་ལྟ་བ་ལ་འགྱུར་བ་ཆེན་པོ་བྱུང་། ཁྲོམ་ར་དང་དཔལ་འབྱོར་གྱི་མི་ལ་ཡིད་ཆེས་བྱེད་མཁན་ཞིག་ནས། དཔལ་འབྱོར་ཀུན་སློང་སྣ་མང་ཅན་ལ་ཞིབ་འཇུག་བྱེད་མཁན་ཞིག་ཏུ་གྱུར་ཏེ། འགྲོ་བ་མིས་ཕན་ཚུན་སེམས་ཁུར་གྱི་སྒོ་ནས་མཉམ་འབྲེལ་བྱེད་པའི་དཔལ་འབྱོར་ལྟ་གྲུབ་གསར་བ་བཏོན། ཁོང་ནས། མི་རྣམས་ཀྱི་དངོས་ཡོད་འཚོ་བའི་ནང་གི་དཔལ་འབྱོར་བྱ་འགུལ་ཁྲོད་ཀྱི་འདམ་ཀ་ནི་ཀུན་སློང་འདྲ་མིན་ལས་བྱུང་ཞིང་། རང་གི་ཁེ་ཕན་དོན་དུ་གཉེར་བ་ལས་གཞན། གཉེན་དང་ཉེ་འབྲེལ་གྱི་འབྲེལ་བའི་རྒྱུ་རྐྱེན་དང་། ད་དུང་བཟང་སྤྱོད་ཀྱི་ལྟ་བ། ཕར་གཏོང་དང་ཚུར་ལེན། མཚན་མཐོང་དང་རྒྱུ་མཚན་སོགས། འདི་དག་ཚང་མ་དཔལ་འབྱོར་མཉམ་འབྲེལ་ཡོང་བའི་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་མཉམ་འབྲེལ་ཁྲོད། མི་གཞན་ལ་ཕན་སེམས་ཀྱི་འདུ་ཤེས་འཛིན་མཁན་གྱིས་མཉམ་འབྲེལ་ནང་བྱས་རྗེས་འཇོག་འདོད་ཆེ་བ་དང་། ཁོང་ཁྲོའི་ངང་གནས་པའི་མི་ལ་བྱས་རྗེས་འཇོག་འདོད་ཧ་ཅང་ཆུང་ཞེས་བརྗོད་སོང་།

འབུམ་རམས་པ་ Paul Collier ནས་ཀྱང་། གཙོ་རྒྱུན་དཔལ་འབྱོར་རིག་པས་ཁྲོམ་རའི་ནུས་ཤུགས་དང་། “མཐོང་མི་ཐུབ་པའི་ལག་པ་” ལ་བརྟེན་པའི་ལྟ་ཚུལ་ལ་སྐྱོན་བརྗོད་བྱས། ཁོང་གིས་ཁྲོམ་ར་ནི་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཅུང་ཙམ་ཕྱིས་སུ་བྱུང་བ་དང་། “མཐོང་མི་ཐུབ་པའི་ལག་པས” འགྲོ་བ་མིའི་འབྲེལ་བ་ལ་དབང་བསྒྱུར་མ་བྱས་པའི་ཆེས་ཡར་སྔོན་ནས་བཟུང་། འགྲོ་བ་མིའི་རིགས་ལ་ཕན་ཚུན་འབྲེལ་ལམ་བྱུང་ཡོད་ཅེས་དང་། ཁོང་གིས་ད་དུང་སྲོག་ཆགས་ཀྱི་བྱ་སྤྱོད་རིག་པའི་མཁས་པ་དང་། འགྲོ་བ་མིའི་རིགས་རིག་པའི་མཁས་པ་རྣམས་ཀྱིས་གདོད་མའི་སྤྱི་ཚོགས་ལ་ལྟ་ཞིབ་བྱས་པ་དཔེར་དྲངས་ཏེ། མིའི་རིགས་ཀྱི་ཕྲུ་གུ་མ་འབྱར་ལ་ཨ་མ་དང་ཁྱིམ་མི་ཙམ་མ་ཡིན་པར་མི་གཞན་མང་པོས་ཐུགས་ཁུར་དང་བདག་སྐྱོང་བྱས་སྟབས། བྱིས་པའི་བསམ་བློ་བདེ་ཐང་དང་རྒྱུན་ལྡན་ཆགས་པ་དང་། མི་གཞན་ལ་སེམས་ཁུར་དང་གཞན་ཕན་གྱི་བསམ་བློ་འཕེལ་རྒྱས་བྱུང་། འདི་དག་ནི་ཁྲོམ་ར་མ་བྱུང་བའི་ཆེས་ཡར་སྔོན་ནས་ཡོད་པའི་འགྲོ་བ་མིའི་གཞི་རྩའི་འབྲེལ་བ་ཞིག་ཡིན་པ་དང་། འདི་ལྟ་བུའི་གཞི་རྩའི་འབྲེལ་བའི་ཁྲོད། “མཐོང་མི་ཐུབ་པའི་ལག་པ་” མེད་ལ། དཔལ་འབྱོར་གྱི་མིའི་རྗེས་དཔག་གི་ཁོག་རྩིས་ཀྱང་མེད་ཅེས་དང་།

ཡང་ཁོང་ནས། འགྲོ་བ་མིའི་སྤྱི་ཚོགས་ལ་ལྟ་ཞིབ་དང་བསམ་གཞིགས་བྱས་ན་གསལ་བོ་ཆགས་ཐུབ་པ་ཞིག་ནི། མིའི་གཞི་རྩའི་འབྲེལ་བ་དང་། མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི། ཕན་ཚུན་སེམས་ཁུར་བྱེད་པ་དེ་ཡིན་ལ། དེའི་ཕྱིར། འདི་ལྟ་བུའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ཕྱིར་ལྡོག་བྱེད་རྒྱུ་ནི། དཔལ་འབྱོར་རིག་པའི་ལྟ་བ་གསར་བ་རེད་ཅེས་དང་། དཔལ་འབྱོར་རིག་པ་ནི་ནུས་པ་ཤུགས་ཆེན་ཡོད་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པས། ཕན་ཚུན་ཐུགས་ཁུར་རམ་གཟིགས་སྐྱོང་གི་རྨང་གཞིའི་ཐོག་ཏུ་བསྐྲུན་པའི་དཔལ་འབྱོར་མཉམ་འབྲེལ་གྱི་ལྟ་བ་ནི། དེང་དུས་འཛམ་གླིང་དཔལ་འབྱོར་གྱི་སྐྱོན་གནས་ལ་གདོང་ལེན་བྱེད་པའི་ཐབས་ལམ་ཞིག་ཡིན་སྲེད་ཅེས་མཇུག་བསྡོམས་གནང་།

དཔལ་འབྱོར་རིག་པའི་མཁས་པ་གཉིས་ཀྱིས་ཏཱ་ལའི་བླ་མར་དགོངས་ཚུལ་ཞུས་ཤིང་། ༧གོང་ས་མཆོག་ནས་ངའི་དཔལ་འབྱོར་རིག་པའི་ཤེས་བྱ་ཀླད་ཀོར་རམ་སྟོང་པ་ཡིན། འོན་ཀྱང་དཔལ་འབྱོར་རིག་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ངས་ཤེས་ཀྱི་ཡོད་ཅེས་དང་། དེང་རབས་འཛམ་གླིང་ནང་དབུལ་ཕྱུག་གི་ཧེ་བག་ཤིན་ཏུ་ཆེན་པོ་ཡིན་པ་ཁོང་ལ་སྔ་མོ་ནས་ཐུགས་སྣང་བྱུང་ཞིང་། ཁོང་གིས་གསུངས་དོན་ལ། ཕྱུག་པོ་རྣམས་ཇེ་ཕྱུག་དང་། དབུལ་པོ་རྣམས་ཇེ་དབུལ་གྱུར་བའི་ཧེ་བག་ཆེན་པོ་འདི། ཡ་རབས་སྤྱོད་བཟང་དང་མི་མཐུན་པའི་ནོར་འཁྲུལ་ཞིག་རེད་ཅེས་གསུངས་ཤིང་། ཁོང་གིས་དེ་སྔ་ཐེངས་མང་པོ་གསུངས་མྱོང་བའི་གཏམ་བསྐྱར་ཟློས་གནང་དོན་ལ། སྤྱི་ཚོགས་དང་དཔལ་འབྱོར་གྱི་གཞུང་ལུགས་ཕྱོགས་ནས་ངོས་རང་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་པ་དང་། དེ་བཞིན། མཱར་ཁེ་སིའི་དཔལ་འབྱོར་རིག་པས་འགྲོ་བ་མིའི་རིགས་ཀྱི་འདྲ་མཉམ་གྱི་ཕུགས་འདུན་དོན་དུ་གཉེར་བའི་ཕྱོགས་ནས། ངོས་རང་མཱར་ཁེ་སི་རང་ལུགས་པ་ཞིག་ཀྱང་ཡིན་ལ། རྒྱུ་མཚན་ནི་འདྲ་མཉམ་གྱི་ཕུགས་བསམ་ལྡན་པས་ཡིན། འོན་ཀྱང་། ༧གོང་ས་མཆོག་ནས་བསྐྱར་དུ་ཁོང་གིས་དྲག་སྤྱོད་ལ་ངོ་རྒོལ་ནན་པོ་བྱེད་ཀྱི་ཡོད་སྟབས། ལེ་ཉིན་རིང་ལུགས་ལ་ངོ་རྒོལ་གསལ་བོ་ཡོད་པར་གསུངས།

༧གོང་ས་མཆོག་གིས་སླར་ཡང་གསུངས་དོན། ལོ་མང་སྔོན་ཁོང་གདན་ཞུས་ལྟར་ཅེག་སི་ལོ་ཧྥ་ཁེ་ལ་འཚམས་གཟིགས་སུ་འབྱོར་སྐབས། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཚང་མའི་དཔལ་འབྱོར་ཡར་རྒྱས་མེད་པར་རང་གནས་སུ་ལྷག་བསྡད་ཡོད་པའི་གནས་སྟངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་མང་ཉུང་ལ་མ་ལྟོས་པའི་ཡོངས་ཁྱབ་ཕམ་ཉེས་བྱུང་བར་དོ་སྣང་བྱུང་། དེའི་ཕྱིར། ཁོང་ནས། དཔལ་འབྱོར་རིག་པས་འགྲོ་བ་མིའི་རིགས་ཀྱི་དཔལ་འབྱོར་འགུལ་སྐྱོད་ཁྲོད་ཀྱི་མཉམ་འབྲེལ་ཀྱི་ཀུན་སློང་ལ་རྟོག་ཞིབ་དང་། དཔལ་འབྱོར་འདྲ་མཉམ་ལ་དོན་གཉེར་བྱས་ཏེ། རྒྱུ་རྐྱེན་འདྲ་མིན་གྱི་ནང་དུ་ཆ་སྙོམས་ཀྱིས་བསམ་གཞིགས་བྱེད་དགོས་པའི་དགོངས་འཆར་གནང་།

དཔལ་འབྱོར་རིག་པའི་བརྗོད་གཞི་ཚར་རྗེས། སྤྱི་ཚོགས་ཁྱབ་ཁོངས་ཀྱི་བརྗོད་གཞི་དང་། ལྷག་པར་དུ་བུད་མེད་ཀྱི་ནུས་པ་དང་ཐོབ་ཐང་སྐོར་གླེང་སློང་། TheoSowa ནི་ནུབ་ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷ་ནཱ་རུ་སྐྱེས་པའི་བུད་མེད་གསར་འགོད་པ་གྲགས་ཅན་དང་། སྤྱི་ཚོགས་ལས་འགུལ་པ་ཞིག་ཀྱང་རེད། ཁོ་མོས་༧གོང་ས་མཆོག་ལ་ཨ་ཧྥི་རི་ཀའི་བུད་མེད་ཀྱི་ནུས་པ་དང་དེ་དག་ལ་འཕྲད་པའི་དཀའ་ངལ་སྐོར་སྙན་སྒྲོན་ཞུས། ༧གོང་ས་མཆོག་ནས་ཁོང་གིས་བུད་མེད་ཀྱི་ཐོབ་ཐང་དང་། ཕོ་མོ་འདྲ་མཉམ། བུ་མོའི་སློབ་གསོ་བཅས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་སྟོན་གནང་བ་དང་། རང་གི་དགེ་རྒན་ཐོག་མ་དེ་ཨ་མ་ལགས་ཡིན་ལ། མ་ཡུམ་ཆེན་མོའི་བྱམས་བརྩེའི་ཞལ་རས་ཀྱིས་དུས་རྟག་ཏུ་ཁོང་གི་སེམས་ལ་དྲོ་སྐྱིད་དང་བྱམས་བརྩེ་སྟེར་ཞེས་དང་། སྤྱི་ཚོགས་ཇི་འདྲ་ཞིག་ཡིན་ན་ཡང་། བུད་མེད་རྣམས་ཀྱིས་གཞན་ལ་སེམས་ཁུར་དང་གཟིགས་སྐྱོང་མང་བ་བྱེད། བུད་མེད་ཀྱི་སེམས་ཁོངས་སུ་བྱམས་བརྩེ་མང་བ་དང་། བུད་མེད་རྣམས་ཞི་བདེ་ལ་བློ་ཁ་མང་དུ་ཕྱོགས། གལ་སྲིད་བུད་མེད་གང་མང་སྲིད་དོན་གྱི་འགན་དབང་ལེན་པའི་སྤྱི་ཚོགས་སུ་ཞུགས་ན། སྤྱི་ཚོགས་སྔར་ལྷག་ཞི་འཇགས་ཡོང་བར་ཡིད་ཆེས་ཡོད་ཅེས་གསུངས། ཡང་ཁོང་གིས་རྩེད་མོ་དང་སྦྲགས་ཏེ་ཉན་མཁན་རྣམས་ལ་གསུངས་དོན། མི་རེ་འགས་ཏཱ་ལའི་བླ་མ་ནི་བུད་མེད་རིང་ལུགས་པ་ཞིག་རེད་ཅེས་བརྗོད་ཅིང་། ཁོང་གིས་དགའ་སྤྲོའི་ངང་མཚན་གནས་དེ་བཞེས་རྒྱུ་ཡིན་ཞེས་གསུངས། ༧གོང་ས་མཆོག་གི་གསུངས་བཤད་གནང་བའི་བར་མཚམས་སུ། མི་མང་གིས་དགའ་བསུའི་ཐལ་མོ་བརྡབས་པའི་ཐལ་སྒྲ་ཡང་ཡང་གྲགས་ཤིང་། ཚོགས་ཁང་ནང་དགའ་སྤྲོའི་རྣམ་པས་ཁེངས།

དེ་རིང་གི་བགྲོ་གླེང་གནང་མཁན་མཐའ་མ་དེ་༧གོང་ས་མཆོག་གི་ཉེ་འགྲམ་དུ་བཞུགས་རྗེས། ཚོགས་ཁང་དུ་སླར་ཡང་ཐལ་སྒྲ་གྲགས་ཏེ་དགའ་བསུ་ཆེན་པོ་བྱས། ཁོང་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཝི་ལིམ་སི་( Jody Williams) རེད། ལྕམ་ཝི་ལིམ་སི་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་ལ། ཁོང་གིས་ས་འོག་འབར་མདེལ་བཀག་སྡོམ་བྱེད་པའི་གཞུང་འབྲེལ་མིན་པའི་མང་ཚོགས་ཀྱི་ལས་འགུལ་སྤེལ་བ་དང་རྩ་འཛུགས་བྱས་རྐྱེན། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ༧གོང་ས་མཆོག་དང་ཁོང་གཉིས་སྔར་ནས་ངོ་ཤེས་ཤིང་། འཛམ་གླིང་ཞི་བདེ་དོན་དུ་གཉེར་བའི་བྱེད་སྒོ་མང་པོར་མཉམ་ཞུགས་བྱས་མྱོང་བ་མ་ཟད། ཕན་ཚུན་བརྩི་མཐོང་ཆེན་པོ་ཡོད། གྲོགས་པོ་རྙིང་པ་བསྐྱར་དུ་ཐུག་པས་ཧ་ཅང་སྤྲོ་སྣང་ལྡན་ཞིང་། ཁོང་གཉིས་ལ་བསྟན་བཤིག་ཚ་པོའི་ཐུན་མོང་གི་གཤིས་ཀ་ལྡན་པས། ངོ་ཐུག་མ་ཐག་རྩེད་མོ་རྒྱུན་མ་ཆད་པ་དང་བཞད་མོ་ཆེས་ཆེར་བཞད་ཅིང་། ཚོགས་ཁང་ཡང་དགོད་སྒྲས་ཁེངས།

ལྕམ་ཝི་ལིམ་སིས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་སྐྱོན་བརྗོད་དྲག་པོའི་རྣམ་འགྱུར་བསྟན་པ་དང་། ཆབས་གཅིག་ཁོང་གིས་སྲིད་གཞུང་གི་འགན་འཁྲིའི་སྐོར་ཡང་གསལ་སྟོན་བྱས། ཁོང་གིས་རང་ཉིད་མཉམ་ཞུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ “PeaceJam”ཞེས་པ་དཔེར་དྲངས་ཏེ། དམངས་ཁྲོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པས། དབང་ཆ་འདྲ་མཉམ་དང་། ནད་ཡམས་སྔོན་འགོག དབུལ་ཕོངས་གཙང་སེལ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། ཁོར་ཡུག་སྲུང་སྐྱོབ། གོ་མཚོན་ཚོད་འཛིན། དྲག་སྤྱོད་ལ་བག་ཟོན། འཐུང་ཆུ་གཙང་མ་འགན་ལེན་སོགས་ཀྱི་ཕྱོགས་སུ་ནུས་པ་ཐོན་པའི་སྐོར་གསལ་བཤད་གནང་།

ཏཱ་ལའི་བླ་མའི་གསུངས་དོན་ལ། དེང་དུས་འགྲོ་བ་མིའི་སྤྱི་ཚོགས་ལ་འཕྲད་པའི་དཀའ་རྙོག་ནི། མི་དུང་ཕྱུར་བདུན་ཅུ་ཐུན་མོང་གི་དཀའ་རྙོག་ཅིག་ཡིན་ལ། དཀའ་རྙོག་འདི་དག་ནི་མིས་བཟོས་པ་ལས། དཀོན་མཆོག་དང་། སངས་རྒྱས། ཨ་ལཱ་སོགས་ཀྱིས་བཟོས་པ་མིན། དེའི་ཕྱིར་གསོལ་འདེབས་སམ་སྨོན་ལམ་ཁོ་ན་ལ་བརྟེན་ནས་དཀའ་རྙོག་འདི་དག་སེལ་མི་ཐུབ་ལ། མིས་བཟོས་པའི་དཀའ་རྙོག་དེ་མི་རང་ཉིད་ཀྱིས་སེལ་དགོས། ད་ལྟ་འདིར་འཛོམས་པའི་ང་ཚོ་ཚང་མ་དུང་ཕྱུར་བདུན་ཅུའི་ནང་གི་ཆ་ཤས་ཡིན་པས། ང་ཚོ་ཡང་དཀའ་རྙོག་འདི་དག་བཟོ་མཁན་གྱི་གྲས་སུ་ཡོད་ལ། ང་ཚོ་ལའང་གནད་དོན་དེ་དག་ཐག་གཅོད་བྱེད་པར་མཉམ་ཞུགས་དགོས་པའི་འགན་ཁྲི་ཡོད།

དེར་བརྟེན། ང་ཚོ་མི་རེ་ངོ་རེས་བསམ་བློ་གཏོང་དགོས་པ་ཞིག་ནི། འགྲོ་བ་མིའི་རིགས་ཐུན་མོང་གི་དཀའ་རྙོག་ཐག་གཅོད་བྱེད་པའི་ཕྱོགས་སུ། རང་ཉིད་ཀྱིས་ཅི་ཞིག་བསྒྲུབ་ཐུབ་བམ། ཅི་ཞིག་བསྒྲུབ་དགོས་སམ། རང་ཉིད་མི་གཅིག་གི་ནུས་པ་ཧ་ཅང་ཆུང་ཆུང་ཡིན་པར་སྙམ་སྟེ་འབད་བརྩོན་བྱེད་རྒྱུ་བློས་མི་གཏོང་བར། ནུས་པ་ཆུང་ཆུང་ཡིན་པའི་མི་རེ་རེ་མཉམ་འདུས་བྱས་ན། འཛམ་གླིང་འགྱུར་བ་གཏོང་ཐུབ་པ་དང་། འཛམ་གླིང་སྔར་ལས་མཛེས་སྡུག་ལྡན་པར་བསྐྲུན་ཐུབ་བོ།།

མ་རྩོམ་འབྲེལ་ཐག http://www.dalailamaworld.com/topic.php?t=929

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

སྐར་མ ༣༧ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese