མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཝ་ར་ཎ་སི་མཐོ་སློབ་ཏུ་བོད་བརྒྱུད་ནང་བསྟན་ཚད་མའི་སྐོར་ལ་ཉིན་གསུམ་རིང་གི་བགྲོ་གླེང་ཆེན་མོ་ཞིག་དབུ་འཛུགས་གནང་བའི་ཐོག དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་གར་ནང་ཆོས་དང་ལྟ་གྲུབ་ཀྱི་གསར་བརྗེ་ཆེན་པོ་གཉིས་བྱུང་ཡོད་པ་པ་དང་། སྟོན་པས་ཆོས་ཀྱི་སྡོམ་བཞི་བསྟན་གནང་སྟེ་རྒྱ་གར་གྱི་ཆོས་དང་ལྟ་གྲུབ་ཀྱི་བསམ་ཚུལ་དང་སྒྲོམ་གཞི་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཚུལ་བརྗོད་འདུག

tibettimes-6

དེ་རིང་སྔ་དྲོར་ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་དུ། སློབ་གྲྭ་དེའི་རྒྱ་གཞུང་སྡེ་ཚན་གྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བགྲོ་གླེང་ཚོགས་ཆེན། ཞུ་བ་ཞིག་དབུ་འཛུགས་གནང་ཡོད་འདུག བགྲོ་གླེང་དབུ་འབྱེད་སྟེང་། སྐུ་མགྲོན་གཙོ་བོ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་བསམ་གཏན་མཆོག་དང་། རིགས་དྲུང་ཌོག་ཊར་དེ་ཝ་རཱཇ་སིང་མཆོག དེ་བཞིན། རྒྱ་གཞུང་དང་རང་གཞུང་གི་རིགས་སྡེ་འགན་འཛིན་ཌོག་ཊར་བཀྲ་ཤིས་ཚེ་རིང་མཆོག རྒྱ་གཞུང་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་མཆོག་བཅས་ཕེབས་ཡོད་ཅིང་། ཚོགས་ཞུགས་པ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གདན་ས་ཁག་གི་ཚད་མའི་གཞུང་ལུགས་ལ་མཁས་པའི་དགེ་བཤེས་དང་མཁན་པོ། མཐོ་སློབ་རང་གི་རྒྱ་གཞུང་དང་རང་གཞུང་དགེ་རྒན། དཔེ་མཛོད་སྡེ་ཚན་དང་། ལོ་ཙཱ་བའི་སྡེ་ཚན་བཅས་ཀྱི་ཚོགས་མི་དང་། བསྟན་བཅོས་དང་སློབ་དཔོན་འཛིན་གྲྭའི་སློབ་གཉེར་བ་བཅས་མི་ ༢༥༠ ལྷག་འདུས་ཡོད་པ་རེད།

རྒྱ་གཞུང་སྡེ་ཚན་གྱི་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གཱི་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་། ཁོང་གིས་ཐོག་མར་གནས་ཁྱད་པར་ཅན་ཡུལ་ཝཱ་ར་ཎ་སཱི་ནི་སངས་རྒྱས་ཀྱི་སྐུའི་སྐྱེ་རབས་མང་པོ་དང་འབྲེལ་བ་ཡོད་པ་དང་། དེ་བཞིན་སྟོན་པ་ཉིད་ཀྱི་ཆོས་འཁོར་དང་པོ་བསྐོར་ཅིང་། ཕྱིས་སུ་ནང་པའི་མཁས་གྲུབ་དགྲ་བཅོམ་པ་མང་པོ་ཡང་བྱོན་པའི་གནས་ཡིན་པ། གནས་འདིའི་མཚན་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་ཞེས་པར་ཐེག་པ་ཆེ་ཆུང་གིས་འགྲེལ་ཚུལ་མི་འདྲ་ཅི་རིགས་ཡོད་ཚུལ་སོགས་གསུངས། དེ་བཞིན། ཁོང་གིས་ད་ལན་གནས་འདིར་ཚད་མའི་བགྲོ་གླེང་འཚོགས་པ་ནི་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བརྟག་ཅིང་དཔྱད་པའི་སྲོལ་བཟང་རྒྱུན་གནས་ཕྱིར་ན་དམིགས་བསལ་གྱི་ཁྱད་དུ་འཕགས་པ་ཞིག་ཡིན་པ། དེ་བཞིན་ཁོང་གིས་འབོད་སྐུལ་དང་འབྲེལ་ཕྱི་ནང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་པ་རྣམ་གྱིས་བགྲོ་གླེང་གཏམ་བཤད་དང་དྲི་བ་དྲིས་ལན་གང་གནང་ཐམས་ཅད་སྒྲུབ་པ་ཉམས་ལེན་ལ་དམིགས་ཤིང་སྦྱོར་ཐུབ་པ་ཞིག་དགོས་གལ་ཆེ་ཚུལ་སོགས་བརྗོད་འདུག

དེ་རྗེས་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་ཡར་འཕེལ་མཆོག་གསུངས་དོན། ཚད་མ་རིག་པ་འདི་ནི་སྔོན་གྱི་འཕགས་ཡུལ་གྱི་ལྟ་གྲུབ་ཀྱི་ནང་ནས་ཆ་ཤས་གལ་ཆེན་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་ཆ་ནས་དམིགས་བསལ་རྣམ་གཞག་འདི་ཉིད་ཕྱི་ནང་གཉིས་བར་འབྲེལ་ཐག་ཉེ་ཤོས་དང་གནད་དོན་མང་པོ་ཞིག་ལ་གཉིས་ཀས་ཐུན་མོང་དུ་ཐ་སྙད་གཅིག་གྱུར་གྱིས་ཚད་མཐོའི་བགྲོ་གླེང་བྱ་སའི་རིག་གནས་གལ་ཆེན་ཞིག་ཡིན་པ། དཔེར་ན། གཏན་ཚིགས་དང་བསྒྲུབ་བྱ། དེ་ལ་ཡང་དག་དང་ལྟར་སྣང་། བློ་དང་ཡུལ། ཚད་མ་དང་ཚད་མིན། བདེན་པ་དང་རྫུན་པ་སོགས་དང་། གཞལ་བྱ་ལ་བསླུ་མི་བསླུ་སོགས་ཀྱི་ཐ་སྙད་མང་པོ་གཅིག་མཚུངས་སུ་ཡོད་པ། དེ་འདྲ་ལྟ་གྲུབ་གཞན་རྣམས་སུ་ཐུན་མོང་གི་སྤྱི་སྐད་ཅིག་མེད་ཅེས་དང་། དེ་བཞིན། རྒྱ་གར་དུ་ཕྱི་ནང་གི་ཚད་མ་རིག་པ་ཇི་ལྟར་དར་འཕེལ་བྱུང་ཚུལ་ལས། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་གནད་མང་པོ་ཞིག་གསར་གཏོད་མཛད་ཡོད་པ་དང་། དེ་རྗེས་སློབ་དཔོན་ཆོས་གྲགས་ཀྱིས་ཚད་མའི་གནད་ཞིབ་རྒྱས་གསལ་པའི་གཞུང་ལུགས་ཚད་མ་རྣམ་འགྲེལ་སོགས་མཛད་པ། ཚད་མ་རྣམ་འགྲེལ་གྱི་ལེའུ་རེ་རེའི་གནད་དོན་དང་དྭོགས་གནད་ཅི་ཡོད། སྔར་རྟོག་གེ་བ་རྣམས་ཀྱི་འདོད་ཚུལ་སྤྱི་དང་། ཁྱད་པར་གཞན་སེལ་གྱི་རྣམ་གཞག་ལས་འཕྲོས་ཏེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་ཕྱི་རོལ་པའི་ཚད་རིག་སྨྲ་བ་རྣམས་ལ་དགག་པ་མཛད་ཅིང་། དེ་ལ་ཕྱི་རོལ་དཔྱོད་པ་པའི་སློབ་དཔོན་གཞོན་ནུ་མ་ལེན་སོགས་ཀྱིས་སྐྱོན་འཕངས་མཛད་ཚུལ། དེར་སློབ་དཔོན་ཆོས་ཀྱི་གྲགས་པས་དྲི་མ་མེད་པའི་རིགས་པའི་ལམ་ནས་དགག་ལན་རྒྱས་པར་མཛད་པ། སློབ་དཔོན་ཆོས་གྲགས་ལ་སླར་ཡང་རིགས་པ་ཅན་པ་དང་། བྱེ་བྲག་པ་སོགས་ཀྱི་སློབ་དཔོན་དག་གིས་དགག་པ་བྱུང་བ་སོགས་ཀྱི་ལོ་རྒྱུས་དང་། སློབ་དཔོན་ཆོས་གྲགས་ཀྱི་གཞུང་ལ་རྒྱ་གར་གྱི་ཕྱིས་བྱུང་སློབ་དཔོན་ལྷ་དབང་བློ་སོགས་ཀྱིས་འགྲེལ་པ་ཁག་མཛད་ཚུལ་བཅས་དང་། དེ་བཞིན། བོད་དུ་ཚད་མའི་བསྟན་པ་དར་འཕེལ་རིམ་བྱུང་བརྒྱུད་ཚད་མའི་ལུགས་གཉིས་སུ་རྒྱུན་འཛིན་ཟམ་མ་ཆད་པར་གནས་དང་གནས་མུས་ཡིན་པ་སོགས་བརྗོད་འདུག

tibettimes-5

དེ་རྗེས་རིགས་སྡེ་འགན་འཛིན་ཌོག་ཊར་བཀྲ་ཤིས་ཚེ་རིང་མཆོག་གིས་གསུང་བཤད་གནང་ཞིང་། ཁོང་གིས་ཚད་མའི་བསྟན་པ་དར་འཕེལ་དང་གཞུང་ལུགས་རྣམས་སུ་སྔ་ཕྱི་མཁས་པའི་བཞེད་ཚུལ་ཅི་བྱུང་ཞིབ་ཚགས་བརྗོད་འདུག

དེ་རྗེས་སྐུ་མགྲོན་གཙོ་བོ་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཕེབས་ནས་རྒྱ་གར་ནང་ཆོས་དང་ལྟ་གྲུབ་ཀྱི་གསར་བརྗེ་ཆེན་པོ་གཉིས་བྱུང་ཡོད་པ། དེ་ཡང་སྟོན་པས་ཆོས་ཀྱི་སྡོམ་བཞི་བསྟན་གནང་སྟེ་རྒྱ་གར་གྱི་ཆོས་དང་ལྟ་གྲུབ་ཀྱི་བསམ་ཚུལ་དང་སྒྲོམ་གཞི་ཁག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་ཚུལ། དེ་བཞིན་ནང་པའི་ཚད་མ་རིག་པས་ཕྱི་རོལ་པའི་ཚད་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ། ནང་པའི་ཚད་མའི་མཁས་གྲུབ་རྣམས་ཀྱི་གཞུང་ལུགས་དག་ནི་སེམས་ཅན་གྱི་རང་རྒྱུད་མ་དག་པ་སྟེ། མ་རྟོགས། ལོག་རྟོག ཐེ་ཚོམ་སེལ་ཕྱིར་ཡིན་སྟབས། རང་གི་རྒྱུད་ཐོག་ཏུ་སྦྱར་རྒྱུ་གལ་ཆེ་ཚུལ། དེ་བཞིན་ནང་པའི་གཏན་ཚིགས་རིག་པ་དང་ཚད་མ་རིག་པའི་བསྟན་པ་ཕུལ་དུ་བྱུང་བ་དར་འཕེལ་གཏོང་ཕྱིར་སྒོ་དང་སྒེའུ་ཁུངས་གསར་པ་མང་པོ་ཕྱེ་དགོས་གལ་ཆེན་པ། ལྷག་ཏུ་ནང་པས་གཞན་སེལ་གྱི་རྣམ་གཞག་བསྟན་པས་གཏན་ཚིགས་དང་ཚུལ་གསུལ་འཇོག་ཚུལ་སོགས་ཕྱི་ནང་གི་ཚད་མ་རིག་པའི་གནད་མང་པོ་གཞན་སེལ་དང་འབྲེལ་བ་ཡོད་པ། དེང་སྐབས་ཀྱང་གཞན་སེལ་གྱི་སྐོར་དེ་ཤར་ནུབ་ཀྱི་མཁས་པ་ཚོས་གཏམ་གྱི་གླེང་གཞིར་གྱུར་ཡོད་ཚུལ་ཞིབ་རྒྱས་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༧ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese