མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཨ་རིའི་སློབ་དེབ་སྐོར་གྱི་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་གོ་སྒྲིག་འོག་ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༢ ཉིན་བར། བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ལྔ་པ་ཚོགས་པའི་མཇུག་ཏུ། སློབ་དེབ་དེ་དག་རྩོམ་སྒྲིག་གནང་མཁན་རྣམ་པ་དང་དེབ་དཔར་སྐྲུན་བྱེད་མཁན་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པ་བཅས་ལ་སྔགས་བརྗོད་ཞུས་ཡོད་པ་དང་། འཛིན་རིམ་གཉིས་པའི་སློབ་དེབ་ནང་བརྡ་སྤྲོད་དང་མི་མཐུན་པ་མང་པོ་ཞིག་ཡོད་པ་དེ་དག་ལ་བསྒྱུར་བཅོས་གཏོང་རྒྱུ་དང་། སློབ་དེབ་གཞན་རྣམས་ས་གནས་ཁག་ལ་འགྲེམ་སྤེལ་ལག་བསྟར་བྱས་ཏེ་ཚོད་ལྟ་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་བཞག་ཡོད་འདུག གྲོས་ཆོད་དོན་ཚན་ ༡༡ བཞག་ཡོད་པ་ཁག་འོག་ཏུ་བཀོད་ཡོད།

655df183-e46b-45c6-b231-e3027648a1c9༡) ཚོགས་འདུ་འདིའི་ཐོག་ནས་སྔོན་འགྲོ་དང་འཛིན་རིམ་དང་པོ། གཉིས་པ་བཅས་ཀྱི་སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ལགས་དང་། ལས་རོགས་སྐལ་བཟང་དབྱངས་སྒྲོན་ལགས། བློ་བཟང་ཚེ་རིང་ལགས། སངས་རྒྱས་སྒྲོལ་མ་ལགས་རྣམས་དང་། འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་རྩོམ་སྒྲིག་པ་བྱམས་པ་མཁས་གྲུབ་ལགས་དང་། སྐལ་བཟང་ཚེ་རིང་ལགས། ཀརྨ་དངོས་གྲུབ་ལགས། སྐལ་བཟང་ཅུང་ལགས། བསྟན་འཛིན་རྡོ་རྗེ་ལགས། ཚེ་བརྟན་ཆོས་འབྱོར་ལགས་བཅས་ནས་སོ་སོའི་ལས་བྲེལ་ལ་མ་ལྟོས་པར་བོད་མི་རིགས་ཀྱི་ཆེད་དུ་དུས་ཚོད་ཆེད་བཏང་གིས་སློབ་དེབ་བརྩམས་གནང་བར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་བསྐྱར་ཞིབ་དང་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང་། ཨ་རི་དོན་ཁང་དང་འབྲེལ་ཡོད་དེའི་སྐབས་ཀྱི་ལས་བྱེད་ཚེ་དབང་ཕུན་ཚོགས་ལགས་དང་། ད་ལྟའི་ལས་བྱེད་བསྟན་འཛིན་དབྱིག་གཉེན་ལགས་ལ་ལེགས་གསོའི་བཀའ་དྲིན་ཆེ་ཞུ།

༢) ཚོགས་འདུའི་ཐོག་དམིགས་བསལ་འཛིན་རིམ་གཉིས་པའི་སློབ་དེབ་ནང་དག་ཡིག་དང་རྟགས་འཇུག བརྡ་སྤྲོད་དང་མ་མཐུན་པའི་གནད་དོན་ཁག་ཚོགས་མི་རྣམ་པས་དགོངས་ཚུལ་སྦྱང་བཤད་ཞུས་པར་གསལ་བཤད་ཀྱིས་དག་པ་རྣམས་ཕུད། གཞན་དགོངས་ཚུལ་བྱུང་བ་རྣམས་སློབ་དེབ་རྩོམ་སྒྲིག་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ནས་བློ་ངེས་བྱུང་ཐོག སྐབས་འཕྲལ་བརྡ་སྤྲོད་དང་མ་མཐུན་པ་ཁག་བསྒྱུར་བཅོས་ཀྱིས་ཤེས་རིག་ལས་ཁུངས་ནས་དོན་ཁང་བརྒྱུད་ས་གནས་སོ་སོར་གཏོང་རྒྱུ།

༣) ས་གནས་ཁག་ཅིག་གིས་སློབ་དེབ་བསྐྱར་ཞིབ་དང་འགྲེམས་སྤེལ་ཟིན་པའི་སློབ་དེབ་ས་གནས་སུ་མ་བཏང་གོང་རགས་ཟིན་ཚོད་ལྟ་གནང་ཟིན་པ་ཁག་ཕུད། ས་གནས་གཞན་སོ་སོར་སྔོན་འགྲོ་དང་འཛིན་རིམ་དང་པོའི་སློབ་དེབ་རྣམས་ལག་བསྟར་ཞུ་རྒྱུ། འཛིན་རིམ་གཉིས་པའི་སློབ་དེབ་ནང་བརྡ་སྤྲོད་དང་མ་མཐུན་པའི་རིགས་ཕུད་གཞན་རྣམས་ཚོད་ལྟ་གནང་སྟེ་ས་གནས་སོ་སོའི་དགེ་རྒན་ཐུན་མོང་གི་བསམ་ཚུལ་ཇི་ཡོད་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ ནང་ཚུད་ཨ་རི་དོན་ཁང་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་ཐུབ་པ་དགོས་རྒྱུ་དང་། ཤེས་རིག་ལས་ཁུངས་ནས་ཟླ་བཞི་ནང་ཚུད་བསྐྱར་ཞིབ་གནང་འོས་གནང་སྟེ་མཐའ་མའི་གཏན་འབེབས་གནང་རྒྱུ།

༤) འཛིན་རིམ་གསུམ་པ་དང། བཞི་པ། ལྔ་པ་བཅས་ཀྱི་སློབ་དེབ་རྣམས་འཛིན་རིམ་དེ་དག་ཡོད་པའི་སློབ་གྲྭ་ཁག་ནང་ཚོད་ལྟ་གནང་རྒྱུ། དེ་དག་ནང་སྐྱོན་ཡོད་རིགས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་དྲུག་པའི་ཟླ་མཇུག་སྔོན་ཨ་རི་དོན་ཁང་བརྒྱུད་ཤེས་རིག་ལས་ཁུངས་སུ་འབུལ་རྒྱུ།

༥) ཡིག་རྒྱུགས་གཏོང་ཕྱོགས་ཐད་གཅིག་མཚུངས་ཡོང་ཐབས་སུ་ཤེས་རིག་ལས་ཁུངས་ནས་ལམ་སྟོན་ལྟར་ས་གནས་སོ་སོས་གང་འགབ་ལག་བསྟར་གནང་རྒྱུ།

༦) ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ནང་ཟུར་ལྟའི་ཡིག་ཆ་ཁག་མང་དག་ཡོད་པ་ས་གནས་སོ་སོས་གང་ཐུབ་བེད་སྤྱོད་གནང་རྒྱུ།

༧) མཐུན་རྐྱེན་སྦྱོར་ཐུབ་མཚམས་འགུལ་རིས་ཐོག་ནས་ན་གཞོན་ཚོར་བོད་སྐད་ལ་དོ་སྣང་ཆེ་རུ་སླེབས་ཐུབ་ཐབས་བྱ་རྒྱུ།

༨) སྔོན་འགྲོ་ནས་འཛིན་རིམ་གསུམ་པའི་བར་གྱི་སློབ་དེབ་རྣམས་དབུ་ཅན་དང་དབུ་མེད་གཉིས་ཀའི་ནང་ཡོད་པ་ཤེས་རིག་ལས་ཁུངས་ནས་བཟོ་འགོད་གནང་རྒྱུ།

༩) སློབ་མ་ཚོས་བོད་ཀྱི་སྐད་ཡིག་སློབ་སྤེལ་ཐད་ཕ་མ་རྣམས་ནས་དོ་འཁུར་ཆེ་ཙམ་གནང་དགོས་པ་དང་། དེ་བཞིན་ཕ་མ་རྣམས་ལ་གོ་བཀོན་སློབ་གསོ་གནང་རྒྱུ།

༡༠) དགེ་རྒན་རྣམས་ལ་སློབ་འཁྲིད་ཐབས་ལམ་དང་འབྲེལ་བའི་སྐོར་ལ་ཟབ་སྦྱོང་དང་ཉམས་མྱོང་བརྗེ་རེས་གོ་སྒྲིག་ཞུ་ཐབས་གནང་རྒྱུ།

༡༡) ཕྱི་ལོ་ ༢༠༡༧ ལོའི་ཚོགས་འདུ་དྲུག་པ་ས་གནས་པོཊ་ལེན་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གོ་སྒྲིག་ཞུ་རྒྱུའི་སྤྱི་མོས་ཐུགས་གཏན་འཁེལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. རོང་བཙན། says:
    ལོ་ 10 སྔོན།

    ཨ་རི་ལ་ཚོགས་འདུ་ཚོགས་ནས་ལས་ཀ་ཚང་མ་ཤེས་རིག་ལ་བསྐུལ་འདུག

    Reply
  2. འཆི་མེད། says:
    ལོ་ 10 སྔོན།

    གྲོས་ཚོགས་ནང་སྤྱི་འཐུས་མང་པོ་ཞིག་གིས་བྱང་ཨ་རིའི་སློབ་དེབ་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། ད་རེས་ཚོགས་འདི་དེའི་སྟེང་ནས་སློབ་དེབ་རྩོམ་སྒྲིག་པ་དང་ཤེས་རིག་ལས་ཁུངས་ལ་སྔགས་བརྗོད་བྱས་པ་དེ་གྲོས་ཚོགས་ལ་ཀྱག་ཀྱག་བྱས་པ་མ་རེད་དམ།

    Reply
  3. དཔའ་ཆེན་དོན་གྲུབ་ says:
    ལོ་ 10 སྔོན།

    ཨ་རིའི་བསླབ་དེབ་རྩོམ་སྒྲིག་པ་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་ལ་སྦྱང་མྱོང་ཡོད་དམ་སྙམ་ནས་དོགས་པ་ཞིག་བྱུང་། ང་ཚོད་བོད་རིགས་ཀྱི་མཁས་པ་རྒན་པ་དང་སྔ་རབས་པའི་ཞལ་རྒྱུན་ལ་་་ཁྲིད་རྒྱུན་་་ཁྲིད་རྒྱུན་་་ཟེར་བ་ཞིག་ཡོད་པ་དངོས་གནས་གལ་ཆེན་པོ་ཡིན་པ་འདྲ། གལ་སྲིད་བྱིས་པར་སློབ་བདེ་བ་དང་ཁོ་ཚོར་གོམས་བདེ་བ་ཞིག་བཟོ་དགོས་ན་བོད་ཡིག་གིས་དབྱིན་ཇིའི་སྒྲ་གདངས་བྲིས་ཏེ་དོན་ལ་དབྱིན་སྐད་ཡིན་པའི་བསླབ་དེབ་གཅིག་བཟོས་བཞག་ན་རྩོམ་སྒྲིག་པ་ཚོར་དཀའ་ངལ་གང་ཡང་ཡོད་མི་སྲིད་ལ། བལྟས་མ་ཐག་བོད་ཡིག་རེད་ཨ་བསམ་བསམ་ཞིག་ཅིས་ཀྱང་ཡོང་ངེས།

    ལྷག་པར་དུ་རྐུན་མར་དཔའ་དར་འདོགས་པའི་སྲོལ་འདི་ལམ་ལུགས་ཤིག་ཡིན་པ་འདྲ། ནོར་འཁྲུལ་ཅན་གྱི་བསླབ་དེབ་གཅིག་བསྒྲིགས་པར་ཡང་ལེགས་གསོལ་ཞུ་བ་ནི་དཔེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese