མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་སྐོར་སྤྲོ་འཆམ་གྱི་རྒྱ་རྙི་ལ་ཚུད་པའི་བོད།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཝ་ཞིན་ཊོན་ཆ་འཕྲིན་ནས་བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

tibettimes-5

ས་གནས་འདིར་ཡོད་པའི་བོད་ཀྱི་གྲོང་ཚོ་ངོ་མ་དེ་ལོ་ལྔའི་གོང་ལ་གཏོར་བཤིག་བཏང་རྗེས། ཀླུ་ནང་དམངས་གྲོང་(Lulang Folk Village) ཞེས་པ་སྦྲག་ཡིག་ངོས་ལ་ཡོད་པའི་པར་རིས་ཤིག་གམ་ཡང་ན་ཨ་རིའི་ཌི་སི་ནི་ལེེནྚ་ནང་གི་འགུལ་རིས་གློག་བརྙན་དག་གི་ནང་མཐོང་རྒྱུ་ཡོད་པའི་གནའ་བོའི་གྲོང་ཚོ་ཞིག་ཤིང་གསེབ་སྟུག་སར་གསར་རྒྱག་བྱས་འདུག

རྒྱ་རིགས་ས་ཁང་ལས་དོན་གཉེར་མཁན་ཚོས་བརྒྱབ་ཅིང་བོད་ལུགས་ཀྱི་བཟོ་བཀོད་དང་རྫིག་ཉམས་ལྡན་པའི་ཐོག་རྩེག་ཁང་ཆེན་དག་ནི་ད་དུང་ཡང་ཁང་མིག་སྟོང་པར་ལུས་འདུག ཁུལ་འདིར་གཞི་རིམ་གྱི་སློབ་གྲྭ་ཞིག་དང་དེང་སྐབས་དར་གསོ་དང་རྒྱས་སྤྲོས་ཆེ་བའི་གསོལ་མགྲོན་ཁང་ནུབ་རེར་ཨ་སྒོར་ ༡༥༠ ནས་ ༡༠༠༠ བྱས་པ་དག་ཀྱང་མཐོང་རྒྱུ་འདུག དུས་ཚོད་མང་པོ་མི་འགོར་བར་རྒྱ་རིགས་ཟ་ཁང་གཉེར་མཁན་དང་ཡུལ་སྐོར་སྤྲོ་འཆམ་པ་ཁུལ་འདིར་ཡོང་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ནས་འདུག

སྤྱི་ཚོགས་དང་བླངས་བ་ཧཱི་ཡི་ལེན་ཟེར་བ་ཞིག་གིས་བཤད་རྒྱུར། “ཀླུང་ནང་ནི་འཛམ་གླིང་གི་ཡང་རྩེར་ཆགས་པའི་མི་ཡུལ་གྱི་ཞིང་ཁམས་ཤིག་རེད།” ཟེར། འདི་ནི་རྒྱ་རིགས་ཡུལ་སྐོར་བ་ཚོའི་ཆེད་དུ་གཤམས་སྟོན་བྱས་པའི་བོད་བཅོས་མ་ཞིག་སྟེ། ཡུལ་སྐོར་ཞབས་འདེགས་སོགས་ཡོད་ཚད་རྒྱ་ཟས་དང་རྒྱ་སྐད་ཁོ་ནའི་ཐོག་སྐྱོད་བཞིན་འདུག ཕྱི་རྒྱལ་ཡུལ་སྐོར་བ་ཚོར་བོད་ནང་བསྐྱོད་པར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་ཀྱང་རྒྱལ་ནང་གི་ཡུལ་སྐོར་བ་འབོར་ཆེན་བོད་ནང་གཏོང་བཞིན་འདུག

རྒྱ་གཞུང་ནས་ཡུལ་སྐོར་ལས་རིགས་ཐོག་མ་དངུལ་ཕོན་ཆེན་གཏོང་གི་ཡོད་ཅིང་། སྡེ་ཚན་འདི་ནས་དཔལ་འབྱོར་ཡར་རྒྱས་ལ་ཞོགས་འདེགས་ཚད་མཐོ་ཡོང་བའི་རེ་བ་ཆེན་པོ་རྒྱག་བཞིན་ཡོད་པ་དང་། ཟླ་འདིའི་ནང་རྒྱལ་ས་ལྷ་སར་ཚོགས་པའི་བོད་ཀྱི་ཡུལ་སྐོར་དང་རིག་གནས་གཤམས་སྟོན་ཆེན་པོའི་དབུ་འཛུགས་མཛད་སྒོའི་གཏམ་བཤད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཞོན་སྤེན་པ་བཀྲ་ཤིས་ཀྱིས་བཤད་དོན་ལ། “ཡུལ་སྐོར་ལས་རིགས་ནི་བོད་ཡར་རྒྱས་ཆེད་ནུས་པ་ཆེ་ཤོས་ཐོན་པའི་སྡེ་ཚན་ཞིག་རེད།” ཅེས་དང་། ཁོང་གིས་ཡུལ་སྐོར་ལས་རིགས་ཀྱི་དམིགས་ཚད་ནི་རྨང་གཞིའི་འཛུགས་སྐྲུན་དང་ཞབས་ཞུའི་ལས་རིགས་ཡར་རྒྱས་ཐོག་ནས་བོད་དེ་རྒྱལ་སྤྱི་རང་བཞིན་ལྡན་པའི་ཡུལ་སྐོར་ས་གནས་ཤིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་བཤད་སོང་།

ཡིན་ཡང་སྐྱོན་བརྗོད་པ་ཚོ་ལྟར་ན། རྒྱལ་ནང་གི་ཡུལ་སྐོར་ལས་རིགས་དེ་ནི་ཐབས་ཇུས་ཆེན་པོ་ཞིག་གི་གཡོ་བཀོལ་འོག་བོད་དེ་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུའི་སྲིད་ཇུས་ཤིག་སྟེ། དེས་བོད་ཀྱི་རིག་གཞུང་ཉམས་དམས་སུ་གཏོང་བཞིན་པ་དང་། བོད་མི་ཚོ་ཟུར་བཏོན་བྱེད་པ་དང་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བརླག་གཏོང་བཞིན་པ་བཅས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱི་ཡོད་པ་རེད།

མི་རྒྱུད་དཔྱད་རིག་པ་དང་རྩོམ་པ་པོ་རྒྱལ་རབས་པ་ཕྷི་ཁིར་སི་ཏྲིན་ཀི་ལི་གྷིར་(P. Christiaan Klieger)གྱིས། “བོད་ནང་འབྱུང་བཞིན་པ་འདི་ནི་ཨ་རིས་ལོ་ངོ་བརྒྱ་ཡི་གོང་ལ་ཡར་རྒྱས་འགྲོ་བཞིན་པའི་ནུབ་ཁུལ་གྱི་མི་རྣམས་ལ་འཛིན་པའི་སྲིད་ཇུས་དང་ཧ་ཅང་འདྲ་སྟེ། ཁོང་ཚོས་གྲངས་ཉུང་མི་རིགས་དག་ལ་དངོས་ཟོག་ལྟ་བུའི་ལྟ་སྟངས་བཟུང་སྟེ་རྒྱ་རིགས་ཡུལ་སྐོར་བ་དག་ལ་མི་རིགས་འགྲེམས་སྟོན་བྱེད་པ་ཞིག་དང་གཉིས་སུ་མེད། “ཅེས་བརྗོད་འདུག ཨིན་ཌི་ཡ་ན་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་ཨི་ལིཊི་སི་པྷར་ལིང་(Elliot Sperling)གིས། “རྒྱ་ནག་གི་མཐོ་རིམ་དཔོན་པོ་ཚོས་གུ་དོག་ཅིང་ཕྱི་དངོས་པོ་ཁོ་ནའི་ཡར་རྒྱས་ལ་བརྟེན་ནས་བོད་ཀྱི་དཀའ་རྙོག་དེ་སེལ་འདོད་ཡོད་པ་རེད།” ཅེས་དང་། ཁོང་གིས་མུ་མཐུད་དུ། “ཡུལ་སྐོར་གྱི་ལས་དོན་དེར་སྟངས་འཛིན་ཡག་པོ་མ་བྱས་པ་ཡིན་ན་བོད་དེ་བླ་མའི་ཌི་སི་ནི་ལེེནྚ་ཞིག་སྟེ་ཧན་རྒྱ་རིགས་ཚོས་ས་གནས་བོད་མི་དག་ནག་སུབ་གཏང་བའི་ཉེན་ཁ་ཆེན་པོ་ཡོད།”ཅེས་སྔོན་བརྡ་བཏང་ཡོད་འདུག

རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་ངོ་གཉིས་རྗེས་སུ་རྒྱ་དམག་གིས་བོད་བཙན་འཛུལ་བྱས་པ་རེད། ད་དུང་ཡང་བོད་མི་ཕལ་ཆེ་བས་རྒྱ་ནག་གིས་བཙན་འཛུལ་བྱས་པར་མི་དགའ་བའི་རྣམ་འགྱུར་སྟོན་ཞིང་། ཆོས་དང་སྐད་ཡིག རིག་གཞུང་སོགས་ལ་དམ་དྲག་བྱས་པར་ངོ་རྒོལ་ཡང་སེ་བྱེད་པ་དང་། བོད་མི་ཚོས་རང་གི་ས་ཐོག་ནས་སྤྱི་ཚོགས་དང་དཔལ་འབྱོར་གྱི་དབྱེ་འབྱེད་མངོན་གསལ་འདོད་པོ་མྱོང་གི་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་༧ཏཱ་ལའི་བླ་མ་དང་བོད་མི་མི་ཉུང་བ་ཞིག་ཕྱི་ལོགས་སུ་བྲོས་བྱོལ་དུ་ཡོང་ནས་ད་དུང་ཕྱིར་ལོག་ཐུབ་མེད། དེང་སྐབས་ལྷ་སའི་ས་ཁུལ་མང་ཆེ་བ་ཞིག་ལ་གནའ་བོའི་ཁང་པ་མང་པོ་གཏོར་བཤིག་བྱས་རྗེས་ཚོང་ར་ཆེན་པོ་དང་རྒྱ་ཧན་མི་རིགས་གནས་སྤོ་བའི་ཆེད་སྤྱི་གཞིས་ཁང་བརྩེགས་མང་པོ་རྒྱག་བཞིན་ཡོད་པས། ལྷ་ས་དེ་རྒྱ་ནག་ནང་གི་གྲོང་ཁྱེར་གཞན་དག་དང་ཁྱད་མེད་པ་ཆགས་ཡོད། ཕྱི་ལོ་ ༢༠༠༦ ལོར་ཟི་ལིང་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་གསར་འཛུགས་བྱས་ཡོད་སྟབས། དེང་སྐབས་བོད་མཐོ་སྒང་ལ་ཉིན་ལྟར་བོད་མི་ཚོས་རྒྱ་རིགས་གསར་འབྱོར་བ་གྲངས་མེད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་པ་རེད།

རྒྱ་ནག་གི་བོད་ནང་ཡུལ་སྐོར་སྤྲོ་འཆམ་གྱི་སྡོམ་རྩིས་དག་ནི་ཁ་གསལ་མེད་ཁར་མགོ་རྙོག་ཚ་ཡང་སྡོམ་རྩིས་གཅིག་ནང་ད་ལོ་བོད་ནང་ཡུལ་སྐོར་བ་ས་ཡ་ ༨ ཡོང་བའི་ཚོད་དཔག་བྱས་འདུག བོད་ནང་མེ་འཁོར་ཐོག་མ་བསླེབས་པའི་ལོ་དེ་ནས་རོབ་བརྩིས་བྱས་ན་ཡུལ་སྐོར་བ་ལྡབ་ ༡༢ ཙམ་གྱི་ཇེ་མང་དུ་ཕྱིན་ཡོད་འདུག གཞུང་འབྲེལ་གནས་ཚུལ་ལ་གཞིག་ན་ད་དུང་ཉེ་བའི་ལོ་ཤས་ནང་ཡུལ་སྐོར་བ་འབོར་ཆེན་བོད་ནང་གཏང་འཆར་འདུག་སྟེ། ཕྱི་ལོ་ ༢༠༢༠ བར་བརྒྱ་ཆ་ ༥༠ ཇེ་མང་དུ་འགྲོ་རྒྱུའི་སྔོན་བརྩིས་བྱེད་ཀྱི་ཡོད་འདུག ཡུལ་སྐོར་བ་འབོར་ཆེན་བོད་ནང་བསླེབས་པའི་སྐོར་འབྲེལ་ཡོད་མཁས་པ་ཚོས་དཔྱད་ཞིབ་བྱས་པར་གཞིགས་ན། དེའི་ཤུགས་རྐྱེན་ངན་པ་ཐད་ཀར་གཏན་སྡོད་མི་འབོར་ས་ཡ་ ༣ ཙམ་དེའི་སྒང་ཕོག་ངེས་ཡིན་པ་ཙམ་མ་ཟད། ཡུལ་སྐོར་ལས་རིགས་དང་རྨང་གཞིའི་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་ལས་བཟོ་བ་མང་པོ་ཞིག་ཀྱང་མཉམ་དུ་ཡོང་རྒྱུ་ཉག་ཅིག་རེད།

རྒྱ་གཞུང་གིས་མེ་འཁོར་ལྕགས་ལམ་གཞན་པ་ཞིག་གི་འཛུགས་སྐྲུན་ལས་གཞི་མགོ་བཙུགས་ཟིན་པ་དང་། དེ་ནི་རྒྱ་ནག་ནུབ་ཁུལ་གྱི་གྲོང་ཁྱེར་ཆེན་པོ་ཁྲིན་ཏུའུ་ནས་ལྷ་སའི་བར་འབྲེལ་ཞིང་ཁྱོན་མེ་ལི་ ༡༠༠༠ ལྷག་ལ་སྐྱོད་ཅིང་། འཛམ་གླིང་གི་ས་ཆེས་མཐོ་བའི་ལས་གཞི་ཆེན་པོ་ཞིག་ཆགས་ཡོད་པ་རེད།

བོད་དུ་རྒྱལ་སྤྱིའི་ཁེ་ལས་ཁག་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷ་སར་ཤཱི་ར་ཊོན་(Sheraton) སེན་རི་གྷིས་(St. Regis) ཤམ་བྷ་ལ་སོགས་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། གཞུང་འབྲེལ་གྱི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༢༠༢༠ བར་གསོལ་མགྲོན་ཁང་ ༡༠ ད་དུང་མང་དུ་གཏང་འཆར་ཡོད་འདུག འོན་ཀྱང་། ད་དུང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་བ་ཚོར་དགའ་བསུ་བྱེད་ཀྱི་མེད་ཅིང་། ཕྱི་རྒྱལ་ཡུལ་སྐོར་བས་ལོ་རེའི་ཁྱོན་བསྡོམས་ཆ་སྙོམས་བརྒྱ་ཆ་ ༡ ལས་ལོངས་ཀྱི་མེད་པ་རེད་འདུག ཕྱི་རྒྱལ་ཡུལ་སྐོར་བ་ཚོར་ཐོག་མ་དམིགས་བསལ་ཆོག་མཆན་ཐོབ་དགོས་པ་དང་། དེ་ནས་གཞུང་འབྲེལ་གྱིས་སྟངས་འཛིན་བྱེད་པའི་ཡུལ་སྐོར་ལས་རིགས་མ་གཏོགས་མེད་པ་རེད། སྤེན་པ་བཀྲ་ཤིས་ཀྱིས། “དབུས་གཞུང་གི་ལམ་སྟོན་བཞིན་བོད་དེ་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་དང་། གང་མྱུར་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ལེགས་བཅོས་མཇུག་སྒྲིལ་མ་ཐག་ཕྱི་རྒྱལ་ཡུལ་སྐོར་བའི་ཐོག་དམ་དྲག་མེད་པ་བཟོ་བརྩི་ཡོད།” ཅེས་བརྗོད་འདུག

ཕྱི་རྒྱལ་ཡུལ་སྐོར་བ་ཚོས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་སེམས་འཁུར་བྱེད་ཅིང་། ལོ་རབས་བརྒྱད་ཅུའི་རྗེས་ཀྱི་ཞི་བའི་ངོ་རྒོལ་ཅི་བྱུང་ཕྱིར་འཛམ་གླིང་ལ་དྲིལ་བསྒྲགས་གང་ཐུབ་བྱས་རྐྱེན་རྒྱ་གཞུང་གིས་རྟག་ཏུ་ཕྱི་རྒྱལ་ཡུལ་སྐོར་བར་སྡང་ཟུག་ཆེན་པོ་བྱེད་པའི་སྐོར་ཁོང་གིས་གང་ཡང་བཤད་མ་སོང་། མཚམས་ལ་རེར་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་པའི་ལྟ་སྐོར་བ་དག་ཕུད་ན། ཕྱི་རྒྱལ་གསར་འགོད་པ་བོད་ནང་གནས་ཚུལ་རྒྱུས་ལོན་ཆེད་གཏན་ནས་གཏོང་གི་མེད་པ་རེད། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་འབྲེལ་མཐུད་པས་ཕྱི་རྒྱལ་བ་ཚོར་དམ་དྲག་དེ་འདྲ་བྱེད་དོན་སྐོར་བརྗོད་སྐབས། “རྒྱ་ནག་གཞུང་གིས་དོན་དངོས་སྦས་སྐུང་བྱེད་བཞིན་པ་ཁ་གསལ་རེད།” ཅེས་བཤད་སོང་།

tibettimes-3

ཕྱི་རྒྱལ་ཡུལ་སྐོར་བ་དག་དང་མི་འདྲ་བར་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་དག་ནི་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་དག་ལ་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད་སྟབས། རྒྱལ་ནང་ཡུལ་སྐོར་ལས་རིགས་དེ་ནི་ཉེན་ཁ་མེད་པ་ཞིག་ཏུ་མཐོང་བཞིན་ཡོད་པ་རེད། རྒྱ་རིགས་ཡུལ་སྐོར་བ་དག་བོད་ནང་ཡོང་དོན་འདྲ་མིན་ཡོད་ཀྱང་གཙོ་བོ་གསུམ་ནི་འདི་ལྟ་སྟེ། ཡུལ་སྐོར་བ་མང་པོ་ཞིག་རང་རྒྱལ་ལ་ཞེན་ཁོག་བྱས་ཏེ་ཡོང་བ་དང་། གཞན་པ་དག་ནི་བོད་ཀྱི་ནང་ཆོས་ལ་གསར་དུ་རྙེད་པའི་དད་པ་ཞིག་གམ་ཡང་ན་གནའ་བོའི་སྒྲུང་གཏམ་ནང་གི་ཤམ་བྷ་ལ་དངོས་སུ་མཐོང་འདོད་བྱས་ནས་ཡོང་གི་ཡོད་པ་རེད།

ཅཱིང་སུ་ཞིང་ཆེན་ནས་ཡིན་པའི་རྒྱ་རིགས་གཞོན་ནུ་མ་ཚུ་ཆུན་ཧོ་ཡིས་ལྷ་ས་དང་ཐག་ཉེ་བའི་དགོན་པ་ཆུང་ཆུང་ཞིག་གི་མ་ནི་འཁོར་ལོ་སྐོར་ཞོར་བཞིན་པར་རང་གི་རོགས་པའི་པར་འགའ་སྒྲོན་རྗེས་འདི་ལྟར་བརྗོད་བྱུང་། “ས་གནས་འདིའི་མི་རྣམས་ཉམས་ཆུང་དང་ལྷད་མེད་པ་ཤ་སྟག་རེད་འདུག” བོད་ཀྱི་ནང་པའི་གནས་རྩ་ཆེ་ཤོས་ལྷ་སའི་ཇོ་ཁང་ནི་ད་ལྟ་ནས་རྒྱ་ཧན་ཡུལ་སྐོར་བ་པར་ལེན་ལ་དགའ་བ་དག་གིས་ཁེབས་ཟིན་འདུག འདི་ལྟར་ཇོ་ཁང་གི་སྒྱུ་མ་ལྟ་བུའི་ཟིལ་ཉམས་ཡལ་འགྲོ་བཞིན་པའི་ཚོར་སྣང་ཞིག་ཀྱང་རང་བཞིན་གྱིས་ཡོང་གི་འདུག ཡུལ་སྐོར་བ་ཁག་ཅིག་གིས་རང་གིས་གང་མཐོང་བ་དེར་བརྩི་འཇོག་བྱེད་ཤེས་ཀྱི་འདུག་མོད། འོན་ཀྱང་། སྤྱི་ཚོགས་དྲ་ལམ་གང་ས་ནས་བོད་རིགས་ཚོས་རྒྱ་རིགས་ཡུལ་སྐོར་བ་ཚོའི་བྱ་སྤྱོད་ལ་མ་རངས་བ་བྱས་པ་ག་ས་ག་ལ་མཐོང་རྒྱུ་འདུག

རྒྱ་རིགས་ཡུལ་སྐོར་བ་ཚོས་བསམ་མེད་ངང་བོད་མི་གནས་སྐོར་བ་ཚོའི་ངོར་རང་དགར་པར་གང་བྱུང་རྒྱག་པ་དང་། བོད་མི་ཚོས་རྩ་ཆེན་བརྩི་སའི་རླུང་རྟ་སོགས་རྡོག་བརྫིས་བྱེད་མུས་རེད། རྟགས་མཚན་ཆེ་བའི་ཕོ་བྲང་པོ་ཏཱ་ལར་ཡུལ་སྐོར་བ་ཞིག་གིས་པར་ལེན་མི་ཆོག་ཅེས་པའི་བརྡ་ཁྱབ་ཡོད་སར་བསྡད་དེ་པར་གང་བྱུང་ལེན་བཞིན་པ་དེ་མཐོང་རྗེས། བོད་རིགས་གནས་ཤན་པས་རྒྱ་ཧན་ཡུལ་སྐོར་བ་ཚོས་བསམ་མེད་རྒྱུས་མེད་ཀྱི་བྱ་སྤྱོད་དག་ལ་འུ་ཐུག་གི་རྣམ་འགྱུར་ཞིག་བསྟན་སོང་།

ལོ་གསུམ་གྱི་གོང་ལ་ལྷ་སར་ཕེབས་མྱོང་བའི་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས། “ལྷ་ས་ནི་གནས་མཇལ་སའི་རྩ་ཆེན་གནས་མཆོག་ཅིག་ནས་ད་ལྟ་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཆ་ཞིག་ཏུ་འགྱུར་བཞིན་འདུག” ཅེས་དང་། ཁོང་མོས་མུ་མཐུད་བརྗོད་དོན་ལ། “བོད་ཀྱི་རྒྱལ་ས་རྙིང་པ་འདིར་ཡོད་པའི་ཡུལ་སྐོར་ལས་རིགས་དང་འབྲེལ་བའི་ཚོང་ཁང་ཕལ་ཆེ་བ་རྒྱ་ཧན་མི་རིགས་ཀྱི་བཟུང་ཡོད་པ་དང་། བོད་ཀྱི་སྒྱུ་རྩལ་དངོས་རིགས་ཡིན་ཟེར་བ་དེ་དག་ཀྱང་རྒྱ་ནག་གི་ས་ཁུལ་འདྲ་མིན་ནས་བཟོས་པ་རྐྱང་རྐྱང་རེད” ཅེས་བརྗོད་སོང་།

བོད་ཀྱི་ཡུལ་སྐོར་ལས་རིགས་ཡར་རྒྱས་ཁང་གི་འགན་འཛིན་གཞོན་པ་ཝང་སོན་པྷིང་(Wang Songping)གིས་བརྗོད་དོན་ལ། “ཡུལ་སྐོར་ལས་རིགས་ལ་འཛམ་གླིང་གི་ས་ཆ་གང་སར་བཟང་བའི་ཆ་དང་སྡུག་པའི་ཆ་གཉིས་ཀ་ཡོད་པ་ཆོས་ཉིད་རེད། ཡིན་ཡང་དཔལ་འབྱོར་ནང་འདྲེན་ཡོང་རྐྱེན་བོད་མི་ཚོར་རང་གི་རིག་གཞུང་གཅེས་འཛིན་བྱེད་རྒྱུའི་སྐུལ་མ་ཐེབས་ཀྱི་ཡོད་པ་དང་། ས་གནས་ཀླུང་ནང་ལྟ་བུར་ཆ་མཚོན་ན་དཔལ་འབྱོར་ཡར་རྒྱས་ཡོང་བར་དགེ་མཚན་ཆེན་པོ་ལྡན་ཡོད།” ཅེས་དང་། ཝང་གིས་མུ་མཐུད་དོན། “ཡུལ་སྐོར་ལས་རིགས་ནས་ས་གནས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ཨང་རིམ་ལྔ་པ་ཟིན་གྱི་ཡོད་པ་དང་། སྡེ་ཚན་འདི་ནས་བོད་ནང་ལས་རིགས་འདྲ་མིན་ ༣༢༠༠༠༠ ལྷག་མཁོ་སྤྲོད་ཐུབ་ཀྱི་ཡོད་པ་རེད། ཞིང་པ་དང་འབྲོག་པའི་མི་འབོར་ ༩༧༠༠༠ ལྷག་ཀྱང་སྡེ་ཚན་འདིའི་ནང་ཚུད་ཡོད” ཅེས་དང་། “ཡུལ་མི་བརྒྱ་ཕྲག་འགའ་ལ་རང་གི་ཁྱིམ་ཡུལ་སྐོར་བའི་གནས་བཅའ་ལ་བསྒྱུར་ཆེད་གཞུང་ཕྱོགས་ནས་མ་དངུལ་རོགས་སྐྱོར་བྱས་ཡོད་ཅེས་དང་། བོད་མི་ཁག་ཅིག་ཡུལ་སྐོར་ལས་རིགས་འདི་ནས་ཁེ་ཕན་ཐོབ་ཅིང་། དམིགས་བསལ་དེང་སྐབས་འགྲིམ་འགྲུལ་བསྟི་གནས་ཁང་ཆུང་ཆུང་། སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་མཉམ་སྡེབ་ཀྱིས་ཕྱི་རྒྱལ་དང་རང་རྒྱལ་གྱི་ཤེས་ཡོན་ཅན་གྱི་ཡུལ་སྐོར་བ་དག་ལ་གནས་ལེན་ཞུ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།” ཅེས་བརྗོད་བྱུང་།

འོན་ཀྱང་མཁས་པ་ཁག་དང་དེ་མིན་མི་མང་པོ་ཞིག་གིས་སེམས་ཚབས་བྱེད་ས་ནི་ས་གནས་བོད་མི་དག་འགྱུར་ཡོད་དེ། གཞུང་ཕྱོགས་ནས་བོད་མི་དོ་བདག་གི་མོས་མཐུན་མེད་བཞིན་དུ་ས་ཆ་བརྗེ་བསྒྱུར་བྱས་པ་ཙམ་མ་ཟད། ལས་གཞི་དེ་ནས་བོད་མི་ཚོར་ཅི་ཡང་ཕན་འབྲས་མེད་པ་དེ་འདྲ་རྟག་ཏུ་ཡོང་གི་ཡོད་པ་རེད། ཡུལ་སྐོར་སྡེ་ཚན་གྱི་ལས་གནས་ཆེ་ཁག་དང་ཁེ་ཕན་མང་ཤོས་དེ་རྒྱ་རིགས་དང་རྒྱ་ཡི་ཁེ་ལས་བ་ཚོས་ཧམ་བཟུང་བྱེད་རྐྱེན། སྤྱི་ཚོགས་ནང་དབྱེ་འབྱེད་དང་འཁོན་འགྲས་བཟོ་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཡར་ལངས་བྱུང་རྐྱེན་ཡང་དེ་ལས་མ་འདས།

tibettimes-4

ལྷ་སར་ཕོ་གསར་ཞིག་གིས་རང་གི་གཡས་གཡོན་ལ་སོ་ལྟ་ཡག་པོ་ཞིག་བྱས་རྗེས་ད་གཟོད་གཞི་ནས་གསར་འགོད་པ་ཁག་ཅིག་ལ་འདི་ལྟར་བརྗོད་བྱུང་། “ཡུལ་སྐོར་ལས་རིགས་ནི་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཡོད་པ་དོན་དངོས་ཡིན་ཡང་། རྒྱ་ཧན་གྱི་ཡུལ་སྐོར་བ་དག་གིས་ས་གནས་བོད་མི་དང་རྩ་ཆེན་རིག་གནས་ཁག་ལ་བརྩི་འཇོག་བྱེད་ཤེས་ཀྱི་མི་འདུག” ཅེས་བརྗོད་བྱུང་། ཀླུང་ནང་དམངས་གྲོང་ནི་རྒྱ་མཚོ་ངོས་ནས་མཐོ་ཚད་ཧྥི་ཁྲི་ ༡༢༠༠༠ ཡོད་པའི་སར་ཆགས་ཡོད་ཅིང་། གཞུང་ཕྱོགས་ནས་ “ཤར་གྱི་སི་ཝེས་ཙེར་ལེན།” ཡིན་ཞེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། ནགས་རི་སྟུག་པའི་ས་ཆ་འདི་ནི་བོད་ཀྱི་ལྷོ་ཤར་ས་ཁུལ་དང་རྒྱ་གར་དང་ས་འབྲེལ་ཡོད་སར་ཆགས་ཡོད། ཀླུང་ནང་དམངས་གྲོང་འདི་ནི་རྒྱ་ནག་གི་ས་ཁང་ཐོན་ལས་པ་ཆེ་ཤོས་འགའ་ལ་ལྷོ་ཀོང་ཏུང་ཞིང་ཆེན་དབུས་གཞུང་ནས་རོགས་སྐྱོར་འོག རྒྱལ་ཁབ་ཀྱི་དཔལ་འབྱོར་རྗེས་ལུས་ཐེབས་པའི་ས་མཚམས་ཁུལ་ཡར་རྒྱས་ཀྱི་ལས་གཞིའི་མིང་ཐོག་ནས་གསར་དུ་འཛུགས་སྐྲུན་བྱས་པ་ཞིག་ཡིན་འདུག ཡིན་ནའང་བཟོ་སྐྲུན་གྱི་ལས་དོན་མང་ཤོས་དེ་རྒྱ་རིགས་ཨར་ལས་པ་ཚོས་བྱེད་ཀྱི་ཡོད་པ་རེད། ཨར་ལས་པ་ཞིག་གིས་སྟབས་བདེའི་ངང་། “བོད་རིགས་ལས་བཟོ་བ་ཚོ་ལག་རྩལ་གྱིས་འདང་གི་མེད་པ་རེད” ཅེས་བརྗོད་སོང་།

གཞུང་འབྲེལ་མི་སྣས་བཀྲ་ཤིས་སྒང་གི་གྲོང་གསེབ་གདོད་མ་དེ་ནས་ཁང་ཁྱིམ་ཤོར་བའི་བོད་མི་དག་ལ་འདི་ནས་བསྐྱར་དུ་སྡོད་གནས་སྤྲད་རྒྱུ་ཡིན་ཞེས་བརྗོད་ཡོད་ཀྱང་བོད་མི་ཚོར་དཔལ་འབྱོར་འདུ་འགོད་ཀྱི་གོ་སྐབས་ཉུང་ཉུང་ལས་ལྷག་མེད་པ་འགྱུར་ཟིན་ཡོད། ཉེ་འཁོར་གྱི་ཟ་ཁང་དག་ནི་རྒྱ་ཧན་མི་རིགས་ཚོའི་ལག་ལ་འདུག ཉིང་ཁྲི་རྫོང་ཕྱི་འབྲེལ་སྡེ་ཚན་གྱི་ལས་བྱེད་ཏུང་ཧཱན་གྱིས། “ཚོང་ཁང་ཁ་ཤས་རྒྱ་ནག་སྐམ་ས་ནས་སླེབས་པ་དག་གིས་འཛིན་གྱི་ཡོད་པ་དང་ཁ་ཤས་ས་གནས་མི་མང་ཚོས་གཉེར་གྱི་ཡོད་པ་རེད།” ཅེས་བརྗོད་བྱུང་། གཞུང་ནས་སྟངས་འཛིན་བྱེད་པའི་ལྟ་སྐོར་འདི་འདྲ་ཞིག་གི་སྐབས་ཁོང་གིས་བོད་མི་ཚོར་ཁྱད་སོད་ངང་། “ཁོང་ཚོས་ཚོང་ཁང་ནང་དངོས་ཟོག་ཆུང་ཆུང་སྦྲང་གོར་དང་ཇ་མངར་མོ་སོགས་ཀྱི་ལས་རིགས་གཉེར་གྱི་རེད།”ཅེས་བཤད་སོང་། དེ་ལྟ་བུའི་གོ་སྐབས་ཆུང་ཙག་དག་ནི་ཡོད་ཚད་རྒྱ་ཧན་གྱི་ལག་ལ་ཤོར་བཞིན་པའི་བོད་མི་ཚོར་མཚོན་ན་སེམས་གསོའི་གོ་སྐབས་ཙམ་ལ་འགྱུར་ཟིན་པ་རེད། བོད་རིགས་གཅིག་གིས། “རྒྱ་ཧན་མི་རིགས་ཚོས་བོད་ནང་དཀའ་ངལ་གཉིས་འཁྱེར་ཡོང་གི་འདུག” ཅེས་བརྗོད་སོང། “གཅིག་ནི་ཁོང་ཚོས་ང་ཚོའི་སེམས་བསྒྱུར་ཐབས་རྐྱང་རྐྱང་བྱེད་པ་དང་། དཀའ་ངལ་གཞན་པ་དེ་ནི་ཁོང་ཚོ་མཚམས་ཁྱོན་ནས་མེད་པར་ང་ཚོའི་ས་ཐོག་ལ་གནས་སྤོ་བྱེད་པ་དེ་རེད།” ཅེས་བརྗོད་བྱུང་།

ཀླུང་ནང་གྲོང་རྡལ་ནས་སི་མོན་ཌེན་ཡཱར་(Simon Denyer)གྱིས་བྲིས།

མ་རྩོམ་འབྲེལ་ཐག  https://www.washingtonpost.com/world/asia_pacific/china-says-tourism-is-tibets-best-hope-but-can-its-culture-survive-the-onslaught/2016/10/05/91f18604-800c-11e6-ad0e-ab0d12c779b1_story.html

 

 

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

སྐར་མ ༦༠ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese