མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསོ་རིག་སྨན་པའི་ཤེས་ཚད་གནས་རིམ་འཛམ་གླིང་རང་བཞིན་གྱི་འགྲོ་སྟངས་ལྟར་གཏན་འབེབ་གནང་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

མ་འོངས་པར་བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཀྱི་ཐོག་ཞིབ་འཇུག་གནང་མཁན་ཆེད་ལས་མི་སྣ་སྐྱེད་སྲིང་ཆེད་རྒྱ་གར་དབུས་གཞུང་ནས་ངོས་ལེན་ཡོད་པའི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སློབ་གཉེར་ཁང་དུ་བོད་རིགས་སློབ་མ་གཉིས་ལ་ཞབས་བཀྱག་ཟུར་འཇོག་ཡོང་ཐབས་གནང་རྒྱུ་ཡིན་འདུག

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༢༦ པ་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༤ བར་དུ། བཞུགས་སྒར་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་བར་མའི་ནང་ཚོགས་ཡོད་པ་དང་། ཁ་སང་ཕྱི་དྲོར་ཚོགས་འདུ་མཇུག་བསྡུས་ཏེ་ཚོགས་ཐེངས་འདིའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་གཙོ་བོ་ཁག་ ༧ གསལ་བསྒྲགས་གནང་སོང་། ལྷན་ཚོགས་སྐབས་ ༥ པའི་ཚོགས་གཙོ་རག་རྡོ་བློ་བཟང་བསྟན་འཛིན་ལགས་ནས་རབ་འབྱམས་པ་དང་འབུམ་རམས་པ། འཚོ་བྱེད་སློབ་གཔོན་བཅས་སྔར་སྲོལ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་གནས་རིམ་རྣམས་དེང་དུས་འཛམ་གླིང་རང་བཞིན་གྱི་འགྲོ་སྟངས་ལྟར་གཏན་འབེབས་གནང་རྒྱུ་དེ་སྐབས་ ༥ པའི་ལས་འཆར་གལ་ཆེ་ཤོས་ཤིག་ཏུ་རྩི་བཞིན་ཡོད་སྐོར་བརྗོད་སོང་།

མཇུག་བསྡོམས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་རྣམས་ལ་ལམ་སྟོན་གསུང་བཤད་གནང་སོང་བ་དང་། སྐབས་དེར་ཁོང་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་ལྕམ་པར་ཊི་བྷ་པཱ་ཊིལ་(Pratibha Patil)མཆོག་ནས་ཀྱང་བོད་སྨན་སྐོར་མཁྱེན་རྟོགས་བྱུང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་དམ་པ་མོ་ཧན་སིན་ (Mohan singh)ལགས་ལའང་ངེས་པར་དུ་བོད་སྨན་མཆོད་དགོས་པའི་ལམ་སྟོན་གནང་ཡོད་པ་དང་། དེ་བཞིན་བླ་སྨན་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་འབྲས་སྐྲན་(Cancer)སྨན་བཅོས་སྐད་གྲགས་ཆེན་པོ་ཡིན་སྟབས། རྒྱ་གར་གྱི་ཕྱོགས་མཐའ་གང་ས་ནས་གནད་ཡོད་མི་སྣ་མང་པོ་བཞུགས་སྒར་དྷ་རམ་ས་ལར་བོད་སྨན་བསྟེན་དུ་ཡོང་བཞིན་ཡོད་པ་ལྟར་བོད་སྨན་རྒྱ་གར་ནང་སྐད་གྲགས་ཆེན་པོ་ཆགས་ཡོད་སྐོར་དང་། བོད་པའི་སྨན་པ་ཚོའི་ངོས་ནས་བོད་ཀྱི་གསོ་བ་རིག་པ་གཅིག་པུར་ཐུགས་སྣང་གནང་བ་ཙམ་མིན་པར་བོད་ཀྱི་རིག་གནས་སྤྱི་དང་འབྲེལ་ཏེ། བོད་ཀྱི་གསོ་བ་རིག་པ་ལག་ལེན་རྒྱུན་སྐྱོང་གནང་ཐུབ་ན་ཕན་དགེ་ཆེ་སྐོར་སོགས་གསུངས་སོང་།

ལྷན་ཚོགས་སྐབས་ལྔ་པའི་ཚོགས་གཙོ་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས། ཚོགས་ཐེངས་འདིའི་ཐོག་གྲོས་གཞི་ཁག་མང་པོའི་ཐོག་བགྲོ་གླེང་གནང་བ་བརྒྱུད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་གསོ་རིག་སློབ་གཉེར་ཁང་ཐུན་མོང་ནས་འཆར་ལོའི་ཕྱི་ཟླ ་༡༡ ཚེས་༡༢ ནས་ ༡༤ བར་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པ་འཚོག་གཏན་འཁེལ་ཡོད་པ་དང་། མ་འོངས་པར་བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཐོག་ཉམས་ཞིབ་བྱ་རྒྱུའི་ཐད་ཆེད་ལས་མི་སྣ་གསོ་སྐྱོང་དགོས་པས། ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་ནས་ངོས་ལེན་ཡོད་པའི་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་སློབ་གཉེར་ཁང་ནང་བོད་རིགས་སློབ་མ་གཉིས་ལ་ཞབས་སྟེགས་ཟུར་འཇོག་ཐོབ་ཐབས་ཀྱི་ལས་འཆར་གཏན་འཁེལ་བྱུང་བ། དེ་བཞིན། རྒྱ་གར་དབུས་ཨཱ་ཡུ་ཤའི་བློན་ཆེན་ལས་ཁུངས་ནས་རོགས་དངུལ་ཞུས་ཐོབ་བཞིན་འཆར་ལོའི་ཕྱི་ཟླ་ ༣ ཚེས་༡༣ ནས་ ༡༨ བར་བཞུགས་སྒར་དྷ་རམ་ས་ལར་གསོ་རིག་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་ཞིག་སྐོང་ཚོགས་གནང་གཏན་འཁེལ་བ།

གཞན་ཡང་། ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྟར་ཕྱི་ལོ་༢༠༡༦།༡༧ ལོར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དང་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང། དེ་བཞིན་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། གཡུ་ཐོག་སྙིང་ཐིག་སྨན་སྦྱོར་ཁང་དང་བོད་དང་ཧི་མཱ་ལ་ཡའི་སྔོ་སྦྱོར་བཅས་ལ་རྟོག་ཞིབ་གནང་རྒྱུ་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་གཅིག་རྒྱ་གར་དབུས་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་མིར་གཞུང་འབྲེལ་ཐད་བསྐོས་ཡོང་ཆེད། འབྲེལ་ཡོད་ཁག་ཅིག་ནས་རྒྱབ་གཉེར་ཞུས་ཐོག་ལྷན་ཚོགས་ནས་གང་མགྱོགས་རྒྱ་གར་དབུས་སའི་ལས་ཁུངས་ཀྱི་གནད་ཡོད་མི་སྣར་ངོ་བཅར་ཞུ་ཡིག་འབུལ་རྒྱུ། དེ་བཞིན། དྷ་རམ་ས་ལའི་ཨཱ་ཡུ་ཤའི་རྫོང་གི་སྨན་ཁང་དུ་བོད་ཀྱི་གསོ་བ་རིག་པའི་སྒོ་བསྟེན་སྨན་ཁང་ཞིག་འདི་ལོའི་ཕྱི་ཟླ་ ༡༡ ནང་གསར་འཛུགས་དང་།   བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་གནས་རིམ་རབ་འབྱམས་པ་དང་འབུམ་རམས་པ། འཚོ་བྱེད་སློབ་དཔོན་ཞེས་པའི་སྔ་རབས་ཀྱི་འགྲོ་སྟངས་དེ། དེང་དུས་ཀྱི་ཤེས་ཡོན་སྒྲོམ་གཞིའི་ནང་ཏག་ཏག་མ་བསྡད་པ་དང་གོ་བརྡ་མ་འཇགས་པ་མང་པོ་ཡོང་གི་ཡོད་སྟབས། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ཤེས་ཚད་གནས་རིམ་དེ། འཛམ་གླིང་རང་བཞིན་ཅན་གྱི་འགྲོ་སྟངས་ནང་བཞིན་གཏན་འབེབ་གནང་རྒྱུ་དེ་གལ་ཆེ་ཤོས་སུ་རྩི་ཡི་ཡོད་པ་ལྟར། འཆར་ལོའི་ཕྱི་ཟླ་ ༣ ནང་ཆེད་ལས་མི་སྣ་གདན་འདྲེན་ཞུས་ཏེ་ཚོགས་འདུ་བསྐོང་རྒྱུ་བཅས་ཐག་གཅོད་བྱུང་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese