མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་མིའི་རྩོད་གླེང་།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ཧེ་ལ་རེ་ཡིས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ལྐོག་རྔན་སྤྲད་དེ་སྐུ་ཞབས་ཊི་རུམ་ཕི་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་དུ་བཅུག་པ་དང་། འོས་བསྡུའི་གསང་བ་ཕྱིར་བསྒྲགས་བྱས་ཏེ་འོས་བསྡུ་འཕྲོ་བརླག་ལ་བཏང་སོང་ཟེར།

1920

དེ་རིང་ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་གིས། ཕྱི་ཚེས་ ༩ ཉིན་ཨ་རིའི་སྲིད་འཛིན་འོས་མིའི་བགྲོ་གླེང་ཐེངས་གཉིས་པའི་སྟེང་། ཐོག་མ་བགྲོ་གླེང་མགོ་བཙུགས་དུས་ཧེ་ལ་རེ་ལ་གདེང་སྤོབས་ཆེན་པོ་ཡོད་ནའང་། མཐའ་གཞུག་ཁོང་མོ་ཐང་ཆད་ནས་ཕྱིར་རླངས་འཁོར་ཡོད་སར་ཡང་འགྲོ་ཐུབ་ཀྱི་མི་འདུག རྩེད་མོ་རྩེ་མཁན་རེ་ཟུང་གིས་རྩེད་འགྲན་ཐོག་ཞུགས་དུས་མྱོས་རྫས་སྤྱོད་ཀྱིན་ཡོད་པ་ལྟར། ངས་བསམ་ན། ཐེངས་འདིའི་བགྲོ་གླེང་མགོ་མ་བཙུགས་སྔོན་ལ་ང་ཚོས་ལྕམ་ཧེ་ལ་རེ་ཡིས་མྱོས་རྫས་སྤྱད་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་པ་རེད། ཅེས་དང་། ལྕམ་ཧེ་ལ་རེ་ཡིས་འོས་བསྡུ་མགོ་མ་ཚུགས་སྔོན་ནས་འཆར་གཞི་བཟོས་ཏེ་གསར་འགྱུར་བརྒྱུད་ལམ་ཁག་ལ་ལྐོག་རྔན་སྤྲད་དེ་ངའི་ཆབས་སྲིད་ལངས་ཕྱོགས་ལ་ངོ་རྒོལ་དང་སྐྱོན་འཛུགས་བྱེད་དུ་བཅུག་པ་སོགས་ཀྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་འཕྲོ་བརླག་ལ་བཏང་སོང་། ཞེས་བརྗོད་འདུག

སྐབས་དེར་ཨ་རིའི་བུ་མེད་བཅུས་སྔོན་ཆད་སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་མོ་ཚོར་འདོད་པ་མེད་བཞིན་དུ་འཐམ་འཁྱུད་དང་འོ་བྱས་པ་སོགས་ཆགས་སྲེད་ཀྱི་བརྙས་བཅོས་བྱས་སོང་ཞེས་བརྗོད་ཡོད་ནའང་། སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་སྤྱི་ཚོགས་བརྒྱུད་ལམ་ (tweet) དུ་གནས་ཚུལ་དེ་འདྲ་ཞིག་བྱུང་མྱོང་མེད་པ་དང་། དེ་ནི་བུད་མེད་དེ་ཚོས་འོས་བསྡུའི་སྐབས་དང་བསྟུན་ནས་ཁོང་ལ་སྐྱོན་བརྗོད་དང་འགོག་རྐྱེན་བཟོ་ཐབས་ཤིག་ཡིན་པ་དང་། ཁོང་གིས་སྐྱེས་པ་གཞན་དག་ལས་ཀྱང་བུད་མེད་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཆབ་སྲིད་བགྲོ་གླེང་ཐེངས་གཉིས་པའི་ཐོག་ལྕམ་ཧེ་ལ་རེ་མཆོག་གིས། ང་ཚོ་ཚང་མ་མཉམ་འབྲེལ་དང་མཉམ་ལས་བྱེད་པར་ངས་རེ་འདུན་བཅངས་ཡོད་ལ། ངའི་འོས་བསྡུའི་དྲིལ་བསྒྲགས་འབོད་ཚིག་ལའང་མཉམ་འབྲེལ་གྱི་སྟོབས་ཤུགས་ཞེས་བྲིས་ཡོད། ང་ཚོས་ཕན་ཚུན་བར་འཁོན་འཛིང་གི་རྙོག་ཟིང་མི་བཟོ་བར། ང་ཚོ་ཚང་མ་མཉམ་འབྲེལ་དང་མཉམ་ལས་བྱེད་དགོས་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། ང་ཚོས་ཤེས་ཡོན་སྲིད་ཇུས་དང་དཔལ་འབྱོར་སྲིད་ཇུས། འཕྲོད་བསྟེན་སྲིད་ཇུས་སོགས་ཡར་རྒྱས་བཏང་ནས་མི་ཚང་མར་ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལྟ་སྐྱོང་། དཔལ་འབྱོར་ལས་གནས་སོགས་འཐོབ་པའི་དམིགས་འབེན་འཛིན་དགོས། གལ་ཏེ་ང་ཚོས་དམིགས་འབེན་དེ་དག་བསྐྱུར་ནས་མཉམ་འབྲེལ་བྱས་པ་ཙམ་གྱིས། ང་ཚོས་བྱ་གཞག་གང་ཡང་མི་འགྲུབ་པས། ང་ཚོ་ཚང་མ་སྲིད་འཛིན་འོས་བསྡུའི་བྱ་འགུལ་ནང་མཉམ་ཞུགས་བྱེད་པའི་རེ་བ་ཡོད་ལ། ལྷག་པར་དུ་ཕྱི་ཟླ་ ༡༡ ནང་རྒྱ་ཆེའི་མི་མང་གིས་ང་ལ་འོས་ཤོག་ལྡུག་པའི་རེ་བ་ཡོད། མ་འོངས་པར་ངས་ཨ་རིའི་མི་རེ་རེའི་ཆེད་དུ་ལས་དོན་བསྒྲུབ་པར་ངས་ཁག་ཐག་བྱེད་ཀྱིན་ཡོད། ང་ཨ་རིའི་སྲིད་འཛིན་བྱེད་འདོད་ཡོད། ཆབ་སྲིད་ཀྱི་གནས་བབ་ལ་མ་ལྟོས་པར། ངས་ཁྱེད་རང་ཚོའི་རྒྱལ་ཁོངས་དང་མི་རིགས། ཆོས་ལུགས་སོགས་ལ་མི་བལྟ་བར། ང་ཚོ་ཚང་མ་མཉམ་འབྲེལ་སྟོབས་ཤུགས་ལ་བརྟེན་ནས། ངས་ང་ཚོའི་རྒྱལ་ཁབ་འདི་ལེགས་ལམ་དུ་སྣེ་འཁྲིད་བྱེད་འདོད་ལ། འདི་ནི་ང་ཚོའི་མི་རབས་གསར་བའི་མ་འོངས་མདུན་ལམ་དང་འཚམ་པའི་བགྲོད་ལམ་ཡག་ཤོས་དེ་རེད་བསམ་གྱི་ཡོད། ཅེས་སོགས་བརྗོད་འདུག

སྲིད་འཛིན་ཨོ་བྷ་མས་སྲིད་འཛིན་འོས་མི་གཉིས་ཀྱི་ཆབ་སྲིད་བགྲོ་གླེང་དང་འབྲེལ་ཏེ་ཨ་རིའི་དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་ཆེ་བའི་སྐོར་ལ། གལ་ཏེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ཁོ་རང་གི་ཆབ་སྲིད་ལངས་ཕྱོགས་དང་གཏམ་བཤད་ཀྱི་ནང་དོན་ལྟར་སྲིད་འཛིན་རྒྱལ་ཁ་མ་ཐོབ་པ་ཡིན་ན། ཁོས་གནད་དོན་དེ་ནི་རང་ཉིད་ཀྱི་ཕམ་ཁར་ངོས་འཛིན་མི་བྱ་བར། དེ་ནི་དམངས་གཙོ་ཚོགས་པས་ཁོང་ལ་སྐྱོན་འདོགས་དང་འོས་བསྡུ་འཕྲོ་བརླག་ལ་བཏང་བའི་རྐྱེན་དུ་འགྲེལ་བཤད་རྒྱག་སྲིད་པ་དང་། དམངས་གཙོའི་ལམ་ལུགས་ཀྱི་སྲིད་འཛིན་འོས་འགྲན་ཁྲོད་དུ། གལ་ཏེ་ཁྱེད་རང་ཕམ་པ་ཡིན་ན། ཁྱེད་ཀྱིས་ཕ་རོལ་བོའི་རྒྱལ་ཁར་འཚམས་འདྲི་ཞུས་ནས་འགྲོ་དགོས་པ་ལས། སྐྱོན་འཛུགས་ཀྱི་རྙོག་ཟིང་བཟོ་མི་འོས། ཞེས་བརྗོད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཨལ་ཧུ་སེན་ (al-Hussein) ལགས་ཀྱིས། ཊི་རིམ་ཕི་ཡི་ཆབ་སྲིད་ལངས་ཕྱོགས་དང་ཁོང་གི་གཏམ་བཤད་ལ་གཞིགས་ན། གལ་ཏེ་ཁོ་ཨ་རིའི་སྲིད་འཛིན་དུ་བདམས་ཐོན་བྱུང་ཚེ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལྟ་ཚུལ་ཐད་ལ་ཉེན་ཁ་ཆེ་སྐོར་བརྗོད་འདུག

སེ་ཨན་ཨན་གསར་ཁང་གི་ཞིབ་འཇུག་གྲུབ་འབྲས་ལྟན་ན། ཆབ་སྲིད་བགྲོ་གླེང་ཐེངས་གཉིས་པའི་ཐོག་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱལ་ཁ་ཐོབ་ཡོད་པར་ངོས་འཛིན་བྱེད་མཁན་མི་མང་བརྒྱ་ཆ་ ༣༤ དང་། ལྕམ་ཧེ་ལ་རེ་མཆོག་ལ་རྒྱལ་ཁབ་ཐོབ་ཡོད་པར་ངོས་འཛིན་གནང་མཁན་བརྒྱ་ཆ་ ༥༧ ཡོད་པ་དང་། ཐེངས་དང་པོའི་བགྲོ་གླེང་ཐོག་ལྕམ་ཧེ་ལ་རེ་མཆོག་ལ་རྒྱལ་ཁ་ཐོབ་ཡོད་པར་ངོས་འཛིན་མཁན་མི་མང་བརྒྱ་ཆ་ ༦༢ ཟིན་ཡོད་འདུག

ཨ་རིའི་བདུན་རེའི་གསར་དེབ་ཁང་ (US Weekly) ཁང་གིས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་གཉིས་བར་གྱི་ཆབ་སྲིད་བགྲོ་གླེང་མཐའ་མ་དེ་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ནི་བ་ཌ་ (Nevada) གཙུག་ལག་སློབ་ཆེན་དུ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་འོས་གཉིས་ནས་ཨ་རིའི་བུན་དངུལ་གྱི་དཀའ་ཁག་སེལ་ཐབས་དང་། ཨ་རིའི་རྒྱལ་ནང་གི་གནས་སྤོར་མི་མང་དང་དེའི་ཐོབ་དབང་། དེ་བཞིན། ཨ་རིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཚོལ་སྒྲུབ་དང་ཁྲིམས་ལུགས། ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་དཀའ་རྙོག་དང་སྲིད་འཛིན་འོས་མི་གཉིས་ཀྱི་སྲིད་དབང་འཛིན་སྐྱོང་གི་ཤེས་འཇོན་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 5

  1. DTP says:
    ལོ་ 9 སྔོན།

    སྤྱི་མཐུན་ཚོགས་པའི་འོས་མི་གྲོ་ནལ་མཆོག་ལ་འོས་ཐོབ་ན་ཨ་མི་རི་ཀ་དཀོན་མཆོག་གིས་གཟིགས་པ་ཤོག སྤྱིར་བཏང་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་སུ་ལ་སྲིད་འཛིན་འོས་ཐོབ་ཀྱང་བོད་དོན་ཐོག་དེ་ཙམ་གྱི་ཁྱད་པར་བཟོ་མི་སྲིད་ འོན་ཀྱང་དུས་བབས་ནས་འདི་ལྟར་དོ་སྣང་གནང་བར་ཐུགས་རྗེ་ཆེ་བཞུ་རྒུ་ཡིན་

    Reply
  2. ཚེ་རིང་ལྷ་མོ། says:
    ལོ་ 9 སྔོན།

    གསར་འགོད་པ་པདྨ་རྒྱལ་ལགས། དེང་སྐབས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་ཁ་རྩོད་རྒྱག་བཞིན་པ་དང་། ཞབས་བྲོ་འཁྲབ་བཞིན་པ་ཞིག་ཀྱང་ཁྱབ་བརྡལ་འགྲོ་བཞིན་འདུག དེ་དག་དངོས་ཡོད་རེད་དམ་རྫུན་མ་རེད། ད་དུང་ཊིར་ཕུ་ཡིས་ཆགས་སྤྱོད་སྣ་ཚོགས་བྱས་པ་དང་། ནག་ཚོང་དང་ཁྲིམས་འགལ་ཚོང་མང་པོ་བརྒྱབ་པ་དང་། ཧེ་ལ་རི་ཡིས་སྐབས་སྔོན་མའི་དྲུང་ཆེའི་གནང་བའི་རིང་རྒྱལ་དོན་ཐོག་ནོར་འཁྲུལ་དང་འཐུས་ཤོར་མང་པོ་ཕྱིན་པའི་སྐོར་སོགས་ཀྱང་བཤད་སྟངས་འདུག་པས་དེ་དག་རེ་རེ་བཞིན་བོད་སྒྱུར་གནང་སྟེ་དུས་ཐོག་ཏུ་གསར་འགྱུར་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག་ཐུགས་རྗེ་ཆེ།

    Reply
  3. ཚེ་དབང་བསོད་ནམས། says:
    ལོ་ 9 སྔོན།

    དུས་བབ་ཚང་གིས་ཨ་རིའི་འོས་བསྡུ་ཆེན་མོའི་སྐོར་ལ་དོ་སྣང་གནང་བར་ཐུགས་རྗེ་ཆེ། གསར་འགྱུར་གྱི་གནད་ཀ་འཇུས་ཏེ་ཆབ་སྲིད་ཀྱི་གཏིང་ས་སྔོག་དགོས།

    Reply
  4. རིག་པའི་བུ། says:
    ལོ་ 9 སྔོན།

    གསར་འགྱུར་ཚ་བོ་ཚ་བོ་རེད། ཆབ་སྲིད་གོ་རྟོགས་སྤེལ་ཐུབ་པར་ཕན་ཐོག་ཆེན་པོ་འདུག

    Reply
  5. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཏྲི་རམ་ཕི་ཡིས་མཐའ་མའི་སྲིད་འཛིན་བགྲོ་གླེང་ཐེངས་གསུམ་པ་མ་བྱས་པའི་སྔོན་དུ་ཁོ་རང་དང་ལྕམ་ཧེད་ལཱ་རེ་གཉིས་ཀྱིས་ལུས་སྟོབས་སྨན་རྫས་བེད་སྤྱོད་བྱས་ཡོད་མེད་བརྟག་དཔྱད་བྱས་རྗེས་བགྲོ་གླེང་མགོ་འཛུགས་བྱེད་དགོས་པའི་རེ་འདུན་བཏོན་ཡང་འབྲས་མེད་རེད། དེ་འདྲའི་སྒྲིག་གཞི་གསར་བ་མེད་ལ་སྲིད་འཛིན་འོས་མི་གཉིས་ཀྱི་ལུས་ཁམས་བདེ་ཐང་ཡོད་མེད་ཀྱི་གནས་ཚུལ་ཧ་ཅང་གསང་བ་རེད། དོན་དངོས་ལྟར་ན།ལྕམ་ཧེད་ལཱ་རེའི་ལུས་ཁམས་བདེ་ཐང་མེད་པ་མངོན་གསལ་ཡིན་ཡང་ཨ་རིའི་སྲིད་འཛིན་འོས་མིའི་ཆ་རྐྱེན་དེའི་སྐོར་ཁ་གསལ་མེད།སྔོན་མ་ཨ་རིའི་སྲིད་འཛིན་རོབ་ཟིད་བུལ་གྱིས་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་མེད་པ་གསང་བ་བྱས་ཏེ་འོས་བསྡུ་ཐོབ་པ་དང་སྲིད་འཛིན་གྱི་དུས་ཡུན་མ་རྫོགས་པའི་སྔོན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྐུ་གཤེགས་ཡོད། ་་་་་:

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese