མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ཆིག་ཁྲི་ལྷག་གིས་རྒྱལ་ཡོངས་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཞིང་ཆེན་ཁག་ ༢༩ ནས་ཡོང་བའི་སྒེར་གཉེར་སློབ་གྲྭའི་དགེ་རྒན་དང་ཚབ་འཁྲིད་དགེ་རྒན་སོགས་དགེ་རྒན་ཆིག་ཁྲི་ལྷག་གིས་པེ་ཅིན་གྱི་འབྲེལ་ཡོད་ལས་ཁུངས་མདུན་དུ་རྒྱལ་ཡོངས་རང་བཞིན་གྱི་ཞུ་འབོད་ལས་འགུལ་ཐེངས་དྲུག་པ་སྤེལ་ཡོད་འདུག

bfe5b719-a8a3-4382-a485-b703932e6ef5-600x400ཁ་སང་སྔ་དྲོར་རྒྱ་ནག་གི་ཧེ་ལུང་ཅང་དང་ཧུའུ་པེ། ཧུའུ་ནན། ཨན་ཝེ་སོགས་ཞིང་ཆེན་ ༢༩ ནས་ཡོང་བའི་ལས་ཤོར་སྒེར་གཉེར་སློབ་གྲྭའི་དགེ་རྒན་དང་། ལས་ཐོག་ཚབ་འཁྲིད་དགེ་རྒན་སོགས་དགེ་རྒན་ཆིག་ཁྲི་ལྷག་པེ་ཅིན་གྲོང་ཁྱེར་གྱི་རྒྱལ་ཁབ་ཡིག་འགྲུལ་འབྲེལ་གཏུག་ཁང་(信访局)གི་མདུན་དུ་འཛོམས་ཏེ། ཁོང་ཚོར་རྒན་གསོ་འགན་སྲུང་དང་སྨན་བཅོས་འགན་སྲུང་དགོས་པ་མ་ཟད། ལས་ཤོར་གུན་གསབ་སྤྲོད་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་དང་། དེ་ནི་འདི་ལོའི་རྒྱལ་ཡོངས་རང་བཞིན་གྱི་ལས་ཤོར་དང་ལས་ཐོག་དགེ་རྒན་རྣམ་པའི་འབོད་སྐུལ་ལས་འགུལ་ཐེངས་དྲུག་པ་དེ་ཆགས་ཡོད་འདུག

ཧེ་ལུང་ཅང་ནས་ཡིན་པའི་ལས་འགུལ་བ་ཞིག་གིས། དེ་སྔོན་ཧེ་ལུང་ཅང་ཞིང་ཆེན་གྱི་སྒེར་གཉེར་དགེ་རྒན་ ༧༠༠༠ གཞུང་གཉེར་སློབ་གྲྭའི་ནང་གནས་སྤོར་བྱེད་འཆར་ཡོད་ཀྱང་། ལས་གཞི་དངོས་སུ་ལག་བསྟར་བྱེད་སྐབས་དགེ་རྒན་ ༥༠༠ ལྷག་མ་གཏོགས་གནས་སྤོར་བྱས་མེད་པ་མ་ཟད། ཕྱི་ལོ་ ༢༠༠༠ ནས་ ༢༠༠༤ བར་སྒེར་གཉེར་སློབ་གྲྭའི་དགེ་རྒན་རྣམས་དགེ་རྒན་ཚད་ལྡན་མིན་ལུགས་བརྗོད་དེ་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་སྐོར་བརྗོད་འདུག

ཧུའུ་པེ་ཞིང་ཆེན་དུ་དགེ་རྒན་གྱི་ལས་ཀ་ལོ་ ༢༣ རིང་བྱས་པའི་ལས་འགུལ་བ་ཞིག་གིས། ཕྱི་ལོ་ ༡༩༩༨ ལོར་ཁོང་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། འདས་པའི་ལོ་བཅུ་གྲངས་ནང་ཞུ་གཏུག་གྲངས་ཀྱིས་མི་ལོངས་བ་བྱས་ཡོད་ཀྱང་། གནད་དོན་ཐག་གཅོད་ཐུབ་རྒྱུ་ཕར་ཞོག་ཉེན་རྟོག་པས་ཁོང་བཀག་ཉར་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་མི་མང་ལ་མགོ་སྐོར་དང་དྲག་གནོན། འཛིན་བཟུང་བཀག་ཉར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞུ་གཏུག་མཚམས་འཇོག་ཡོང་ཐབས་བྱས་ཡོད་ཀྱང་། དགེ་རྒན་རྣམ་པས་མུ་མཐུད་ཞུ་གཏུག་ལས་འགུལ་མཚམས་བཞག་མེད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱལ་ཡོངས་ཀྱི་སྒེར་གཉེར་སློབ་གྲྭའི་དགེ་རྒན་དང་ཚབ་འཁྲིད་དགེ་རྒན། བྱིས་སྙོར་ཁང་གི་དགེ་རྒན་བཅས་ཀྱི་ཞུ་གཏུག་ཡི་གེ་ཞིག་དྲ་ལམ་དུ་སྤེལ་བའི་ནང་། ལས་ཤོར་སྒེར་གཉེར་དགེ་རྒན་དང་ལས་ཐོག་ཚབ་འཁྲིད་དགེ་རྒན་རྣམ་པས་སློབ་གསོའི་བྱ་བར་བྱས་རྗེས་ཆེན་པོ་བཞག་ཡོད་ལ། དགེ་རྒན་མང་ཆེ་བས་ལོ་ངོ་ ༣༠ ལ་ཉེ་བའི་རིང་སློབ་གསོའི་བྱ་བ་གཉེར་ཡོད་པ་དང་། ཞིང་ཆེན་མང་པོའི་ནང་སྒེར་གཉེར་དགེ་རྒན་གྱི་གཞུང་གཉེར་ས་མིག་མང་པོ་གཞན་གྱིས་བདག་བཟུང་བྱས་ཏེ། སྒེར་གཉེར་དགེ་རྒན་མང་པོས་ལས་ཀ་ཤོར་ཡོད་སྐོར་དང་། ད་ལྟའི་གཞུང་གཉེར་དགེ་རྒན་གྱི་ཆ་སྙོམ་གླ་ཕོགས་གཞིར་བཟུང་སྟེ་ལས་གནས་ནས་ཕུད་པའི་སྒེར་གཉེར་དགེ་རྒན་དང་བྱིས་གཉོར་ཁང་གི་དགེ་རྒན། ཚབ་འཁྲིད་དགེ་རྒན་རྣམས་ལ་དཔལ་འབྱོར་གུན་གསབ་སྤྲོད་དགོས་པ་དང་། གཞུང་གཉེར་ཁོངས་སུ་བཅུག་འོས་པའི་ལས་ཤོར་ཚད་ལྡན་དགེ་རྒན་རྣམས་ཕྱིར་ལས་གནས་སུ་གོ་སྒྲིག་དང་། ལས་འཁྱུར་ངལ་གསོ་རན་པ་ཚོ་གཞུང་གཉེར་དགེ་རྒན་གྱི་ལས་འཁྱུར་ངལ་གསོའི་ཐོབ་ཐང་གཞིར་བཟུང་ཐག་གཅོད་དགོས་པ། དེ་བཞིན་རྒན་གསོ་འགན་སྲུང་དང་སྨན་བཅོས་འགན་སྲུང་སྤྲོད་ལེན་སྐོར་ཡིག་ཆ་གཞིར་བཟུང་ཐག་གཅོད་དགོས་པ་བཅས་ཀྱི་དགོས་འདུན་བཏོན་འདུག

ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༩ པའི་ནང་དུ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒེར་གཉེར་སློབ་གྲྭའི་དགེ་རྒན་གནད་དོན་ཐག་གཅོད་བྱེད་པའི་བརྡ་ཐོ་ཟེར་བ་ཞིག་བཏོན་ཏེ། ཁྱོན་ཡོངས་ནས་སྒེར་གཉེར་སློབ་གྲྭའི་དགེ་རྒན་གྱི་གྲངས་འབོར་འཕར་སྣོན་ལ་དོ་ནན་དང་སྒེར་གཉེར་དགེ་རྒན་ཚད་ལྡན་རྣམས་གཞུང་གཉེར་སློབ་གྲྭའི་ནང་གནས་སྤོར་བྱེད་པ། སྒེར་གཉེར་དགེ་རྒན་ཚད་ལྡན་མིན་པ་རྣམས་ལས་གནས་ནས་ཕྱིར་ཕུད་གཏོང་བ་བཅས་ཀྱི་ལས་གཞི་ལག་བསྟར་བྱས་ཡོད་པ་དང་། བརྡ་ཐོ་དེའི་ནང་ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༣༡ ཉིན་གོང་དུ་ལས་ཞུགས་བྱས་པའི་སྒེར་གཉེར་དགེ་རྒན་རྣམས་ལ་རྒྱལ་ཁབ་ཀྱི་ངོས་ལེན་ཡོད་སྐོར་དང་། ཕྱི་ལོ་ ༡༩༩༧ ལོར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ནང་སྒེར་གཉེར་དགེ་རྒན་གྱིས་བརྒྱ་ཆ་ ༡༧ ཟིན་གྱི་ཡོད་པ་ནས་རིམ་བཞིན་ཇེ་ཉུང་དུ་བཏང་སྟེ། ཕྱི་ལོ་ ༢༠༠༠ ལོར་སྒེར་གཉེར་དགེ་རྒན་གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་བཅད་ཟིན་པ་དང་། ཕྱི་ལོ་ ༢༠༠༠ ལོའི་བར་དུ་སྒེར་གཉེར་དགེ་རྒན་ཁྲི་ ༡༨༠ ཡིས་ཡིག་རྒྱུགས་བཏང་སྟེ་གཞུང་གཉེར་དགེ་རྒན་དུ་གྱུར་ཡོད་སྐོར་བསྒྲགས་ཡོད་པ་དང་། གཞུང་གཉེར་དགེ་རྒན་དུ་བསྒྱུར་བའི་ལས་གཞིའི་ཁྲོད་གཞུང་གཉེར་དགེ་རྒན་གྱི་ས་མིག་ཉོ་ཚོང་བྱས་པ་དང་སྒེར་གྱི་འབྲེལ་བའི་ཐོག་ནས་ས་མིག་བདག་བཟུང་བྱས་པ་སོགས་ཀྱི་གནད་དོན་མང་པོ་བྱུང་ཡོད་པ་ལྟར།  ཕྱི་ལོ་ ༢༠༠༡ ལོར་ཝུའུ་ཧན་གྱི་གཞུང་གཉེར་དགེ་རྒན་གྱི་ས་མིག་ ༥༣༩ ཉོ་ཚོང་བྱས་ཏེ། འབྲེལ་ཡོད་ནས་རྒྱ་སྒོར་ས་ཡ་ ༡༢ ལྷག་གི་ཁེ་བཟང་བླངས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

སྐར་མ ༤༣ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༩ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨

མཆན། 1

  1. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    རྒྱ་ནག་ནང་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་པའི་ནད་རྟགས་ཇེམང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese