མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གཞུང་གིས་ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་དང་སྐུ་ཞབས་ཊི་རུམ་ཕི་གཉིས་ཀྱི་སུ་འདེམས་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཝང་ཞིན་ཝེ་(Wang Xiangwei)ཡིས་བརྩམས།

པདྨ་རྒྱལ་གྱིས་བོད་བསྒྱུར།

 རྒྱ་མི་ཞིག་གི་ལྟ་ཚུལ་ལྟར་བྱས་ན། ཨ་རིའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་དང་ལྕམ་ཧེ་ལ་རེ་གཉིས་ཀྱི་སུ་ཞིག་སྲིད་འཛིན་དུ་འདེམས་སྲིད་དམ་ཞེས་པའི་དོགས་འདྲི་འདི་ནི་བདུན་ཕྲག་སྔོན་མར་སྐུ་ཞབས་ཊི་རུམ་ཕི་དང་ལྕམ་ཧེ་ལ་རེ་གཉིས་བར་གྱི་ཆབ་སྲིད་བགྲོ་གླེང་ཐེངས་དང་པོའི་རྗེས་སུ་ཆེས་རྣོ་ངར་ལྡན་པ་ཞིག་ཏུ་གྱུར་འདུག

7c2b8082-8623-11e6-8fff-f52227c06034_1280x720

སྤྱིར་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་ཆབ་སྲིད་ལངས་ཕྱོགས་མི་མཐུན་ནའང་། རྒྱ་ནག་གི་དཔལ་འབྱོར་དབང་སྒྱུར་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ལངས་ཕྱོགས་ཐད་ནས་ལྟ་ཚུལ་གཅིག་མཚུངས་ཡིན་ཏེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ཡིས། རྒྱ་ནག་གིས་ཨ་རིའི་མི་མང་གི་ལས་གནས་བཙན་འཕྲོག་བྱས་པ་དང་། རྒྱ་སྒོར་གྱི་འཛའ་ཐང་བཅགས་ཏེ་རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་ལ་མགོ་སྐོར་བཏང་བ། དེ་བཞིན་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་བསྐྲུན་དང་ཚོད་ལྟ་བྱས་པར་སྟངས་འཛིན་བྱེད་མ་ཐུབ་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཡིས་རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་ཨ་རིའི་གཞུང་འབྲེལ་དྲ་ལམ་ནང་ལྐོག་འཛུལ་བྱས་པར་གདོང་ལེན་བྱ་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

རྒྱ་ནག་གི་ཆབ་སྲིད་ཁེ་ལས་ཀྱི་རྡུང་རྡེག་དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱི་གླེང་གཞི་གསར་པ་ཞིག་ཏུ་གྱུར་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ད་ལོའི་སྲིད་འཛིན་འོས་མི་གཉིས་ཀྱི་འོས་འགྲན་ཁྲོད་དུའང་རྣམ་པ་དེ་ལྟ་བུ་ཞིག་འཆར་བའི་རེ་བ་བཅངས་འདུག

རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་དམག་དཔུང་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་རྒྱུ་ནི་ཨ་རིའི་སྲིད་འཛིན་གསར་པར་འཕྲད་སྲིད་པའི་དཀའ་རྙོག་ཅིག་ཡིན་པ་དང་། དེང་སྐབས་རྒྱལ་སྤྱིའི་སྟེང་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་རྙོག་འཛིང་ཅན་དུ་གྱུར་ཡོད་ནའང་། རྒྱ་ནག་ནང་གི་ཁེ་ལས་ལ་བརྟེན་ནས་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་སྲ་བརྟན་དུ་གྱུར་ཏེ་ཕྱོགས་གཉིས་བར་དཔལ་འབྱོར་མཉམ་ལས་མུ་མཐུད་རྒྱུན་འཁྱོངས་བྱ་སྲིད་པ་རེད།

ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་རྒྱ་ནག་གི་ཚོང་འབྲེལ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་ནའང་། རྒྱ་ནག་གི་དཔོན་རིགས་ཚོས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གནོན་ཤུགས་དེ་ལ་འཛེམ་དོགས་བྱས་འདུག

ཟླ་སྔོན་མར་ནེའུ་ཡོག་གྲོང་ཁྱེར་དུ་ཚོགས་པའི་ཚོང་དོན་ཚོགས་འདུ་ཞིག་གི་ཐོག་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆང་གིས་ཨ་རིའི་ཆེས་མཐོའི་དཔོན་རིགས་ཚོ་དང་ལྷན་དུ་ཡིག་ཐོག་ནས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་རྒྱལ་ཁ་འཐོབ་ཀྱང་། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་མུ་མཐུད་ཡར་རྒྱས་གཏོང་དགོས་ལུགས་བཤད་འདུག

རྒྱ་ནག་སྐམ་ས་ཆེན་མོའི་དཔོན་རིགས་ཚོས་དུས་ཡུན་རིང་བོར་རྒྱ་ནག་གི་ཆབ་སྲིད་ཁེ་ལས་ཀྱི་རྡུང་རྡེག་ནི་ཨ་རིའི་སྲིད་འཛིན་འོས་མི་ཚོའི་ཞེད་སྣང་དང་ཚོར་ཤུགས་ལྡན་པའི་ཆབ་སྲིད་བགྲོ་གླེང་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་པ་དང་། ཨ་རིའི་སྲིད་འཛིན་འོས་མི་ཚོས་ནམ་རྒྱུན་ཆབ་སྲིད་བགྲོ་གླེང་སྐབས་ཀྱི་གཏམ་བརྗོད་དང་ལངས་ཕྱོགས་དེ་ལག་ལེན་བསྟར་མི་ཐུབ་པ་དང་། སྲིད་འཛིན་རྒྱལ་ཁ་འཐོབ་མཁན་གྱི་ངོས་ནས་སྲིད་འཛིན་ལས་ཁུངས་ (Oval Office) ནང་བསླེབས་པ་དང་། དེ་སྔའི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ་ཕྱོགས་གཉིས་སུ་མ་ལྷུང་བར་དབུ་མའི་ལམ་དུ་སྐྱོད་ངེས་རེད།

ཨ་རིའི་སྲིད་འཛིན་འོས་མི་གཉིས་ནི་རྒྱ་ནག་གི་དཔོན་རིགས་ཚོའི་རེ་ལྟོས་ཤིག་ཡིན་ནའང་། སྐུ་ཞབས་ཊི་རུམ་ཕི་དང་ལྕམ་ཧེ་ལ་རེ་གཉིས་ཀྱི་སུ་ཞིག་འདེམས་རྒྱུ་ནི་ད་དུང་ཐག་གཅོད་དཀའ་བ་ཞིག་ཡིན་ཞིང་། ཐ་ན་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་རྒྱ་ནག་ཐོག་འཛིན་པའི་ཆབ་སྲིད་ལངས་ཕྱོགས་དང་གཏམ་བཤད་ཀྱི་མཇུག་འབྲས་ཅི་འདྲ་ཞིག་ཡིན་སྲིད་མིན་དེ་ཡང་དཔག་ཐབས་མེད་པ་ཞིག་ཆགས་ཡོད།

ལྕམ་ཧེ་ལ་རེ་ཡིས་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོའི་ཆབ་སྲིད་ལམ་ལུགས་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་སྐྱོན་འཛུགས་ཀྱི་ལངས་ཕྱོགས་བཟུང་ཡོད་པ་ཧ་ཅང་གསལ་བོ་ཡིན་ཏེ། སྲིད་འཛིན་ཨོ་བྷ་མའི་སྲིད་དབང་འོག་ཁོང་མོ་སྔོན་ཆད་ཨ་རིའི་རྒྱལ་དོན་དྲུང་ཆེ་ཡིན་པའི་སྐབས་སུ། རྒྱ་ནག་གི་ཕྱོགས་ནས་ལྕམ་ཧེ་ལ་རེ་ནི་ཝ་ཤིན་ཊོན་གཞུང་གིས་ཨེ་ཤ་ཡ་ལྟེ་བར་བཟུང་སྟེ་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་གྱི་སྟོབས་ཤུགས་དང་པེ་ཅིན་གཞུང་གི་དབང་སྒྱུར་སྲིད་ཇུས་བཅས་ལ་ཁ་གཏད་གཅོག་མཁན་མི་སྣ་གཙོ་བོ་ཞིག་ཏུ་མཐོང་གི་ཡོད།

ལྕམ་ཧེ་ལ་རེ་དང་བསྡུར་ན་རྒྱ་ནག་ནང་སྐུ་ཞབས་ཊི་རུམ་ཕི་ཡི་ཆབ་སྲིད་ལངས་ཕྱོགས་དང་ཕྱི་འབྲེལ་སྲིད་ཇུས་དེ་ན་ནིང་ཁོང་གི་རྒྱབ་སྐྱོར་སྤྱི་མཐུན་ཚོགས་པའི་ཆབ་སྲིད་བྱ་འགུལ་སྤེལ་རག་བར་ཏུ་ཆ་རྒྱུས་གང་ཡང་མེད་པ་མ་ཟད། དེ་སྔོན་སྐུ་ཞབས་ཊི་རུམ་ཕི་ནི་ཨ་རིའི་དངོས་དོན་བརྙན་འཕྲིན་ཁང་དང་ཨ་རིའི་ས་ཁང་འཛུགས་སྐྲུན་བཅས་ཀྱི་ཁེ་གཉེར་བ་སྐད་གྲགས་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག

སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་འཛིན་འོས་འདེམས་ཀྱི་བྱ་འགུལ་མགོ་བཙུགས་པ་ནས་བཟུང་། ཁོང་གིས་རྒྱ་ནག་གི་ཕྱི་འདྲེན་དངོས་ཟོག་གི་ཚོང་ཁྲལ་བརྒྱ་ཆ་ ༤༥ སྤོར་དགོས་པ་དང་རྒྱ་ནག་གིས་ཨ་རིའི་ཁེ་ལས་ལ་གཏོར་བརླག་ཚབས་ཆེན་བྱས་པ་སོགས་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱ་ནག་ལ་ཡ་ལན་སློག་གིན་ཡོད་པ་ལྟར། སྐྱོན་བརྗོད་དེས་རྒྱ་ནག་གཞུང་མང་གཉིས་ལ་དོ་ཕོག་བཟོས་ཡོད་ནའང་། སྤྱི་ཡོངས་ནས་ཁོང་གིས་རྒྱ་ནག་ཐོག་འཛིན་པའི་ཆབ་སྲིད་ལངས་ཕྱོགས་དེ་ལ་གསལ་ཁ་གང་ཡང་མེད་པ་རེད།

སྐུ་ཞབས་ཊི་རུམ་ཕི་ཡིས་མུ་མཐུད་རྒྱ་ནག་གིས་ཨ་རི་ལ་དཔལ་འབྱོར་གྱི་བུ་ལོན་མང་པོ་ཆད་པའི་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་སུ། ཁོང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་བཅུ་གཉིས་བར་གྱི་ཚོང་དོན་གྲོས་ཆིངས་ (TPP) འཐོར་ཞིག་ཏུ་གཏོང་རྒྱུ་ཁག་ཐག་བྱས་པ་དེས་རྒྱ་ནག་ལ་དགའ་མོས་ཆེན་པོ་ཞིག་བསླངས་ཡོད། རྒྱུ་མཚན་ནི་རྒྱ་ནག་ཚོང་དོན་གྲོས་ཆིངས་དེའི་ནང་ཞུགས་ཡོད་པས། ཚོང་དོན་གྲོས་ཆིངས་དེའི་གནོན་ཤུགས་འགོག་སྡོམ་བྱེད་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་རེད།

དེར་མ་ཟད། རྒྱ་ནག་གི་རྣ་ལམ་དུ་སྒྲ་དབྱངས་སྙན་མོ་མཆེད་ཀྱིན་ཡོད་པ་ནི། རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་གཙོས་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཚང་མ་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་ནན་བཤད་བྱེད་བཞིན་པའི་སྐབས་འདིར། སྐུ་ཞབས་ཊི་རུམ་ཕི་ཡིས་མཚོ་ཁུལ་དེར་ཨ་རིའི་དམག་དཔུང་གཏོང་རྒྱུ་ཁས་ལེན་བྱས་པ་དེ་རེད་ལ། གནད་དོན་དེ་ནི་ལས་སླ་བོར་སེལ་ཐབས་མེད་པའི་རྩོད་གླེང་ཞིག་ཏུ་གྱུར་ཡོད། འོན་ཀྱང་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་གླེང་སློང་ཙམ་ཡང་བྱས་མེད།

རྒྱུ་མཚན་དེ་ལ་བརྟེན་ནས་འདས་པའི་བདུན་ཕྲག་ཁ་ཤས་ནང་རྒྱ་ནག་གིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ལས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་འདེམས་སྲིད་པའི་བསམ་ཚུལ་དང་གླེང་ཕྱོགས་བྱུང་བ་རེད། ཡིན་ནའང་བདེན་ཆོག་ཆོག་གི་གླེང་ཕྱོགས་དེ་ད་དུང་སོམ་ཉིར་ཚུད་ཡོད།

རྒྱལ་སྤྱིའི་ཆབ་སྲིད་དང་ཕྱི་འབྲེལ་སྲིད་ཇུས་དེ་ཅི་ཙམ་རིང་སེམས་ཁུར་དུ་གྱུར་བ་དེ་སྲིད་དུ། པེ་ཅིན་གཞུང་ལ་མཚོན་ན། གནད་དོན་དེ་གསལ་བོར་རྟོགས་མཁན་ཞིག་དང་སྟབས་བསྟུན་བྱ་རྒྱུ་ནི་རྩོད་གླེང་དེ་སེལ་ཐབས་ལེགས་པོ་ཞིག་ཡིན་པ་སྨོས་མེད་རེད།

སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་དོ་སྣང་མི་བྱེད་པར་ཉོ་འཚོང་གི་ཁེ་ཕན་གཙོ་བོར་འཛིན་གྱི་ཡོད་སྟབས། ང་ཚོས་གལ་ཏེ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་རྒྱལ་ཁ་འཐོབ་པ་ཡིན་ན། ཡུན་རིང་གི་ལོ་རྒྱུས་ལྡན་པའི་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་དེ་གློ་བུར་རང་ཆད་འགྲོ་སྲིད་ཅེས་ཀྱང་བཤད་ཆོག་ཆོག་ཡིན།

www.scmp_.comsitesdefaultfilesstyles660x385publicimagesmethode201609303de7f97e-8626-11e6-8fff-f52227c06034_660x385-f153901a6be393d2db1a925ca59223a20328c0e4

སྤྱིར་ཨ་རིའི་སྐབས་ ༣༧ པའི་སྲིད་འཛིན་འོས་མི་རེ་ཆར་ཌི་ནེ་སོན་མཆོག་ནི་དམར་ཤོག་རིང་ལུགས་པར་རྒྱབ་འགལ་བྱེད་མཁན་ཞིག་ཡིན་ནའང་། ཕྱི་ལོ་ ༡༩༧༢ ལོར་ཁོང་པེ་ཅིན་དུ་བསྐྱོད་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་བསྐྱར་མཐུད་གནང་བ་རེད།

སྐབས་ ༤༣ པའི་ཨ་རིའི་སྲིད་འཛིན་བྷུ་ཤཱིས་སྐབས་གཉིས་པར་སྲིད་དབང་སྐྱོང་སྐབས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཐད་སྔར་བྱུང་མ་མྱོང་བའི་བཟང་ཕྱོགས་ཀྱི་འཕོ་འགྱུར་བྱུང་ཡོད་ལུགས་བཤད་ཀྱང་། ཕྱི་ལོ་ ༢༠༠༡ ལོར་སྲིད་འཛིན་བྷུ་ཤཱི་མཆོག་གིས་ཨ་རིའི་སྲིད་དབང་འཛིན་སྐྱོང་མ་གནང་བའི་བདུན་ཕྲག་བཅུའི་ནང་ཚུད་ལ་ཨ་རིའི་གསང་མྱུལ་བའི་གནམ་གྲུར་དོན་རྐྱེན་བྱུང་བར་བརྟེན་ནས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད། ཡིན་ནའང་སྐུ་ཞབས་ཊི་རུམ་ཕི་མཆོག་ནི་སྤྱི་མཐུན་ཚོགས་པའི་འཐུས་མི་མིན་སྟབས། སྲིད་འཛིན་ཟུར་བ་བྷུ་ཤཱིའི་ནང་མི་དང་གནད་ཡོད་དཔོན་རིགས་ཚོས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་། རྣམ་འགྱུར་དེ་ལ་བརྟེན་ནས་རྒྱ་ནག་གི་དཔོན་རིགས་ཚོའི་དམིགས་ཡུལ་འགྲུབ་མི་སྲིད།

 

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༧ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese