མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲོམ་སའི་མེ་སྐྱོན་ལ་རོགས་དངུལ་འབུམ་ ༥༢ ཙམ་གནང་།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ལ་ལི་ཀེ་ལའི་བོད་མི་སུད་ཚོང་བའི་མེ་སྐྱོན་གོད་ཆག་ལ་ད་ལྟའི་བར་དུ་ཁྱོན་ཧིན་སྒོར་འབུམ་ ༥༢ ཙམ་ཞལ་འདེབས་སུ་གནང་འདུག་ལ། ཕྱི་རྒྱལ་ཁག་ནས་རོགས་དངུལ་གཏོང་སྐབས་རོགས་དངུལ་སུ་ལ་གནང་བ་ཡིན་ཁ་གསལ་འབྲི་དགོས་པའི་འབོད་སྐུལ་གནང་སོང་།

14925315_116711378806315_1701015950764445590_nཉེ་སྔོན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལ་ལི་ཀེ་ལ་བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་སྟེ། ཁྱོན་ཚོང་ཁང་ ༡༣༨ ཀྱི་ཚོང་རྫས་ཡོད་ཚད་ཚིག་རོར་གྱུར་ཏེ་ཧིན་སྒོར་ས་ཡ་ ༡༢༩ ལྷག་གི་དཔལ་འབྱོར་གྱི་གྱོང་གུད་ཐེབས་ཡོད་སྟབས། གང་མགྱོགས་ཀྱིས་ཁྲོམ་ར་སླར་གསོ་བྱུང་སྟེ་གྱོང་གུད་ཁ་གསབ་གནང་ཐུབ་པའི་ཆེད་དུ། བོད་མིའི་སྒྲིག་འཛུགས་ནས་ཛ་དྲག་ངལ་སེལ་རོགས་དངུལ་ཧིན་སྒོར་འབུམ་ ༡༥ དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཧིན་སྒོར་ཁྲི་ ༧། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་མང་པོ་ནས་རོགས་དངུལ་གནང་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཧིན་སྒོར་འབུམ་གཅིག་ཛ་དྲག་ངལ་སེལ་དུ་གནང་སྟེ་མུ་མཐུད་ས་གནས་གཞོན་ནུ་ཁག་ནས་རོགས་དངུལ་བསྡུ་ཡི་ཡོད་པ་མ་ཟད། དབུས་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༩ རེས་གཟའ་སྤེན་པའི་ཕྱི་དྲོར། དྷ་ས་བོད་ཀྱི་ཟློས་གར་ཁང་དུ་( རོགས་དངུལ་འདུ་འགོ། )ཅེས་པའི་སྐྱིད་སྡུག་མཉམ་མྱོང་གི་མཚན་ཚོགས་ཤིག་ཀྱང་བསྡུ་འཆར་ཡོད་འདུག

དེ་རིང་སྔ་དྲོར་གསར་འགོད་པས་ཁ་པར་བརྒྱུད་ལ་ལི་ཀེ་ལ་བོད་མི་སུད་ཚོང་ཚོགས་པའི་ཚོགས་གཞོན་བསོད་ནམས་སྟོབས་རྒྱལ་ལགས་སུ། ད་ལྟའི་ཆར་བོད་མིའི་ཁྲོམ་ར་བསྐྱར་གསོའི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར། རྒྱ་གར་གཞུང་ནས་མེ་སྐྱོན་ཇི་ལྟར་བྱུང་ཡོད་པའི་སྐོར་ལ་ཞིབ་འཇུག་གནང་བཞིན་པ་ཡིན་སྟབས། ད་ལྟའི་ཆར་ཁྲོམ་ས་བསྐྱར་གསོ་བྱེད་པར་དངོས་སུ་ལག་པ་འཆང་ཆོག་གི་མེད་ཀྱང་། སང་ཉིན་ཞོགས་པ་ནས་བཟུང་རྒྱ་གར་གྱི་འབྲེལ་ཡོད་ལ་འབྲེལ་བ་བྱས་ཏེ། ཁྲོམ་སར་ལག་པ་འཆང་ཆོག་གི་ཡོད་མེད་དང་གཙང་བཟོའི་ཐོག་རབ་དང་རིམ་པ་བྱས་ནས་ལས་ཀ་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ད་ལྟའི་བར་དུ་ཁྱོན་ཞལ་འདེབས་སྒོར་ག་ཚོད་ཅིག་འདུས་ཡོད་དྲིས་པར་ཁོང་གིས། དབུས་བོད་མིའི་སྒྲིག་འཛུགས་ནས་ཛ་དྲག་ངལ་སེལ་ཆེད་སྒོར་འབུམ་ ༡༥ དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཡུལ་དངོས་སུ་ཆེད་དུ་ཕེབས་ཏེ་སྒོར་ཁྲི་ ༧ གནང་ཡོད་པ་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་། ཉེ་འཁོར་གྱི་བོད་མིའི་སུད་ཚོང་ས་གནས་ཁག་མང་པོ་ཞིག་ནས་སྐུ་ཚབ་ཆེད་ཕེབས་ཀྱིས་བློ་ཕམ་ཆེན་པོས་གདུང་སེམས་མཉམ་སྐྱེད་གནང་བ་དང་འབྲེལ། ད་ལྟའི་བར་དངུལ་སྨར་དང་(Chekque)བཅས་ཁྱོན་ཧིན་སྒོར་འབུམ་ ༥༢ ཙམ་ཞལ་འདེབས་སུ་གནང་ཡོད་པ་དང་། ཐེངས་འདིའི་མེ་སྐྱོན་ཁྲོད་ཁྱོན་ཧིན་སྒོར་ས་ཡ་ ༡༢༩ ལྷག་(༡༢༩༣༤༧༠༡༤)གིས་གྱོང་གུད་ཐེབས་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ལ་ལི་ཀེ་ལའི་ཁྲོམ་རའི་ས་བདག་ལྡི་ལི་གྲོང་སྡེ་རང་སྐྱོང་ལྷན་ཚོགས་( Municipal Corporation of Delhi)ཡིན་པས། དེ་ལ་ཉེ་སྔོན་ང་ཚོས་ས་རིན་ཁྱོན་ཧིན་སྒོར་༨༠༤༧༠༠ ལྷག་ཕུལ་ཡོད་པ་དེ་ཚོ་ཚུར་སློག་རོགས་གནང་། ང་ཚོར་རྐྱེན་ངན་གོད་ཆག་བྱུང་སོང་། རྣམ་པ་ཚོས་དགོངས་པ་བཞེས་པའི་ཐོག་ནས་ང་ཚོར་རོགས་པ་གནང་རོགས། མ་ཟད་རིན་མེད་ཀྱི་ཐོག་ནས་ཉིན་འཕར་མར་ཁྲོམ་སྟོན་ཆོག་པའི་ཆོག་མཆན་གནང་རོགས་ཟེར་ནས་ས་གནས་ཁྱབ་ཁོངས་ཀྱི་གྲོས་ཚོགས་འཐུས་མིས་ཞུས་ཡོད་པ་དང་། དེ་ཚོ་ཁ་ནས་ཞལ་བཞེས་གནང་ཡོད་ཀྱང་གུང་གསེང་དུ་ཁེལ་ཏེ་ཡིག་ཐོག་ནས་ལག་བསྟར་ཏག་ཏག་ཅིག་འགྲོ་མེད་སྟབས། སང་ཉིན་ནས་བཟུང་མུ་མཐུད་འབྲེལ་ཡོད་ལ་ཞུ་གཏུག་གི་ལས་འགུལ་འགྲོ་རྒྱུ་ཡིན་སྐོར་དང་། རྒྱ་གར་གཞུང་ནས་ད་ལན་མེ་སྐྱོན་བྱུང་བའི་ཚོང་ཁང་ ༡༣༨ གྱི་ཐོ་གཞུང་དང་། བདག་པོ་མི་རེ་ངོས་རེ་ལའང་ཞིབ་འཇུག་གནང་ཟིན་ཡོད་ལ། སྤྱིར་བཏང་ས་སྟོང་དུ་ཚོང་སྟོན་མཁན་དང་། ཡང་ན་རྩྭ་ཁང་རིགས་ནང་ཚོང་སྟོན་མཁན་ལ་ཛ་དྲག་གི་དཀའ་ངལ་བྱུང་ཚེ། རྒྱ་གར་གཞུང་ནས་སྐྱོབ་གསོ་རོགས་དངུལ་སྟོང་ཕྲག་བཅུ་བཅོ་ལྔ་ཞིག་གནང་བའི་ལུགས་སྲོལ་ཡོད་སྟབས། སྐྱོབ་གསོ་དེ་རག་པར་ཐབས་ཤེས་གནང་རྒྱུ་ཡིན་ལུགས་གསུངས་ཡོད་ཀྱང་། དངོས་སུ་ཁས་བླངས་བ་དང་ཁ་གསལ་གང་ཡང་མེད་པ་དང་། གལ་སྲིད་སྐྱོབ་གསོ་དེ་རག་པ་ཡིན་ནའང་ཚོང་ཁང་ ༡༣༨ ཆ་ཚང་ལ་ཐུགས་ཕན་གསོ་བ་ཞིག་ཡོང་མི་ཐུབ་པས། ཞིབ་འཇུག་རོགས་སྐྱོར་གནང་བར་མུ་མཐུད་ཞུ་གཏུག་གི་ལས་འགུལ་འགྲོ་མུས་ཡིན་སྐོར་བརྗོད་བྱུང་།

མཇུག་ཏུ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ལ་ལི་ཀེ་ལའི་སུད་ཚོང་ཚོགས་པ་རང་གི་ངོས་ནས་ཕྱི་རྒྱལ་ཁག་ནས་རོགས་དངུལ་ཐད་ཀར་ལེན་ཐུབ་ཀྱི་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བརྒྱུད་ཕྱི་རྒྱལ་ནས་རོགས་དངུལ་ལེན་དགོས་ཀྱི་ཡོད་སྟབས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་རམ་གནང་འདོད་ཡོད་མཁན་ཚོས། ལ་ལི་ཀེ་ལའི་བོད་མི་སུད་ཚོང་བ་ཚོའི་ཆེད་དུ་དངུལ་འདི་འདྲ་ཞིག་གནང་བ་དང་། ས་གནས་མགོ་འཛིན་དང་དེ་བཞིན་ས་གནས་ས་ཐོག་ཏུ་ཡོད་པའི་བོད་མིའི་སྐུ་ཚབ་ལས་ཁུངས་དེ་བརྒྱུད་ནས་བཏང་བ་ཡིན་ཞེས་ཁ་གསལ་འབྲི་དགོས་ཀྱི་འདུག ཁ་གསལ་ག་རེ་བྱས་ནས་འབྲི་དགོས་པ་རེད་ཟེར་ན། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ལ་སྟོན་ཐོག་ཡག་པོ་མ་བྱུང་བའི་དཀའ་ངལ་ཐོག་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགྲོ་བཞིན་ཡོད་སྟབས། ཕྱི་རྒྱལ་ཁག་ནས་ཞལ་འདེབས་གནང་མཁན་ཚོས་དེ་གཉིས་ལས་གང་ལ་གནང་བ་ཡིན་ནའང་ཁ་གསལ་པོ་འབྲི་རོགས་གནོངས། ཞེས་འབོད་སྐུལ་གནང་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese