མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་སོག་ཡུལ་དུ་ཕེབས་པར་རྒྱ་གཞུང་ཁོང་ཁྲོ་ལངས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

སོག་ཡུལ་དགའ་ལྡན་ཆོས་གླིང་གིས་གདན་འདྲེན་ཞུས་པ་ལྟར་༧གོང་ས་མཆོག་གིས་སོག་ཡུལ་ནང་མཛད་འཕྲིན་སྐྱོང་གི་ཡོད་པ་དེ་སོག་ཡུལ་གཞུང་གིས་ཆབ་སྲིད་དང་འབྲེལ་བ་མེད་པར་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཡིན་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་དུ་ཆིབས་སྒྱུར་སྐྱོང་གི་ཡོད་པ་ལྟར། ཁ་སང་སོག་ཡུལ་ཕྱི་སྲིད་ལྷན་ཁང་གི་བློན་ཆེན་མུན་ཀ་ཨོར་གྷེལ་ (Munkh-Orgil)གྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་པ་དེ་སོག་ཡུལ་གཞུང་དང་འབྲེལ་བ་མེད་པ་དང་། ད་ལྟའི་བར་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཐེངས་དགུ་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཐེངས་འདིར་ཡང་སོག་ཡུལ་གྱི་ནང་པའི་དགོན་པ་དགའ་ལྡན་ཐེག་ཆེན་གླིང་གིས་གདན་ཞུ་ལྟར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གིང་ཧྲང་ (Geng Shuang) ཟེར་བས། ཏཱ་ལའི་བླ་མ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕྱིན་པ་ནས་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་རྒྱ་གཉིས་ཁ་བྲལ་གཏང་ཐབས་ཀྱི་བྱ་འགུལ་སྤེལ་གྱིན་ཡོད། ང་ཚོས་སོག་ཡུལ་དང་རྒྱ་ནག་གཉིས་བར་གྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་བརྟན་ལྷིང་ཡོང་ཆེད་ཏཱ་ལའི་བླ་མ་སོག་ཡུལ་དུ་ཕེབས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། སོག་ཡུལ་ནས་ཏཱ་ལའི་ཤོག་ཁག་ལ་རྒྱབ་སྐྱོར་དང་ཁེ་ཕན་བསྒྲུབ་པར་ཡང་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་བཤད་ཡོད་པ་རེད།

རྒྱ་གར་ཧིན་རྡི་ (the hindu) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ༧གོང་ས་མཆོག་གིས་སོག་ཡུལ་གནམ་ཐང་དུ་ཞབས་སོར་འཁོད་རྗེས། ཁོང་གིས་གསར་འགོད་པར། བོད་སོག་མི་རིགས་གཉིས་བར་གནའ་སྔ་མོ་ནས་དགེ་སློབ་ཀྱི་མཛའ་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དང་། ཁོང་ཉིད་ནས་སོག་ཡུལ་མི་མང་གིས་དེང་དུས་ཚན་རིག་དང་ཤེས་ཡོན་སློབ་གསོར་བརྟེན་ནས་སོ་སོའི་ཡུལ་ལུང་ཡར་རྒྱས་གཏང་བ་དང་། འགྲོ་བ་མིའི་རིགས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་ལྷག་པར་དུ་རྒན་པར་བརྩི་བཀུར་བྱེད་པའི་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཛིན་ཐུབ་པའི་རེ་བ་ཡོད། ཅེས་གསུངས་ཡོད་སྐོར་འཁོད་འདུག

རྒྱ་གར་བང་ཆེན་གསར་ཁང་ (indian express) གིས་གནས་ཚུལ་ཞིག་སྤེལ་བའི་ནང་། སོག་ཡུལ་མི་མང་གིས་རྒྱ་ནག་གི་གནོན་ཤུགས་ལ་མ་བལྟས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་པ་དེས་པེ་ཅིན་གཞུང་ལ་ཕོག་ཐུག་ཆེན་པོ་བཟོས་ཏེ། ༧གོང་ས་མཆོག་སོག་ཡུལ་དུ་ཞབས་སོར་འཁོད་རྗེས་རྒྱ་ནག་གཞུང་གིས་པེ་ཅན་ནས་སོག་ཡུལ་རྒྱལ་ས་ཨོ་ལན་བྷ་ཊར་ (Ulaanbaatar) བར་འཕུར་སྐྱོད་བྱེད་བཞིན་པའི་སྐྱེལ་འདྲེན་གནམ་གྲུ་གནས་སྐབས་རིང་ཕྱིར་འཐེན་བྱས་ཡོད་སྐོར་འཁོད་འདུག

སོག་ཡུལ་དད་ལྡན་མི་མང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་བལྟས་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ཚེས་ ༡༩ ནས་ ༢༢ ཉིན་བར་སོག་ཡུལ་གྱི་མངའ་སྡེ་ཁག་གི་ནང་པའི་དགོན་པ་དང་ཆོས་ཚོགས་ཁག་གི་དབུ་ཁྲིད་དང་མཁན་པོ་ཚོར་མཇལ་འཕྲད་གནང་བ་དང་། སོག་པོའི་རྒྱལ་ས་ཨོ་ལན་བྷ་ཊར་གྱི་སློབ་གྲྭ་ཆེན་མོ་ཁག་ཅིག་ནང་བཀའ་སློབ་གནང་བ་བཅས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

སྐར་མ ༡༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese