མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཆོག་ཉེ་ཆར་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་པའི་གལ་གནད་རང་བཞིན།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བུ་ཆུང་ཚེ་རིང།(རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།)

ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

༢༠༡༦ ཟླ་ ༡༡ ཚེས་ ༡༩ ཉིན་སོག་ཡུལ་རྒྱལ་ཨུ་ལན་བྷ་ཌར་རུ་སོག་པོའི་ནང་པའི་དད་ལྡན་པ་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་སྒུག་ཞུ་བཞིན་པ།

༡༩༥༩ རྗེས་ཀྱི་དུས་རིམ་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་འགྱུར་ལྡོག་གི་རྣམ་པ་གསར་པ་གཅིག་ནི་ཁོང་གི་རྗེས་འབྲང་པའི་གྲུབ་ཆའི་རང་བཞིན་ཐོག་མངོན་བཞིན་པའི་གསལ་ཆ་དེ་རེད། ༸གོང་ས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་ཆོས་ཀྱི་དབུ་ཁྲིད་ཙམ་ཞིག་ཡིན་པའི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཕྱིན་ཡོད། ཤར་ནུབ་ཀྱི་ཡུལ་གྲུ་གཉིས་ཀའི་ནང་ཁོང་གི་རྗེས་སུ་འབྲང་མཁན་སྟོང་ཚོ་མང་པོ་བྱུང་བ་ཙམ་ཞིག་མ་ཡིན་པར། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་བོད་ཀྱི་ཕྱི་ཕྱོགས་ཀྱི་ས་ཁུལ་ཧི་མ་ལ་ཡའི་རི་རྒྱུད་དང་། སོག་ཡུལ། དེ་བཞིན། དེང་སང་གི་ཨུ་རུ་སུའི་མནའ་མཐུན་མཉམ་འབྲེལ་བཅས་སུ་སྲོལ་རྒྱུན་ནས་ཆགས་པའི་བོད་བརྒྱུད་ནང་བསྟན་རྗེས་འབྲང་པའི་རྣམ་པ་ཡང་སྔར་ལས་མངོན་གསལ་ཇེ་ཆེར་ཕྱིན་ཡོད།

རྣམ་པ་འདི་ནི་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་དང་ཡུལ་གྲུ་གཞན་དག་ཏུ་བཀའ་ཆོས་བསྩལ་གནང་སྐབས་དང་། དམིགས་བསལ་དུ་རྡོ་རྗེ་གདན་དུ་བཀའ་ཆོས་བསྩལ་སྐབས་འབྲུག་པ་དང་། མོན་པ། ཤར་པ། འབྲས་ལྗོངས་པ། ལ་དྭགས་པ། སོག་པོ་ལ་སོགས་པའི་རིགས་འདྲ་མིན་སྣ་ཚོགས་ཤིག་འདུས་པ་མཐོང་བཞིན་པ་ལས་ཁ་གསལ་ངང་རྟོགས་ཐུབ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཞིག་གི་རིང་སྲོལ་རྒྱུན་གྱི་ནང་པའི་རྗེས་འབྲང་པ་ཚོས་དུས་རབས་གསར་པའི་རྗེས་སུ་འབྲང་དགོས་པ་དང་། ནང་ཆོས་ཀྱི་ཆོ་ག་ཕྱག་ལེན་ཙམ་ལ་མགོ་འཁོར་ཏེ་མ་བསྡད་པར་ནང་པའི་གཞུང་ཆེན་པོ་དག་ལ་ཕྱོགས་ཡོངས་ནས་དོ་སྣང་བྱ་དགོས་པར་སྐུལ་ལྕགས་གཏོང་བའི་གསུང་འཕྲིན་རྒྱ་ཆེར་བསྩལ་གནང་ཡོད། ཁོང་གིས་ད་དུང་དུས་རབས་གསར་པའི་ནང་པའི་རྗེས་འབྲང་པ་ཚོས་དེང་རབས་ཚན་རིག་དང་འབྲེལ་མོལ་བྱེད་སྐབས་ནང་པའི་ཚན་རིག་གི་ཤེས་བྱ་རྣམས་བཀོལ་སྤྱོད་བྱ་ཐུབ་པ་དགོས་རྒྱུར་གལ་ཆེར་གཟིགས་བཞིན་ཡོད།

སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཌར་རུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཆོས་བསྩལ་བ་ཙམ་མ་ཡིན་པར་། དུ་དུང་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ལྷན་ཚོགས་ཤིག་ལ་མཉམ་ཞུགས་ཀྱང་མཛད་གནང་ཡོད། ལྷན་ཚོགས་དེའི་སྐབས་སུ་ཁོང་གིས་ “ནང་པའི་མཁས་པ་དང་ནང་ཆོས་ཉམས་ལེན་བྱེད་མཁན་ཚོས་དངོས་ཁམས་རིག་པ་ལ་སློབ་སྦྱོང་བྱས་པ་བརྒྱུད་ཕན་ཐོགས་བྱུང་ཡོད་ལ། དེ་དང་ཆ་མཚུངས་པར་དེང་རབས་ཚན་རིག་པ་ཚོས་ནང་པ་སངས་རྒྱས་པའི་གཞུང་ནས་བསྟན་པའི་སེམས་དང་ཚོར་བའི་བྱེད་ལས་ཀྱི་སྐོར་ལ་ཤེས་འདོད་ཆེ་བའི་འདུན་པ་ཤུགས་ཆེ་ཞིག་སྟོན་བཞིན་ཡོད།” ཅེས་གསུངས་ཡོད།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ལྷན་ཚོགས་དེ་ནི་སོག་ཡུལ་གྱི་ནང་པའི་མང་ཚོགས་རྣམས་ལ་ཕན་ཐོགས་ཡོང་ཆེད་དུ་བསྐོང་ཚོགས་གནང་བར་ཐུགས་དགྱེས་ཚོར་བྱུང་སྐོར་གསུངས་ཡོད། ལྷན་ཚོགས་དེར་གཏམ་བཤད་གནང་མཁན་གྱི་ཁྲོད་སཱན་ཕཱ་རན་སི་ཀོ་རུ་རྟེན་གཞི་བྱས་པའི་ཁཱེ་ལི་ཕོར་ནི་ཡཱའི་གཙུག་ལག་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པ་བ་དང་དབང་རྩའི་ཚན་རིག་པ་ཧེ་ལེན་ཝེ་ཝཱང་(Helen Y. Wang) གིས་སྒོམ་སྒྲུབ་ཀྱི་དབང་རྩའི་ཚན་རིག་(Contemplative Neuroscience) དང་སྤྱི་ཚོགས་ཀྱི་ལས་དོན་ནང་ཞུགས་པའི་ནང་པའི་ཆོས་(Socially Engaged Buddhism)ཀྱི་སྐོར་ལ་གཏམ་བཤད་གནང་ཡོད་ཅིང་། སོག་ཡུལ་གྱི་ཚན་རིག་དང་འཕྲུལ་རྩལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཡིན་པ་སྦི་སྦོལཌ་སཱའི་ཁཱང་(B. Boldsaikhan)གིས་སྨན་དང་གཏན་ཚིགས་རིགས་པའི་སྐོར་དང་། དངོས་ཁམས་རིག་པའི་མཁས་པ་ཀེ་ནམ་སི་རཱའི་ (K. Namsrai) ཡིས་ཀོན་ཊམ་དངོས་ཁམས་རིག་པ་དང་ནང་པའི་ལྟ་གྲུབ་དབར་གྱི་འབྲེལ་བའི་རང་བཞིན་སྐོར་ལ་གཏམ་བཤད། དེ་བཞིན། བྱང་ཁཱ་རོ་ལི་ནཱ་ནང་ཡོད་པའི་སྨན་དཔྱད་སློབ་གཉེར་ཁང་ཞིག་གི་དབང་རྩའི་ཚན་རིག་གི་འགན་འཛིན་གཞོན་པ་ཌོག་ཊར་ཕེ་ཌེལ་ཛི་ཌན་(Dr. Fadel Zeidan) གྱིས་ན་ཟུག་དང་སྒོམ། དྲན་པ་མཉམ་གཞག་བཅས་ཀྱི་དབང་རྩའི་ཚན་རིག་སྐོར་གཏམ་བཤད་སྤེལ་གནང་ཡོད།

སྤྱིར་བཏང་གི་ཆ་ནས་སོག་ཡུལ་དང་སོག་ཡུལ་གྱི་མང་ཚོགས་ཀྱི་རང་བཞིན་ལ་བསམ་བློ་གཏོང་ཚེ་༸གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཆིབས་སྒྱུར་བསྐྱངས་བ་ནི་ཧ་སང་དགོས་དོན་ཞིག་མ་ཡིན། སོག་པོའི་མི་རིགས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་བར་ལ་ལོ་རྒྱུས་ཀྱི་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་རེད། སོག་པོའི་མང་ཚོགས་མང་ཆེ་བ་ནི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཡིན་ཞིང་། ཁོང་ཚོའི་དད་འདུན་གྱི་བསམ་པ་ནི་ཐེངས་འདིའི་ཆིབས་སྒྱུར་སྐབས་ཁ་གསལ་གྱི་སྒོ་ནས་ཕྱིར་མངོན་ཡོད། མང་ཚོགས་ཁག་ཅིག་ནི་རང་ཉིད་ཀྱི་དད་གུས་རྩི་ཞུ་སའི་ཆོས་ཀྱི་དབུ་ཁྲིད་ཁོང་གི་ཞལ་མཇལ་ཡུན་ཙམ་ཞིག་འཐོབ་ན་སྙམ་སྟེ་ད་ལྟའི་གྲང་ངར་ཆེ་བའི་དགུན་དུས་ཀྱི་གནམ་གཤིས་དེའི་ནང་མེ་ལེ་བརྒྱ་ཕྲག་འགའ་ཞིག་གི་འགྲུལ་བཞུད་བྱས་ནས་ཞལ་མཇལ་ཞུ་བར་བསླེབས་ཡོད།

དོན་དངོས་ཐོག་ཐེངས་འདིར་ཐ་ན་ཨུ་རུ་སུའི་མནའ་མཐུན་མཉམ་འབྲེལ་ས་ཁུལ་ཁག་ནས་ཀྱང་ནང་པའི་དད་ལྡན་པ་ཁག་ཅིག་བསླེབས་ཡོད་པ་རེད། ཁོང་ཚོ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྐྱོང་གི་ཡོད་པ་གློ་བུར་ཐོས་རྗེས་ལམ་སེང་གྲ་སྒྲིག་བྱས་ཏེ་བཀའ་ཆོས་ཞུ་བར་བཅར་བ་ཞིག་ཆགས་ཡོད། ནེའུ་ཡོག་དུས་བབ་གསར་འགྱུར་ནང་དེ་ལྟར་དུ་བཀའ་ཆོས་ཞུ་བར་བཅར་མཁན་གྱི་མི་གཉིས་ཀྱི་སྐོར་བཀོད་ཡོད། གཅིག་ནི་ཨུ་རུ་སུའི་སི་བེ་རཱི་(Russian Siberia)ས་ཁུལ་ནས་ཡོང་བའི་སོག་པའི་མི་རིགས་ཡིན་པ་དགུང་གྲངས་ ༧༣ ཕེབས་པ་དྷ་རི་ཚེ་རེན་ཞུ་བ་ཞིག་ཡིན་ཞིང་། ཁོང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཆིབས་སྒྱུར་སྐྱོང་གི་ཡོད་སྐོར་རེས་གཟའ་པ་སངས་(ཟླ་ ༡༡ ཚེས་ ༡༨)ཉིན་ཙམ་ལ་ཐོས་ཡོད་པ་རེད། གསར་འགོད་པས་བརྗོད་ན་ “ཁོ་མོས་བཀའ་ཆོས་ཞུ་བར་དུས་ཐོག་ཏུ་འབྱོར་ཆེད་མི་གཞན་ ༤༠ དང་ལྷན་དུ་མཚན་གང་པོ་ཆུ་ཚོད་ ༡༥ རིང་འགྲུལ་བཞུད་བྱས་ཡོད་འདུག” མི་གཞན་དེ་ནི་དགུང་གྲངས་ ༧༥ ཕེབས་པའི་རྫི་བོ་ཞིག་ཡིན་པ་མཚན་ལ་སྦོལཌ་སྦཱ་ཊར་ཞུ་ཞིང་། ཁོང་གིས་མེ་ལེ་ ༡༢༥ འགྲུལ་བཞུད་གནང་ཡོད་འདུག ཁོང་གིས་ནེའུ་ཡོག་དུས་བབ་ལ་བརྗོད་དོན་ “ང་ནི་མི་རྒན་པོ་ཞིག་རེད།” ཅེས་དང་། “གཅིག་བྱས་ན་ངས་སྟོན་པའི་རྣམ་སྤྲུལ་༸གོང་ས་སྐྱབས་མགོན་ཆེན་པོ་ཁོང་གི་ཞལ་མཇལ་ཞུ་ཡག་མཐའ་མ་དེ་ཡིན་རྒྱུ་རེད” ཅེས་བརྗོད་འདུག

དེ་ལྟར་ནའང་རྒྱ་ནག་གཞུང་གིས་དུས་ཡུན་རིང་པོ་ཞིག་གི་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མི་ངོ་ལ་གོ་འཛོལ་གྱི་སྒོ་ནས་བསམ་བློ་བཏང་སྟེ། ཁོང་ནི་ཐབས་ལམ་ཞིག་མ་ཡིན་པར་དཀའ་ངལ་ཞིག་ཏུ་ངོས་འཛིན་གྱིས་རྒྱལ་ཁབ་གཞན་དག་གིས་ཁོང་ཕེབས་བསུ་ཞུ་རྒྱུ་ལས་འགོག་ཆེད་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་བྱེད་གི་ཡོད། སོག་ཡུལ་ལས་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་བཞིན་ཡོད་པ་ནི་དོན་དངོས་ཤིག་རེད། སོག་པོས་དེ་ལྟར་དུ་མགོ་མི་སྒུར་བ་དེ་ནི་སོག་པོའི་དབུ་འཁྲིད་རྣམས་ཀྱིས་རང་ཉིད་ཀྱི་བསམ་བློའི་རྩ་འཛིན་དང་སྲོལ་རྒྱུན་གྱི་རིན་ཐང་རྣམས་གོང་དུ་བཀུར་བའི་ནུས་པ་གསལ་སྟོན་བྱེད་པའི་དན་རྟགས་ཤིག་ཆགས་ཡོད། སོག་པོའི་སྲིད་གཞུང་གིས་རྒྱ་ནག་གི་ཚད་ལས་བརྒལ་བའི་གནོན་ཤུགས་འདི་ནི་སོག་པོའི་ནང་པའི་དད་ལྡན་པ་རྣམས་ཀྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བཀའ་ཆོས་ཞུ་རྒྱུར་འགོག་རྐྱེན་བཟོ་བའི་རྒྱུ་རུ་འགྲོ་བཅུག་མེད། སོག་པོའི་གསར་འགྱུར་བརྒྱུད་ལམ་ཁག་གི་རྣམ་འགྱུར་ལ་ངས་རྟོག་ཞིབ་བྱེད་སྐབས་ཁོང་ཚོས་འཕེལ་ཕྱོགས་དེ་ནི་ཁ་གསལ་གྱི་སྒོ་ནས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག ངའི་རེ་བ་ལ་འཕེལ་ཕྱོགས་དེ་འདྲ་བ་ཞིག་གིས་ད་ལན་སོག་པོའི་དད་ལྡན་པ་རྣམས་ཀྱིས་བཀའ་ཆོས་ཞུ་ཐུབ་པ་བྱུང་བ་ལྟར། མ་འོངས་པར་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་ནང་པའི་དད་ལྡན་པ་ཚོས་ཀྱང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་གནང་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བཀའ་ཆོས་ཞུ་ཐུབ་པའི་དུས་སྐབས་ཤིག་ཤར་བའི་སྨོན་ལམ་ཞུ་བཞིན་ཡོད།།

 

མ་རྩོམ་གྱི་ཁ་བྱང་། http://tibet.net/2016/11/on-the-great-significance-of-the-dalai-lamas-latest-visit-to-mongolia/

 

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༠ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese