མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཀྱི་ནུས་སྟོབས་སྤེལ་མཁན་ཡིན་ཟེར་ནས་ཁང་པའི་ནང་སྐྱིད་པོ་བཏང་ནས་བསྡད་ན་ཡོང་གི་མ་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་བུད་མེད་སྐོར་གྱི་བགྲོ་གླེང་སྟེང་རྒྱ་གར་སྤྱི་ཚོགས་དང་བསྡུར་ན་བོད་པའི་བུད་མེད་ཀྱི་གནས་སྟངས་གང་འདྲ་ཡོད་མེད་དང་། བུ་མོ་ཚོ་ཉམས་ཆུང་དང་ནང་ལས་ཡག་པོ་བྱེད་མཁན་ཡིན་དགོས་སྙམ་པའི་ཀུན་སློང་གི་འབྱུང་ཁུངས། བུད་མེད་ནུས་སྟོབས་སྤེལ་བར་སྤེལ་ཡུལ་དང་སྤེལ་མཁན་གཉིས་ལ་ཆ་རྐྱེན་གང་དག་འཚང་དགོས་མིན་སོགས་ཀྱི་ཐོག་བསམ་ཚུལ་བཤད་ཡོད།

IMG_3800

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་ཚོགས་ཁང་དུ། ཕྱི་ཟླ་ ༡༡ ཚེས་ ༢༧ ནས་ ༣༠ བར་གྱི་ཉིན་གསུམ་རིང་། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་ཚད་མཐོའི་ཟབ་སྦྱོང་བསྐྱར་ཞིབ་ཐེངས་དང་པོ། ཞེས་པ་མཇུག་བསྒྲིལ་བ་དང་བསྟུན་ཏེ། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ ༼བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དེའི་ཕྱི་རོལ་དུ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་ཤུགས་སྣོན།༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གནང་ཡོད་པ་དང་། བགྲོ་གླེང་གཏམ་བཤད་གནང་མཁན་དུ། རང་དབང་གི་གསར་འགོད་པ་བློ་བཟང་དབང་རྒྱལ་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་ཆོས་སྒྲོན་ལགས། བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་བསྟན་འཛིན་སྐལ་བཟང་ལགས། དེ་བཞིན། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་དང་གཞོན་སྐྱེས་ཁག་ཅིག་བཅས་འཛོམས་འདུག

བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་ངོ་སྤྲོད་གནང་དོན། ད་ལན་བུད་མེད་ནུས་སྟོབས་གོང་འཕེལ་ཡོང་ཐབས་ཀྱི་ཟབ་སྦྱོང་གཙོ་བོ་འདི་སྔོན་མ་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་མ་སྤྲད་སྔོན་གྱི་གནས་སྟངས་དང་ཟབ་སྦྱོང་སྤྲད་པའི་རྗེས་ཀྱི་གནས་སྟངས་དང་བསམ་བློ་གཏོང་སྟངས། སྤྱི་ཚོགས་ནང་ཕྱག་ལས་གནང་སྟངས་སོགས་ཀྱི་ཀྱི་ཐོག་ལ་ཡར་རྒྱས་དང་འགྱུར་བ་ག་འདྲ་ཕྱིན་ཡོད་མེད་ལ་བསྐྱར་ཞིབ་བྱས་པ་ཡིན། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ལ་སོགས་པའི་སྐད་ཆ་མང་པོ་ཡོང་གི་ཡོད་སྟབས། ང་ཚོས་བུད་མེད་ནུས་སྟོབས་སྤེལ་བར་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་མེད་དང་། ཕོ་མོ་གཉིས་ཀྱི་བསམ་བློ་གཏོང་ཕྱོགས། རྒྱ་གར་གཙོས་པའི་ཕྱིའི་སྤྱི་ཚོགས་ནང་གི་བུད་མེད་ཀྱི་གནས་སྟངས་ལ་བསྡུར་ན། བོད་པའི་བུད་མེད་ཀྱི་གནས་སྟངས་ག་འདྲ་ཡོད་མེད་སོགས་ལ་ཟབ་སྦྱོང་སྤྲད་པ་ཡིན། སྔོན་ཆད་དང་བསྡུར་ན་བོད་པའི་བུད་མེད་ཀྱི་གནས་སྟངས་ཕྱོགས་ཡོངས་ནས་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་པ་རེད། དེང་སྐབས་བོད་པའི་བུད་མེད་ཚོས་བསམ་བློ་གཏོང་ཕྱོགས་དང་ལས་འགན་འཁྱེར་སྟངས་ཐད་ནས་སོ་སོའི་ཁྱོ་ག་དང་འདྲ་མཉམ་གྱིས་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་རྒྱལ་ཁབ་ལ་ལ་ཞིག་གི་བུད་མེད་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན། བོད་པའི་བུད་མེད་ཚོའི་ནུས་སྟོབས་ད་དུང་གོང་འཕེལ་གཏོང་དགོས་པ་དང་། ང་ཚོ་ཁྱིམ་ནང་གི་ཨ་མ་ཡིན་ཞེས་ཁང་པའི་ནང་འཛུལ་ནས་མི་འདུག་པར། ཕྱིའི་སྤྱི་ཚོགས་ཀྱི་ལས་སྒོར་ཞུགས་དགོས་པ། སོ་སོའི་ཉེན་རེའི་ལས་ཀའི་ཐོག་ཕོ་མོ་འདྲ་མཉམ་གྱིས་ནུས་ཤུགས་ཆེན་པོ་འདོན་ཐུབ་དགོས་པ་རེད། ཅེས་སོགས་བརྗོད་བྱུང་།

IMG_3782བསྟན་འཛིན་སྐལ་བཟང་ལགས་ཀྱིས་བརྗོད་དོན། ང་ཚོ་བོད་པའི་སྤྱི་ཚོ་ནང་བཤད་སྟངས་ག་འདྲ་ཞིག་ཡོད་པ་རེད་ཟེར་ན། རྒྱ་གར་སྤྱི་ཚོགས་དང་བསྡུར་ན་བོད་པའི་བུད་མེད་ཚོར་ཐོབ་ཐང་མང་པོ་ཡོད་པ་དང་། དེང་སྐབས་བོད་པའི་བུད་མེད་ཚོས་ག་རེ་བྱེད་འདོད་ན་དེ་བྱེད་ཆོག་གི་རེད། ང་ཚོར་དཀའ་ངལ་ཡོད་པ་མ་རེད། བུད་མེད་སོ་སོས་ལས་དང་མ་ལས་ལ་རག་ལས་ཡོད་པ་རེད་མ་གཏོགས་གོ་སྐབས་ནི་སྤྲད་བཞག་ཡོད་པ་རེད། ཅེས་རྗོད་ཀྱིན་ཡོད་པ་རེད། བོད་པའི་བུད་མེད་ཚོར་གོ་སྐབས་གཅིག་མཚུངས་སྤྲད་ཡོད་ནའང་བོད་པའི་བུད་མེད་ཚོས་གོ་སྐབས་དེ་ལེན་པར་ཁྱད་པར་འགྲོ་ཡི་ཡོད་པ་རེད། ཕྱི་ཚུལ་ནས་བལྟས་ན་བོད་པའི་ཕོ་མོ་གཉིས་ཀ་འདྲ་མཉམ་ཡིན་པ་ལྟ་བུར་མཐོང་ནའང་དོན་དངོས་སུ་ང་ཚོའི་གཞུང་གི་མགོ་འཁྲིད་དང་སློབ་གྲྭ་ཁག་གི་འགན་འཛིན། གཞིས་ཆགས་ཁག་གི་གཞིས་མགོ་སོགས་ཚང་མ་བརྒྱ་ཆར་ཕབ་ན་བུད་མེད་ལས་ཀ་བྱེད་མཁན་བརྒྱ་ཆ་ ༡༣ ལྷག་ཙམ་ལས་ཡོད་པ་མ་རེད། སློབ་གྲྭ་ཁག་ནང་ཕོ་མོ་གཉིས་ལས་བུ་མོ་ཚོར་སློབ་སྦྱོང་དང་ཡིག་རྒྱུགས་སོགས་ཕྱོགས་གང་ཐད་ནས་ཡག་པོ་ཡོད་ཀྱང་འགན་ལེན་པའི་གནས་བབ་ལ་འཐོན་དུས་བུད་མེད་ཉུང་ཉུང་ལས་མེད་པ་མངོན་གསལ་རེད།

ཕོ་མོ་གཉིས་ཀྱི་བསམ་བློ་དང་དགོས་མཁོ། བརྩི་མཐོང་སོགས་ལོགས་ག་ཡིན་སྟབས། བུད་མེད་ཚོས་སོ་སོའི་དགོས་འདུན་དེ་ཕར་མ་ལབ་ན་སྐྱེས་པ་ཚོས་མགོ་ཚོས་ཐབས་ཡོད་པ་མ་རེད། དེར་བརྟེན། སྤྱི་འཐུས་དང་གཞིས་མགོ་སོགས་ཀྱི་ཁྲོད་དུ་བུད་མེད་མང་པོ་ཡོད་པ་ཡིན་ན། བུད་མེད་ཀྱི་གནས་སྟངས་དང་བུད་མེད་ཀྱི་དགོས་འདུན་ལ་དོ་སྣང་ཆེ་རུ་འགྲོ་བ་རེད། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མིན་པའི་གནད་དོན་གཙོ་བོ་དེ་ཕོ་མོ་གཉིས་ལ་སློབ་སྦྱོང་སྤྲོད་སྟངས་གཅིག་པ་གཅིག་རྐྱང་ཡིན་ནའང་གསོ་སྐྱོང་བྱེད་སྟངས་ཐད་ནས་ཕོ་མོ་གཉིས་ལ་ཁྱད་པར་ཆེན་པོ་འགྲོ་བཞིན་འདུག བུ་མོ་ཚོར་སློབ་སྦྱོང་ཡག་པོ་དགོས་པ་དང་ལས་ཀ་ཡག་པོ་ཡོད་དགོས་པ་རེད་ལབ་ཀྱི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བུད་མེད་ཚོ་ཁ་ཁུ་སིམ་པོ་དང་ཉམས་ཆུང་ཆུང་བྱ་དགོས་པ་རེད་ཟེར་བཞིན་ཡོད་པ་རེད། རྒྱུ་མཚན་དེ་འདྲར་བརྟེན་ནས་ང་ཚོའི་མགོ་འཁྲིད་ཁྲོད་དུ་བུད་མེད་མང་པོ་འཐོན་ཐུབ་ཀྱི་ཡོད་པ་མ་རེད། བུད་མེད་ཟེར་བ་དེ་ནང་ལས་ཡག་པོ་བྱེད་མཁན་དང་ཕ་མར་ལྟ་སྐྱོང་ཐུབ་མཁན། ཟ་མ་ཡག་པོ་བཟོ་མཁན་དང་ཁྱིམ་ནང་གཙང་སྦྲ་ཡག་པོ་བྱེད་མཁན་ཞིག་ཡིན་དགོས་ཀྱང་སྐྱེས་པ་ཚོ་དེ་འདྲ་ཞིག་མི་དགོས་པའི་རྒྱུ་མཚན་གང་དུ་ཡོད་པ་རེད། བསམ་བློ་གཏོང་ཕྱོགས་དང་ལས་དོན་བྱེད་ཕྱོགས་དེ་དག་ལ་འགྱུར་བ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

IMG_3788བློ་བཟང་དབང་རྒྱལ་ལགས་ནས། སྤྱིར་ང་ཚོའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་བ་ཞེས་པའི་བརྗོད་བྱ་དེ་ཇི་ལྟར་ཡོང་གི་ཡོད་པ་རེད་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་ཕྱོགས་མང་པོ་ཞིག་ནས་ད་ལྟ་ད་དུང་ཕོ་མོ་འདྲ་མཉམ་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མེད་པ་དངོས་ཡོད་གནས་ཚུལ་རེད། དེ་ང་ཚོས་ཁས་ལེན་དགོས་པ་རེད། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མེད་པའི་རྒྱུ་མཚན་གཙོ་བོ་གང་རེད་ཟེར་ན། ང་ཚོའི་སྤྱི་ཚོགས་ཀྱི་གོ་རྟོགས་དང་བསམ་བློ་གཏོང་སྟངས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། བུད་མེད་རང་ངོས་ནས་ཀྱང་ངས་ལས་ཀ་འདི་བྱེད་དགོས་སྙམ་པའི་བསམ་བློ་དང་ཕུགས་འདུན་དགོས་པ་རེད་མ་གཏོགས་མི་ཞིག་གིས་ཕུད་རྒྱག་བཏང་བ་ཙམ་གྱིས་ཡར་རྒྱས་འགྲོ་བ་མ་རེད། དཔེར་ན། རྟ་ལ་ཆུ་འཐུང་འདོད་མེད་ན་ཆུའི་འགྲམ་དུ་འཁྲིད་ཀྱང་འཐུང་གི་མ་རེད། བུད་མེད་རང་ངོས་ནས་ངས་ལས་ཀ་ཞིག་བྱེད་དགོས་སྙམ་པའི་བསམ་བློ་ཤུགས་ཆེན་པོ་ཡོད་དགོས་པ་རེད།

སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་ཐབས་སྣ་ཚོགས་ཡོད་པ་རེད། སྐྱེས་པ་ཁག་ཅིག་གིས་བུད་མེད་ནུས་སྟོབས་སྤེལ་མཁན་ཡིན་ཟེར་ཡང་དེ་ཁ་ནས་བཤད་པའི་སྐད་ཆ་ཙམ་ཡིན་པ་དང་། བུད་མེད་ཁག་ཅིག་གིས་ཀྱང་ཕོ་མོ་འདྲ་མཉམ་ཟེར་ནས་ཕོ་ཡིས་ཐ་མག་འཐེན་གྱི་འདུག ངས་ཀྱང་ཐ་མག་འཐེན་གྱི་ཡིན་ཟེར་གྱི་འདུག དེ་བསམ་བློའི་གོ་རྟོགས་སྐྱོ་དྲགས་པ་རེད། བུད་མེད་ནུས་སྟོབས་སྤེལ་མཁན་ངེས་པར་དུ་བུད་མེད་ཡིན་དགོས་དོན་ཡོད་པ་མ་རེད། ཕོ་ཡིས་ཀྱང་བུད་མེད་ཀྱི་ཐོབ་ཐང་ (feminism) བརྩོད་ལེན་བྱ་ཆོག་གི་རེད། དཔེར་ན། ཉེ་ཆར་ལྷོ་ཕྱོགས་མོན་གྷོ་ཊར་བུད་མེད་ཅིག་ལ་ཨེ་ཙིའི་ནད་ཚའི་དཀའ་ངལ་ཞེ་དྲགས་འཕྲད་སྐབས། བུད་མེད་ནུས་སྟོགས་སྤེལ་མཁན་ཡིན་ཟེར་མཁན་དེ་དག་མཐོང་སར་མི་འདུག བུད་མེད་དེ་ལ་རོགས་རམ་དང་ལྟ་རྟོགས་བྱེད་མཁན་གཅིག་ཀྱང་ཡོད་པ་མ་རེད། མཐའ་མར་རོགས་རམ་གནང་མཁན་༧སྐུ་མདུན་རང་རེད། དེར་བརྟེན། བུད་མེད་ཀྱི་ནུས་སྟོབས་སྤེལ་མཁན་ཡིན་ཟེར་ནས་ཁང་པའི་ནང་སྐྱིད་པོ་བཏང་ནས་སྡོད་པ་དང་། གླ་ཆ་མཐོན་པོ་བླངས་ཏེ་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྐད་ཆ་སྟོང་པ་བཤད་ནས་བསྡད་ན་ཕན་ཐོགས་ཡོད་པ་མ་རེད། དེ་བས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་སྤྱི་ཚོགས་ནང་གི་ནད་པ་རེད། སྨད་འཚོང་འཁན་རེད། དེ་ཚོའི་དཀའ་ངལ་སེལ་ཐབས་སུ་གང་ཡོང་ཅི་ཡོང་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

IMG_3797པདྨ་ཆོས་སྒྲོན་ལགས་ཀྱིས་བརྗོད་དོན། ཕྱི་ལོ་ ༡༩༧༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་བུད་མེད་ལ་དམན་པར་ལྟ་བའི་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཟེར་བ་ཞིག་བཞག་པ་དང་། དེའི་རྗེས་ནས་རྒྱལ་སྤྱིའི་མི་འབོར་དང་ཡར་རྒྱས་གོང་འཕེལ་གྱི་བསྒྲགས་གཏམ་ཞེས་པ་དེ་སྤེལ་བ་རེད། ལྷག་པར་དུ་རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་ཐེངས་བཞི་བ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་སྐབས། བུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་ཞེས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་རེད། དེ་ལྟར་བུད་མེད་ཀྱི་ཐོབ་ཐང་མཁོ་སྤྲོད་བྱས་པའི་སྒོ་ནས་བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་ཕོ་མོ་འདྲ་མཉམ་ (gender equality) ཞེས་པ་དེ་གཅིག་པུ་མ་ཡིན་པར་སློབ་སྦྱོང་དང་ལས་ཀ གླ་དངུལ་སོགས་ཀྱི་མཐུན་རྐྱེན་སྦྱར་བའི་རྗེས་ལ་གཞི་ནས་ནུས་སྟོབས་གོང་སྤེལ་ཞེས་པ་དེ་ཆགས་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད།

སྔོན་མ་བཀའ་ཤག་སྐབས་བཅུ་གསུམ་པ་ཟམ་གདོང་རིན་པོ་ཆེའི་སྐབས་སུ། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་ལས་གཞི་དོན་ཚན་བརྒྱད་གཏན་འབེབས་བྱས་ཡོད་པ་དང་། དོན་ཚན་དེ་དག་ནང་བུད་མེད་ཟེར་བ་དེ་མགོ་འཁྲིད་རིམ་པར་བསླེབ་དགོས་པ་དང་། སྔོན་འགྲོའི་སློབ་གྲྭ་ཁག་དང་འཛིན་རིམ་བཅུ་གཉིས་སྐབས་སུ་བུ་མོའི་སློབ་སྦྱོང་ལ་འདམས་གསེས་དང་སློབ་སྟོན་གནང་རྒྱུ། ལྷག་པར་དུ་སྔོན་འགྲོའི་སྐབས་སུ་བུ་མོ་རྐྱང་བའི་དགེ་རྒན་འཇོག་དགོས་པ་སོགས་གཏན་འབབས་བྱས་ཡོད་པ་རེད། ཡིན་ནའང་དོན་ཚན་བརྒྱད་དེ་བཞག་པའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་དེ་ལ་ཉམས་ཞིབ་བྱས་ཡོད་མེད་དང་ལག་ལེན་བསྟར་ཡོད་མེད་ལ་གསལ་ཁ་ཡོད་པ་མ་རེད།

འགྲོ་བ་མིའི་ཐོང་ཐང་གི་ངོས་ནས་བཤད་ན། རྒྱལ་སྤྱིའི་སྤྱི་ཆིངས་དེ་དག་བཞག་པའི་སྐབས་སུ་ད་དུང་བྱིས་པའི་ཐོབ་ཐང་ཡང་བཤད་ཡོད་པ་རེད། ངས་དེ་སྔོན་བུད་མེད་ལྷན་ཚོགས་ནང་ལོ་ ༥ རིང་ལས་ཀ་བྱས་པའི་སྐབས་སུ། ང་ཚོས་བྱིས་པ་ཚོར་སློབ་སྦྱོང་སྤྲོད་སྐབས་ཕོ་མོ་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་ཐོག་ནས་སློབ་གསོ་སྤྲོད་དགོས་པའི་ཟབ་སྦྱོང་མང་པོ་སྤྲད་པ་རེད། དེ་གཅིག་པུ་མིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་ཁག་ལྟར་ན། ཕྲུ་གུ་ལོ་ ༡༨ ཟིན་པའི་བར་དུ་ཕ་མས་སོ་སོའི་ཕྲུ་གུ་ཆོས་ལུགས་གང་ལ་དད་མིན་དང་། ཕྲུ་གུའི་མི་ཚེ་སྐྱེལ་སྟངས་ལ་ཐག་གཅོད་སོགས་བྱེད་མི་ཆོག་པ་དང་། ལྷག་པར་དུ་ཕྲུ་གུའི་མི་ཚེ་སྐྱེལ་སྟངས་ལ་རང་དབང་སྤྲོད་དགོས་ཀྱི་ཡོད་པ་རེད། སྤྱིར་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཞེས་པ་དེ་བུད་མེད་སོ་སོས་རང་ཉིད་ཀྱི་དགའ་ཕྱོགས་མོས་ཕྱོགས་གཞིར་བཟུང་གིས་དེ་ལ་མཐུན་རྐྱེན་དང་སློབ་སྦྱོང་གི་གོ་སྐབས་རག་མ་རག་དང་དེའི་ཐོག་ལ་འགྲོ་ཐུབ་མ་ཐུབ་ཀྱི་སྐད་ཆ་ཞིག་རེད་མ་གཏོགས། དེ་རླངས་འཁོར་ནང་རྡོ་སྣུམ་བླུགས་ན་ཤུགས་ཆེ་རུ་འགྲོ་བ་ལྟར་གཞན་གྱིས་ཕུད་རྒྱག་གཏོང་དགོས་པ་ཞིག་ཏུ་ང་རང་ངོས་འཛིན་བྱེད་ཀྱི་མེད། ཅེས་བརྗོད་སོང་།

མཇུག་གི་དྲི་བ་དྲིས་ལན་སྐབས་བནྟེ་སྐྱབས་ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་གི་བུད་མེད་ཀྱི་རང་དབང་ཐོབ་ཐང་རྩོད་མཁན་ཚོ་ཡིན་ན་རེད། བུད་མེད་ཀྱི་རང་ཐང་འདྲ་མཉམ་བཤད་མཁན་ཚོ་ཡིན་ན་རེད། བསམ་བློ་གཏོང་སྟངས་ཐོག་ནོར་འཁྲུལ་ཞིག་ཤོར་གྱི་མེད་འགྲོ་བསམ་གྱི་འདུག ནོར་འཁྲལ་དེ་ལ་བརྟེན་ཏེ་སྤྱི་ཚོགས་ཡིན་ན་རེད། ཕ་རོལ་བོའི་ཨམ་ཅོག་ནང་ལ་མ་འགྲོ་བའི་གནས་སྟངས་ཤིག་ཡོང་གི་འདུག ང་ཚོས་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱི་ནུས་སྟོབས་དེ་འདྲའི་སྒང་ལ་བཀའ་མོལ་གནང་སྐབས། དགོངས་པ་བཞེས་དགོས་ས་གཅིག་དེ། སྤྱི་བཏང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཀྱི་གནས་སྟངས་དང་། དེ་དང་བསྡུར་ན་ང་ཚོ་བོད་པའི་སྤྱི་ཚོགས་ནང་གི་བུད་མེད་ཀྱི་གནས་སྟངས་ག་འདྲ་རེད་འདུག དེ་ལ་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག གཉིས་པ་དེ་ང་ཚོའི་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་དགོས་ཟེར་བ་དེ། ང་ཚོས་བོད་པ་རང་གི་བསམ་བློ་ཡོད་པ་དང་བོད་པ་རང་གི་ཁྱད་ཆོས་ཡོད་པ་ཞིག་གི་སྒང་ལ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་གི་ཡིན་ནམ། ཡང་ན། བོད་པ་ཡིན་ཡང་བསམ་བློ་གཏོང་སྟངས་དང་སྤྱོད་པ་འཁྱེར་ཕྱོགས་ཕྱི་རྒྱལ་བ་ལྟ་བུ་ཞིག་བཟོ་རྒྱུ་ཡིན། གང་ལྟར་བུ་མོ་དེ་འཇོན་པོ་ཞིག་ཆགས་ན་འགྲིག་གི་རེད་ཟེར་བ་དེ་འདྲའི་བསམ་བློ་ཞིག་གི་ཐོག་ནས་ཟབ་སྦྱོང་སྤྲོད་རྒྱུ་ཡིན། གསུམ་པ་དེ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཐོག་ཟབ་སྦྱོང་སྤྲོད་མཁན་ཡིན་ན་རེད། བུད་མེད་ནུས་སྟོབས་སྐོར་ལ་སྐད་ཆ་བཤད་མཁན་ཡིན་ན་རེད། སྐྱེས་པ་ལ་སྐྱེས་པའི་ཁྱད་ཆོས་དང་ནུས་པ་ཡོད་པ་ལྟར་བུད་མེད་ལའང་བུད་མེད་ཀྱི་ཁྱད་ཆོས་དང་ནུས་པ་མ་འདྲ་ཡོད་སྟབས། དེ་ཚོ་གསལ་བོ་ངོས་ཟིན་དགོས་པ་གལ་ཆེན་པོ་རེད། དཔེར་ན། བུ་མོ་ཚོར་དགོང་མོ་འཕྱི་བོ་ཆགས་སུ་མ་འཇུག་ཟེར་བ་དེ་ཕོ་མོ་དབྱེ་འབྱེད་ཀྱི་སྐད་ཆ་མ་རེད། དེ་དོན་དངོས་ཐོག་ནས་བུད་མེད་ཀྱི་བདེ་འཇགས་ལ་ཐུག་ཡོད་པ་ཞིག་རེད། དེ་འདྲའི་གནས་ཚུལ་ཐོག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

བཞི་བ་དེ་ད་ལྟའི་བར་དུ་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་ཐབས་སུ་ལས་འགུལ་སྤེལ་བཞིན་ཡོད་པ་རེད་དེ། གོ་རྟོགས་དངོས་གནས་སྤེལ་དགོས་ཀྱི་ཡོད་ན་སྐྱེས་པ་ཚོར་ཡང་སྤེལ་དགོས་པ་རེད་བསམ་གྱི་འདུག དཔེར་ན། ཨ་མར་དཀའ་ངལ་ག་རེ་ཡོད་པ་དེ་ཨ་མར་འགྲེལ་བཤད་རྒྱག་དགོས་པ་མ་རེད། བུད་མེད་ལ་ཟླ་མཚན་འབབ་སྐབས་དཀའ་ངལ་ག་འདྲ་ཡོད་མེད་དེ་བུད་མེད་ཁོ་རང་ཚོར་འགྲེལ་བཤད་རྒྱག་པ་མ་རེད། བུད་མེད་བཅིངས་འགྲོལ་གཏོང་དགོས་ཀྱི་ཡོད་ན། བཅིངས་འགྲོལ་གཏོང་མཁན་དེ་སྐྱེས་པ་ཆགས་ཀྱི་ཡོད་སྟབས། སྐྱེས་པ་ཚོར་བུད་མེད་ལ་འཕྲད་བཞིན་པའི་དཀའ་ངལ་དང་བུད་མེད་ཀྱི་བསམ་བློ་འཁྱེར་ཕྱོགས་སོགས་ལ་ཟབ་སྦྱོང་སྤྲད་དེ། ཕར་ཕྱོགས་ཀྱི་དངོས་ཡོད་གནས་སྟངས་མགོ་ཚོས་སུ་བཅུག་པ་ཡིན་ན་གནས་སྟངས་ཡག་ཏུ་འགྲོ་བ་རེད་བསམ་གྱི་འདུག བུད་མེད་ལྷན་ཚོགས་ནས་ད་ལྟའི་བར་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཐོག་ཟབ་སྦྱོང་སྤྲད་ཡོད་ཀྱང་། ཁ་གསལ་བོ་བྱས་ནས་དྲང་མོར་བཤད་ན། སྤྱི་ཚོགས་ལ་མགོ་སྐོར་གཏོང་མཁན་དང་ལྐོག་ཟ་རུལ་སུངས་བྱེད་མཁན་ཡང་བྱུང་ཡོད་པ་རེད། ཚང་མ་མགོ་འཁྲིད་ཟབ་སྦྱོང་སྤྲོད་མཁན་ཡིན་ཞེས་སྒང་ནས་བསྡད་པ་ཡིན་ན། འོག་གི་ཟབ་སྦྱོང་སྤྲོད་ས་ག་བར་ཡོད་པ་རེད། དེར་བརྟེན། སྒང་དུ་སྡོད་མཁན་ཚོས་ཐོག་མར་སོ་སོར་ནུས་སྟོབས་སྤེལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

IMG_3816

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 3

  1. སྨན་པ་བསྟན་འཛིན་གྲགས་པ་ says:
    ལོ་ 10 སྔོན།

    བུད་མེད་ཀྱི་ཤེས་ཡོན་དང་རྣམ་དཔྱོད་སོགས་རང་རེའི་འཚེ་བ་མེད་པའི་རིག་གཞུང་དང་། བྱམས་བརྩེ་ལྡན་པའི་རིག་གཞུང་། ཞི་འཇམ་ཅན་གྱི་རིག་གཞུང་ནང་གསུངས་པ་ལྟར་ཡར་རྒྱས་གོང་འཕེལ་འབྱུང་ན་ཚང་མར་ཕན་ངེས།

    Reply
  2. དཔའ་ཆེན་དོན་གྲུབ་ says:
    ལོ་ 10 སྔོན།

    བུད་མེད་ཚོགས་པའི་ནང་དུ་ཨ་ཁུ་སྟོན་པ་བཙུན་མའི་དགོན་པར་སོང་བའི་སྒྲུང་ཡོང་གྲབས་འདུག་གཱ། ཧ་་ཧ

    Reply
  3. གཡུ་ཐོག says:
    ལོ་ 10 སྔོན།

    དེར་བརྟེན། བུད་མེད་ཀྱི་ནུས་སྟོབས་སྤེལ་མཁན་ཡིན་ཟེར་ནས་ཁང་པའི་ནང་སྐྱིད་པོ་བཏང་ནས་སྡོད་པ་དང་། གླ་ཆ་མཐོན་པོ་བླངས་ཏེ་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྐད་ཆ་སྟོང་པ་བཤད་ནས་བསྡད་དེ་ཕན་ཐོགས་ཡོད་པ་མ་རེད། ཞེས་པ་འདི་ཤར་གླིང་ལ་ཟུར་ཟ་བྱེད་ཀྱི་ཡོད་པ་འདྲ། ཧཧཧ་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese