མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡང་གཅིག་བསྲེགས་འདུག ང་ཚོ་ལྟད་མོ་བ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

—རང་ལུས་མེར་བསྲེགས་མཁན་དང་དེའི་ལྟད་མོ་བ་ཚོར་དམིགས་ཏེ་བྲིས།

ཀླུ་སྨྱོན་ཧེ་རུ་ཀ

ལོ་སྔོན་མར་ཞོགས་པ་རེ་རེར་གསར་འགྱུར་ལ་མ་བལྟས་སྔོན་སེམས་ཁྲལ་ཆེན་པོ་ཞིག་ཡོད། དེ་ནི་ཡང་གཅིག་བསྲེགས་མེད་དམ་སྙམ་པ་དེ་ཡིན། འདི་ལོར་སེམས་ཁྲལ་དེ་རིམ་བཞིན་ཇེ་ཆུང་དུ་གྱུར་སོང་ལ། གསར་འགྱུར་ལ་ལྟ་སྐབས་སྙིང་ཁམས་མི་བདེ་བའི་ཚོར་བ་དེ་ཡང་རང་བཞིན་གྱིས་ཡལ་སོང་།

དེ་རིང་ཞོགས་པར་ནམ་རྒྱུན་བཞིན་འཚིག་ཇ་ཕོར་བ་གང་མདུན་ལ་བཞག་སྟེ་སྐད་འཕྲིན་གྱི་ཁ་ཕྱེས་པ་ན། གྲོགས་པོ་ཞིག་གིས་ཡང་གཅིག་བསྲེགས་འདུག་པའི་པར་རིས་མི་སྡུག་པ་ཞིག་བསྐུར་འདུག དེ་ནས་བོད་ཀྱི་དུས་བབ་དྲ་རྒྱ་ཁ་ཕྱེས་པ་ན་མེར་བསྲེགས་མཁན་དེའི་ཕ་ཡུལ་གང་ནས་ཡིན་པ་སོགས་དང་པར་རིས་བཀོད་འདུག་ལ། གསར་འགྱུར་བརྒྱུད་ལམ་གཞན་པ་ན་མི་དེའི་ལུས་པོར་མེ་ལྕེ་དམར་ཆེམ་ཆེམ་འབར་བཞིན་པ་དང་། མི་སྐོར་ཞིག་གིས་ཐག་ཉེ་ས་རུ་ཚོར་བ་མེད་པ་ལྟར་བལྟས་བསྡད་ཡོད་པ་དེ་འདྲ་ཡང་འདུག ཐ་ན་གསར་འགྱུར་འགོད་མཁན་ཞིག་གི་ཚོར་བ་ཡང་མེད་པའི་ཚུལ་དུ་བསྡད་འདུག

ལོ་ཤས་སྔོན་ནས་བཟུང་ཀུ་ཤུ་ཁ་པར་སོགས་སྔོན་ཐོན་ཁ་པར་པར་ཆས་མཉམ་སྦྱར་ཅན་མང་པོ་ཞིག་འཛམ་གླིང་ལ་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་བ་དེས། མི་ཚང་མར་དོན་དག་ཆེ་ཆུང་ཚང་མར་པར་དང་བརྙན་ལེན་པའི་ངན་ཤུགས་ཁྱད་པར་བ་ཞིག་བསླབས་བྱུང་། ངན་ཤུགས་དེས་བོད་མི་ཚོར་ཡང་འཁྲིས་སུ་རང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་སྐབས། ཤ་ཚ་གདུང་སེམས་མཉམ་བསྐྱེད་ཀྱིས་མི་དེའི་ལུས་སྟེང་གི་མེ་གསོད་རོགས་བྱེད་པ་དང་མྱུར་སྐྱོབ་ཁ་པར་གཏོང་རྒྱུའི་ཚབ་ཏུ་འདྲ་པར་དང་བརྙན་ལེན་པ་མ་གཏོགས་འགན་ཅི་ཡང་མི་འཁུར་བའི་ལམ་དང་ལུགས་སྲོལ་ངན་པ་ཞིག་བསླབས་འདུག

དེ་ནི་གསལ་བོར་བཤད་ན། ཁྱོད་ཀྱིས་རང་ལུས་མེར་བསྲེགས་ཐོངས་དང་། ང་ཚོས་ལྟད་མོར་བལྟ་ཆོག ང་ཚོས་པར་རྒྱག་ཆོག ང་ཚོས་བརྙན་ལེན་ཆོག ང་ཚོས་འུར་སྒྲོག་བྱེད་ཆོག་ཅེས་པ་ཞིག་རེད། རེད། འགྲོ་བ་མིའི་རང་གཤིས་གཏུམ་སྤྱོད་ཅན་མང་པོ་ཞིག་ལས། གཞན་གྱི་སྡུག་བསྔལ་ལ་ལྟད་མོར་རོལ་བའི་བག་མེད་ལོངས་སྤྱོད་ཅིག་ཡོད་པ་རེད། དཔེར་ན། རོམ་བཙན་རྒྱལ་ཆེན་མོའི་སྐབས་སོགས་སུ་མི་དང་གཅན་གཟན་གཏུམ་པོར་དམར་འཛིང་བྱེད་དུ་བཅུག་ནས། དེ་ལ་ལྟད་མོར་ལྟ་བཞིན་བག་མེད་སྤྲོ་སྐྱིད་གཏོང་སྲོལ་འཇིགས་སུ་རུང་བ་ཞིག་དར་ཁྱབ་བྱུང་བ་ལོ་རྒྱུས་ཁྲོད་མཐོང་རྒྱུ་ཡོད་པ་རེད།

སྐབས་འདིའི་མི་འདྲ་ས་ནི། རོམ་བཙན་རྒྱལ་ཆེན་མོའི་སྐབས་སུ་མི་ལུས་ལ་རང་དབང་མེད་པའི་བཙོན་པ་ཚོས་གཅན་གཟན་གཏུམ་པོར་སྲོག་བསྡོས་ཀྱིས་དམར་འཛིང་བྱེད་དགོས་པ་དང་། དམར་འཛིང་དེ་མ་བྱས་ན་ཡང་འཆི་ལམ་ལས་མེད་པ་རེད། ཡིན་ན་ཡང་དེང་སང་གི་རང་ལུས་མེར་བསྲེགས་མཁན་ཚོར་མཚོན་ན། རང་ལུས་མེར་བསྲེགས་མ་བྱས་ན་འཆི་ལམ་ལས་མེད་པ་དེ་འདྲ་ཞིག་ག་ལ་ཡིན། དཔེར་ན། དེང་སང་གི་བོད་མིའི་ཚོ་བ་རོལ་སྟངས་ཤིག་སྟེ། ཚོང་ཁང་དང་ཟ་ཁང་ཕྱེ་བ། ཤིང་བཟོ་དང་ལྷ་བཟོའི་སློབ་གཉེར། མཉམ་ལས་ཚོང་ལས་གཉེར་བ། མགྲོན་ཁང་དང་ཇ་ཁང་ཕྱེ་བ་སོགས་དང་། སྲོལ་རྒྱུན་རིག་གནས་ལ་མཚོན་ན་གླུ་གར་འཁྲབ་པ། སྒྲུང་བཤད་པ། དུས་ཆེན་སྲུང་རྩི་སོགས་དང་། དགོན་པར་ཕྱག་སྐོར་ལ་འགྲོ་བ། མཚམས་ལ་སྡོད་པ། བླ་མར་ཆོས་ཞུ་བ། ཆོས་དཔེར་སློབ་སྦྱོང་བྱེད་པ། གནས་སྐོར་ལ་འགྲོ་བ་སོགས་རང་གིས་འཇོན་ན་སྤྱི་ཁྱབ་ནས་སྒོ་མང་པོ་ཞིག་ཕྱེས་ཡོད་པ་རེད། གནད་དོན་བྱེ་བྲག་པ་ནི་རྒྱ་ནག་དང་བོད་མ་ཟད་དམངས་གཙོའི་རྒྱལ་ཁབ་ཨ་རི་དང་རྒྱ་གར་ལྟ་བུར་ཡང་མི་དམངས་དང་སྲིད་གཞུང་བར་ལ་དཀའ་ངལ་ཡོད་པ་རེད། དཔེར་ན། འདི་ལོའི་ཨ་རིའི་བྱང་སྒྲ་ཁོ་ཁྲའི་ཆུ་སྦུག་འདྲེན་པའི་དོན་རྐྱེན་ཆེན་པོ་དེ་ལྟ་བུ་དང་རྒྱ་གར་གྱི་ཀ་ཤི་མིར་གྱི་དཀའ་རྙོག་ལྟ་བུ་རེད།

ཆབ་སྲིད་པ་མང་པོའི་ལས་ཀ་ནི། རྒྱལ་ཁབ་དང་རྒྱལ་ཁབ་བར་མི་མཐུན་པ་བཟོ་རྒྱུ་དང་། མི་རིགས་དང་མི་རིགས་བར་དབྱེན་དཀྲུག་བྱེད་རྒྱུ། མི་དང་མིའི་བར་གྱི་དཀའ་རྙོག་དེ་བེད་སྤྱད་ནས་ཁོ་ཚོའི་ཁེ་ཕན་གཉེར་རྒྱུ་དེ་རེད། ཁོ་ཚོའི་རིན་ཐང་མངོན་རྒྱུ་དེ་རེད། ཁོ་ཚོའི་མི་ཚེ་སྐྱེལ་རྒྱུ་དེ་རེད།

རང་ལུས་མེར་བསྲེགས་བྱེད་པ་ལས། ཁྱེད་ཀྱིས་ཀ་ཁ་ག་ང་སྦྱོངས། རང་ལུས་མེར་བསྲེགས་བྱེད་པ་ལས། མ་ཎི་ཡིག་དྲུག་སྒྲོངས། རང་ལུས་མེར་བསྲེགས་བྱེད་པ་ལས། ཚོགས་བསགས་སྒྲིབ་སྦྱོང་བྱོས། རང་ལུས་མེར་བསྲེགས་བྱེད་པ་ལས། བུ་བུ་མོ་དང་ཚ་བོ་ཚ་མོ་སློབ་གྲྭར་སྐྱོལ། རང་ལུས་མེར་བསྲེགས་བྱེད་པ་ལས། བྱིན་རླབས་ཀྱི་གཟི་འོད་འབར་བའི་བོད་ཡུལ་གྱི་གནས་ཆེན་དག་ལ་མཆོད་མཇལ་དུ་ཕེབས། རང་ལུས་མེར་བསྲེགས་བྱེད་པ་ལས། དེང་རབས་བཟོ་བཀོད་མཚར་བའི་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ལྟད་མོར་ཕེབས།

རང་ལུས་མེར་བསྲེགས་པ་ཚོ་ཡ། ཁྱེད་ཅག་གིས་བརྩེ་བ་མཚོ་ལས་ཟབ་པའི་རང་གི་ཁྱིམ་བཟའ་ཚང་དག་བློས་ཐོངས་སམ། རང་ལུས་མེར་བསྲེགས་པ་ཚོ་ཡ། ཁྱེད་ཅག་གིས་མཛེས་སྡུག་ཡིད་དུ་འོང་བའི་བོད་ཀྱི་རི་ཆུ་ནགས་གསུམ་བསྐྱུར་ཕོད་དམ། རང་ལུས་མེར་བསྲེགས་པ་ཚོ་ཡ། ཁྱེད་ཅག་བཀའ་དྲིན་རི་ལས་ལྕི་བའི་བླ་མ་དང་སློབ་དཔོན་དག་ལ་འབྲལ་ཐུབ་བམ།

ང་ཚོ་བོད་མི་རིགས་ལ་མཚོན་ན། ནང་ཆོས་ཀྱི་མི་རིགས་ལ་མཚོན་ན། ཞི་བདེའི་མི་རིགས་ལ་མཚོན་ན། རང་ལུས་མེར་བསྲེགས་འདིས་མི་ལ་འཇིགས་སྣང་སློང་བ་དང་། སྡང་སེམས་ཆེ་རུ་གཏོང་བ། ཞི་བདེའི་ཚོར་སྣང་བརླག་པ་སོགས། མདོར་ན་མིའི་སེམས་ནང་ལ་སྐྱི་གཡའ་བའི་མནར་གཅོད་བཏང་དང་གཏོང་བཞིན་པ་དེ་ཤེས་དགོས། ཚོར་དགོས། བརྗོད་དགོས། ཁས་ལེན་དགོས།

བོད་མི་ཞིག་མེ་རུ་བསྲེགས་པ་ནི་དཔེ་དེབ་ཅིག་མེ་རུ་བསྲེགས་པ་མིན། བོད་མི་ཞིག་མེ་རུ་བསྲེགས་པ་ནི་ཁང་པ་ཞིག་མེ་རུ་བསྲེགས་པ་མིན། བོད་མི་ཞིག་མེ་རུ་བསྲེགས་པ་ནི་ཤིང་སྡོང་ཞིག་མེ་རུ་བསྲེགས་པ་མིན། བོད་མི་ཞིག་མེ་རུ་བསྲེགས་པ་ནི་ཀ་ཁ་ང་གའི་བདག་པོ་ཞིག་མེ་རུ་བསྲེགས་པ་ཡིན། བོད་མི་ཞིག་མེ་རུ་བསྲེགས་པ་ནི་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་མཁན་ཞིག་མེ་རུ་བསྲེགས་པ་ཡིན། བོད་མི་ཞིག་མེ་རུ་བསྲེགས་པ་ནི་དཔའ་མཛངས་ལྡན་པའི་མི་རིགས་ཤིག་མེ་རུ་བསྲེགས་པ་ཡིན། བོད་མི་ཞིག་མེ་རུ་བསྲེགས་པ་ནི་ས་ཡ་དྲུག་གི་གྲུ་ཟུར་ཞིག་མེ་རུ་བསྲེགས་པ་ཡིན།

རྒྱ་ནག་རྒྱལ་ཁབ་དང་བོད་མི་རིགས་འདི་ལ་སྲིད་དོན་གྱི་དཀའ་རྙོག་ཅི་འདྲ་ཞིག་ཡོད་ཀྱང་། ང་ཚོས་རང་ཉིད་ལ་དབང་བའི་རང་གི་མི་ལུས་རིན་པོ་ཆེ་མེ་ལ་བསྲེག་མི་རུང་ལ། གཞན་གྱིས་མི་ལུས་རིན་པོ་ཆེ་མེར་སྲེག་དུས་འཁྲིས་ནས་ལྟད་མོར་ཡང་བལྟ་མི་རུང་། ང་ཚོས་ཁོང་ཚོར་གང་ཐུབ་ཅི་ཐུབ་ཀྱིས་རང་ལུས་མེར་བསྲེགས་མི་གཏོང་བའི་ཁ་ཏ་བསླབ་བྱ་བྱེད་དགོས། རང་སྲོག་རང་གིས་བཅད་པའི་སྡིག་པའི་འབྲས་བུ་ངོ་སྤྲོད་བྱེད་དགོས། མི་ལུས་རིན་ཆེན་འདིའི་སྟེང་ནས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ཐུབ་པའི་ངེས་པ་རྙེད་དུ་འཇུག་དགོས། གཟི་འོད་འཕྲོ་བའི་རེ་བ་མ་བརླགས་ན་ད་གཟོད་འབྲས་བུ་ཕུན་སུམ་ཚོགས་པ་འཐོབ་པའི་ངེས་ཤེས་རྙེད་དུ་འཇུག་དགོས།

གནད་འགག་ཅིག་ནི། རང་ལུས་མེར་བསྲེག་མཁན་ཕལ་མོ་ཆེར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཡོན་ཏན་མེད་པ་དང་། རང་ཉིད་ཀྱི་དལ་འབྱོར་ལུས་པོ་འདིའི་བེད་སྤྱོད་ཀྱི་རིན་ཐང་ཡང་ཆེན་པོ་ཞིག་མི་ཤེས་པའི་མི་རྣམས་རེད། སྙིང་རྗེ་སྐྱེ་འོས་པའི་མི་སྟེ། ང་ཚོའི་སྤུན་ཟླ་འདི་དག་གི་ཆེད་དུ། ང་ཚོས་སངས་རྒྱས་བྱང་སེམས་ཚོར་སྐྱབས་འཇུག་ཞུས་ནས་བོད་མི་ཚོར་རང་ལུས་ཆོས་དང་རིག་གཞུང་གི་ཆེད་དུ་བདག་སྐྱོང་གནང་ཐུབ་པའི་བློ་གྲོས་སྩོལ་དུ་འཇུག་དགོས། བླ་ཆེན་ཚོར་གསོལ་བ་བཏབ་ནས་བོད་མི་ཚོར་རང་ལུས་མི་བསྲེག་པའི་ཁ་ཏ་སློབ་གསོ་གནང་དུ་འཇུག་དགོས། ང་ཚོས་དཔོན་པོ་ཚོར་འབོད་སྐུལ་ཞུས་ནས་མང་ཚོགས་ལ་གཅེས་སྐྱོང་བྱེད་དུ་འཇུག་དགོས།

རང་ལུས་མེར་བསྲེགས་མཚམས་འཇོག་པར་བོད་མི་ཚང་མར་འགན་ཁུར་ཡོད། རང་ལུས་མེར་བསྲེགས་མཚམས་འཇོག་པར་གོང་ས་ཏྰ་ལའི་བླ་མར་འགན་ཁུར་ཡོད།–ཁོང་ཚོ་ཁྱེད་ཀྱི་དད་ལྡན་རྗེས་འཇུག་པ་རེད། རང་ལུས་མེར་བསྲེགས་མཚམས་འཇོག་པར་རྒྱ་ནག་མི་དམངས་ཚང་མར་འགན་ཁུར་ཡོད། རང་ལུས་མེར་བསྲེགས་མཚམས་འཇོག་པར་སྲིད་འཛིན་ཞིས་ཅིན་ཕེན་ལ་འགན་ཁུར་ཡོད།–ཁོང་ཚོ་ཁྱེད་ཀྱི་སྤྱི་འབངས་མི་སེར་རེད། རང་ལུས་མེར་བསྲེགས་མཚམས་འཇོག་པར་ཨ་མེ་རི་ཀར་འགན་ཁུར་ཡོད། རང་ལུས་མེར་བསྲེགས་མཚམས་འཇོག་པར་མཉམ་འབྲེལ་རྒྱལ་ཚོགས་ལ་འགན་ཁུར་ཡོད། རང་ལུས་མེར་བསྲེགས་མཚམས་འཇོག་པར་འགྲོ་བ་མིའི་རིགས་ཚང་མར་འགན་ཁུར་ཡོད།

མདོར་ན། རང་ལུས་མེར་བསྲེགས་ཀྱིས་བོད་དོན་ཐག་གཅོད་བྱེད་མི་ནུས། རང་ལུས་མེར་བསྲེགས་ཀྱིས་ཆོས་དང་རིག་གཞུང་སྐྱོབ་མི་ནུས། རང་ལུས་མེར་བསྲེགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་མི་ནུས། རང་ལུས་མེར་བསྲེགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙིང་རྗེ་སློང་མི་ནུས། རང་ལུས་མེར་བསྲེགས་ཀྱིས་ཨ་མེ་རི་ཀའི་རྒྱབ་སྐྱོར་འཐོབ་མི་ནུས།

རང་ལུས་མེར་བསྲེགས་ནི་འབྲས་མེད་ལམ་ནོར་ཞིག་ཡིན། རང་ལུས་མེར་བསྲེགས་ནི་བོད་མི་རིགས་ཀྱི་གྱོང་གུན་ཞིག་ཡིན། རང་ལུས་མེར་བསྲེགས་ནི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོ་ཚ་ཞིག་ཡིན། རང་ལུས་མེར་བསྲེགས་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནག་པོ་ཞིག་ཡིན།

མེར་སྲེག་ལས་འགུལ་འདི་ཡག་པོ་མི་འདུག འདི་ལམ་ལོག་ཅིག་རེད་ལབ་ན་མང་པོ་ཞིག་གིས་ང་ཚོར་དེ་ལྟར་བཤད་པའི་དབང་ཚད་མེད་ཟེར་གི དབང་ཚད། དབང་ཚད། དེས་ན་ཁྱོད་ལ་མེ་སྲེག་འདྲ་པར་གང་སར་སྤེལ་རྒྱུའི་དབང་ཚད་སུས་བྱིན། དབང་ཚད་ཟེར་བ་ནི་ཆབ་སྲིད་པ་མགོ་བདེ་ཚོའི་འགན་མི་འཁུར་བའི་སྐད་ཆ་རེད། བོད་ནང་ལ་ཡོད་པའི་ཁྱོད་ཀྱི་ཨ་མས་བརྙན་ལམ་བརྒྱུད་ནས་ལག་གཡས་པར་ས་སྣུམ་དམ་བི་གང་བཟུང་། ལག་གཡོན་པར་མེ་ཆ་ཞིག་བཟུང་ནས་བོད་དོན་ཆེད་དུ་རང་ལུས་མེར་སྲེག་གཏོང་གི་ཡིན་ལབ་ན་ཁྱོད་ཀྱིས་རང་གི་ཨ་མར། ང་བོད་ཕྱི་ན་ཡོད་པས་ང་ལ་ཁྱོད་ཀྱི་རང་ཤི་འགོག་པའི་དབང་ཚད་མེད། མ་རྒན་ཁྱོད་ཀྱིས་ཅི་འདོད་བྱོས་ཟེར་ནས་མིག་བཙུམས་ནས་སྡོད་ཀི་ཡིན་ནམ།

མི་མང་པོས་མེར་སྲེག་འདི་ལམ་ལོག་ཡིན་ན་ཁྱོད་ལ་འདི་འགོག་པའི་ཐབས་ཤེས་ག་འདྲ་ཡོད་ཟེར། ང་ལ་འདི་ལམ་ལོག་ཡིན་པ་ངོ་སྤྲོད་པ་ལས་ལྷག་པའི་ཐབས་ཤེས་མེད། འདི་ལམ་ལོག་ཡིན་པ་ངོ་འཕྲོད་ན་འདི་འགོག་ཐུབ། མེར་སྲེག་འདིས་རང་ཉིད་ལ་སྡུག་བསྔལ། ནང་མི་ལ་སྡུག་བསྔལ། གཉེན་ཉེ་ཚོར་སྡུག་བསྔལ། གྲོང་པར་སྡུག་བསྔལ། མི་རིགས་ལ་སྡུག་བསྔལ་སྤྲོད་པ་རེད། འདིའི་སྦྱོར་དངོས་རྗེས་གསུམ་ཚང་མ་སྡུག་བསྔལ་རེད། འདི་ངོ་སྤྲོད་བྱེད་རྒྱུ་མ་གཏོགས་ངས་ཐབས་ལམ་གཞན་མི་ཤེས།

དེ་བས། རང་ལུས་མེར་བསྲེགས་གཏན་ནས་བྱེད་མི་རུང་། རང་ལུས་མེར་བསྲེགས་ད་ནས་མཚམས་འཇོག་རོགས། རང་ལུས་མེར་བསྲེགས་ཞེས་པའི་ཐ་སྙད་འདི་ཡང་སའི་གོ་ལའི་སྟེང་ནས་རྩ་མེད་དུ་འགྲོ་བར་ཤོག།

ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བོད་རྒྱ་མི་རིགས་གཉིས། །མཛའ་མཐུན་མཉམ་དུ་གནས་པར་ཤོག །

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༦ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 6

  1. ཐོས་པ་དགའ། says:
    ལོ་ 6 སྔོན།

    ཀླུ་མྱོན། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐོར་ལ་རྩོམ་ཉོག་འདི་འདྲ་ཞིག་ཁྱོད་ལ་འབྲི་བའི་ཐོབ་ཐང་མེད། རྒྱུ་མཚན་ཁྱོད་ཀྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་གང་ཡང་བྱས་མེད། བོད་པའི་སྤྱི་ཚོགས་ནང་ཆོས་བཤད་པའི་སྒྲ་ཙམ་ཡང་གོ་རྒྱུ་མེད་པར། ནུབ་ཕྱོགས་ནང་ཆོས་ཀྱི་གོ་རྟོགས་ཞན་ས་ནས་མགོ་སེར་ཚོ་མགོ་སྐོར་བཏང་། ཚུར་བོད་པའོ་སྤྱི་ཚོགས་ལ་ཁ་བཏང་བ་ལྷག་པར་དུ་ད་རེས་ཁྱོད་ཀྱིས་དཔའ་བོ་དཔའ་མོ་ཚོའི་རླབས་ཀྱི་མཛད་རྗེས་ནག་གསུབ་་གཏོང་བཞིན་པ་ནི་ནག་ཉེས་གནམ་སར་མི་ཤོང་བ་རེད།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 6 སྔོན།

    ཀླུ་སྨྱོན་ལགས། རང་ལུས་མེར་བསྲེགས་གནང་མཁན་རྣམ་པས་བསྟན་སྲིད་མི་རིགས་ཀྱི་རང་དབང་ཆེད་རང་སྲོག་ཕངས་མེད་ཀྱིས་སྐུ་ལུས་མེར་བསྲེགས་གནང་བར་ཡག་སྡུག་གི་སྐད་ཆ་བཤད་པའི་ཐོབ་ཐོང་ཁྱོད་དང་ང་ལྟ་བུར་གང་ཡང་མེད།

    རང་ལུས་མེར་བསྲེགས་གནང་བར་༧གོང་ས་མཆོག་ལ་འགན་དབང་ཇི་ལྟར་ཡོད་པ་རེད། རང་ལུས་མེར་བསྲེགས་ཀྱི་འགན་དབང་ངོ་མ་ཇག་ཚོགས་གུང་ཁྲན་ཏང་ལ་ཡོད་དགོས། རང་ལུས་མེར་བསྲེགས་ཀྱིས་བོད་དོན་འཐབ་རྩོད་བྱེད་པར་རྒྱལ་སྤྱིའི་རྒྱལ་ཚོགས་དང་རྒྱལ་ཁབ་ཚོས་རྒྱབ་སྐྱོར་མེད་པ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ།ཧམ་པ་མ་བཤད་ཅིག

    གང་ལྟར་ཁྱེད་ཀྱིས་བརྗོད་འདོད་པ་རང་ལུས་མེར་བསྲེགས་མཚམས་འཇོག་དགོས་བ་བཤད་ཀྱིས་ཡོད་པ་དེ་འགྲིག་འདུག ཡིན་ནའང་ བཤད་སྟངས་འབྲི་སྟངས་ལ་ལྟོས་ན་རང་ལུས་མེར་བསྲེགས་གནང་མཁན་རྣམ་ཆོས་སྲིད་གང་ཐད་ནས་གང་ཡང་མི་ཤེས་པ།གང་ཡང་མི་འཇོན་པ། སྙིང་སྟོབས་མེད་པ། འཕྲོ་བརླག་ཡིན་པ་ཨེ་ཡིན་ནམ། ཁྱེད་ཀྱིས་བསམ་བློ་གཏོང་སྟངས་དེ་དམར་པོ་སྲིད་གཞུང་ལས་ངན་པ་འདུག དེ་ལས་རང་གིས་སྤྲུལ་རྫུན་བླ་རྫུན་བྱས་ཏེ་མགོ་སེར་ཚོར་འཕོ་བ་དང་ཆོས་ལུགས་ཀྱི་ཆོ་ག་འདྲ་ཁྲིད་རོགས། དུས་ཚོད་ཡོད་ན་ཚེ་རིང་སྐྱིད་དང་བུ་མོ་མཛེས་མ་ཚོར་སྙན་ངག་འབྲི་རོགས།

    Reply
  3. བཟོད་པ་རྒྱ་མཚོ། says:
    ལོ་ 6 སྔོན།

    ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་ལ་བཟང་བསྟོད་དང་མཚང་འབྲུ་བ་གང་ཡིན་ཆ་མི་འཚལ་ཡང་འབྲས་མེད་ཞིག་ཏུ་བསམ་པ་ནི་ཡིག་ཉོག་ཁ་ལ་བསྡོམས་ནོར་ཞིག་ཤོར་འདུག་འབྲས་མེད་ཡིན་པ་མཐོང་སར་མེད་ཟེར་བ་ཡིན་ནམ།།

    Reply
  4. ཇ་མ་ says:
    ལོ་ 6 སྔོན།

    རང་ལུས་མེར་བསྲེགས་པ་ནི་མི་རིགས་ཞིག་གི་སྡུག་བསྔལ་ལ་འགན་ཁུར་བའི་སྙིང་སྟོབས་ཞིག་ཡིན་པ་ལས་ནུས་པ་གང་ཡང་མེད་པ་ཞི་གཏན་ནས་མིན།

    Reply
  5. མི་འགྱུར་རྡོ་རྗེ། says:
    ལོ་ 6 སྔོན།

    རང་ཉིད་ཀྱི་བ་སྤྲུ་རྐང་གཅིག་ལའང་འགུལ་སྐྱོད་གཏོང་མི་ནུས་པའི་ཀ་ཁ་པ་འདི་དག་གིས། རང་ལུས་མེ་རུ་བསྲེག་མཁན་རྣམས་ཀྱི་ཀུན་སློང་དང་བྱ་སྤྱོད་ལ་བློ་ཡུལ་དུ་མི་གཤོང་བའི་མཐའ་སྡོམ་རྒྱག་པ་མ་ཟད། ཐ་ན་”མི་ལུས་ཀྱི་རིན་ཐང་ཡང་ཤེས་མི་འདུག་”ཅེས་མཐོང་ཆུང་བྱེད་པ་ནི་མི་སྤྱོད་ལས་འདས་པའི་བྱེད་སྟངས་ཤིག་རེད།
    རང་ངོ་རང་གིས་མི་ཤེས་རུང་བསམ་བློ་སྔོན་ཐོན་དང་གོ་རྟོགས་ཆེན་པོ་ཡོད་པར་རློམས་མཁན་ཁྱོད་ཀྱིས་། “གསོན་པ་དང་འཆི་བ་ལ་གདམ་ཀ་བྱེད་ཆོག་པ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་”པའི་གཞི་རིམ་གྱི་འགྲོ་སྟངས་ཙམ་ཡང་ཤེས་ཀྱི་མི་འདུག་ན། ཡིག་ཉོག་འདི་འདྲ་སྤེལ་བ་ལས་མ་སྤེལ་ན་ཕན་ཐོགས་ཆེ། ཡིག་ཉོག་འདི་རིགས་སའི་གོ་ལའི་སྟེང་ནས་རྩ་སྟོང་དུ་འགྲོ་བར་ཤོག

    Reply
  6. རྔ་བ་གཉན་མི། says:
    ལོ་ 6 སྔོན།

    “རང་ལུས་མེར་བསྲེག་མཁན་ཕལ་མོ་ཆེར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཡོན་ཏན་མེད་པ་དང་། རང་ཉིད་ཀྱི་དལ་འབྱོར་ལུས་པོ་འདིའི་བེད་སྤྱོད་ཀྱི་རིན་ཐང་ཡང་ཆེན་པོ་ཞིག་མི་ཤེས་པའི་མི་རྣམས་རེད། ”

    སྐད་ཆ་བསམ་ནས་ཤོད་་་རླབས་ཆེ་བའི་བློས་གཏོང་་་མཐོང་ཆུང་མ་བྱེད། ཁྱེད་ལ་དེའི་ཐོབ་ཐང་མེད། དམའ་མཐའ་ཡང་དེ་ཤེས་པར་གྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist