མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རིག་གསར་བསྐྱར་སློང་བྱེད་བཞིན་པའི་རྣམ་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་གིས་བོད་པའི་དགོན་སྡེ་ཁག་གཏོར་བཤིག་དང་བོད་རིགས་མི་མང་ཚོའི་ཕྱི་སྐྱོད་ཐོག་དམ་དྲག་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ་སོང་།

IMG_4082

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་ ༢༧ འཁོར་བའི་ཉིན་མོ་སྲུང་གཙི་ཞུས་ཡོད་པ་དང་། དུས་སྟོན་མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ལས་བྱེད་ཆེ་ཕྲ། དེ་བཞིན། བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་བར་ཞི་འགྲིག་ཡོང་ཐབས་སུ་ལྷག་བསམ་རྣམ་དག་གིས་རྒྱུན་སྐྱོང་མཛད་པ་དང་། བོད་མིའི་དམངས་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་ཞེས་ཁ་བྲལ་མིན་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུ་ཡིན་པ་གསལ་པོར་ཤེས་བཞིན་དུ། རྒྱ་ནག་གཞུང་གིས་དུས་སྐབས་ནམ་བྱུང་ལ་ཁ་བྲལ་བ་ཅེས་ཡང་ནས་བསྐྱར་དུ་བཤད་དེ་རེ་སྟོང་ཞིག་འགྲུབ་རེའི་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་བཏང་སྟེ་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་གཉིས་ཕན་གྱི་ཞི་འགྲིག་ལ་འཕྲལ་ནས་མྱུར་དུ་བསམ་ཤེས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་འབྲེལ་མོལ་གང་མྱུར་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན།” ཞེས་འཁོད་འདུག

IMG_3956ཚོགས་གཙོ་མཆོག་གིས་མུ་མཐུད་དུ། དེ་རིང་ཉིན་རྒྱབ་ནས་ཉིན་གཉིས་རིང་བཞུགས་སྒར་དྷ་རམ་ས་ལར་ཧི་མ་ལ་ཡའི་དུས་སྟོན་སྲུང་བརྩི་དང་འབྲེལ། ས་གནས་ཡུལ་མི་རྣམས་ནས་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བ་དང། ཧིན་བོད་མི་མང་བར་མཛའ་བརྩེའི་ལར་ཞེན་གཡོ་བ་མེད་པའི་རྣམ་པ་མཚོན་གྱི་ཡོད་སྟབས། ཧི་མ་ལ་ཡའི་དུས་སྟོན་གོ་སྒྲིག་འགན་བཞེས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་དབུས་སའི་གཞུང་དང་། མི་མང་གིས་ང་ཚོར་ཕན་གྲོགས་གནང་བའི་བཀའ་དྲིན་ནི་དུས་ནམ་ཡང་བརྗེད་ཐབས་མེད་པས། ད་ལན་སླར་ཡང་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། ད་དུང་ཧིན་བོད་གཉིས་ཀྱི་མི་མང་བར་མཛའ་མཐུན་གོང་འཕེལ་མུ་མཐུད་གནས་རྒྱུར་ཚང་མས་མཉམ་རུབ་རྒྱུན་སྲིང་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་འཁོད་ཡོད་པ་སྒྲོགས་སྦྱང་གནང་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། “ལོ་རེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་སྙན་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་བཞིན་པའི་དབང་གིས། འཛམ་གླིང་ཤར་ནུབ་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་ཀྱང་གཟེངས་བསྟོད་དང་ཕྱག་འཁྱེར་གྲངས་ ༡༥༠ ལྷག་འབུལ་བཞེས་བྱུང་ཡོད་པ་བཅས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གུས་བཀུར་ཆེ་ཤོས་ཞུ་ཡུལ་གྱི་དབུ་འཁྲིད་ཅིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསལ་པོ་མཚོན་ཐུབ།” ཅེས་འཁོད་འདུག

སྲིད་སྐྱོང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་པའི་ཉིན་མོ་སྲུང་གཙི་དང་འབྲེལ་ཏེ། དེ་རིང་གི་ཉིན་མོ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་སྤེལ་ནས་མི་ལོ་ ༦༨ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ཡང་སྲུང་གཙི་བྱེད་ཀྱི་ཡོད་རུང་། བློ་ཕམ་པ་ཞིག་ལ་ད་ལྟའང་བོད་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཚབས་ཆེ་གཏོང་མུས་ཀྱི་གནས་སྟངས་སོགས་ལ་གཞིགས་ཚེ། དེ་འདྲའི་ཉིན་མོ་ཞིག་ཏུ་སྲུང་གཙི་བྱེད་འོས་མ་མཐོང་ནའང་། བཙན་གནོན་དང་དམ་དྲག་འོག་སྡུག་གཅོང་མནར་གཅོད་མྱོང་བཞིན་ཡོད་པ་དེ་དག་དྲན་གསོ་ཞུ་རྒྱུའི་དུས་ཚིགས་ཤིག་ལ་ངོས་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ནས་ཐུགས་ཁུར་བཞེས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་སྲིད་བྱུས་མིང་དོན་མཚུངས་པ་ཞིག་ལག་ལེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ཐད་ལ། རྒྱ་ནག་གི་རིག་གནས་གསར་བརྗེ་ཟེར་བའི་གཡོན་ཐལ་ཅན་གྱི་སྲིད་བྱུས་དེ་མཇུག་སྒྲིལ་ནས་ད་ཆ་ལོ་ ༤༠ ཧྲིལ་པོ་སོང་ཡོད་ནའང་། བོད་ནང་ལ་མཚོན་ན་ལོ་རེ་བཞིན་དྲག་གནོན་དང་དམ་དྲག་ཇེ་ཆེར་བཏང་སྟེ་དེ་སྔའི་རིག་གནས་གསར་བརྗེའི་སྐབས་ཀྱི་སྲིད་བྱུས་སླར་ཡང་ལག་བསྟར་བྱེད་པ་བཞིན་ཆགས་ཡོད། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་ནི། འདི་ལོར་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་ཆོས་བྱེད་གྲྭ་བཙུན་ཁྲི་ཚོ་བརྒལ་བའི་གྲྭ་ཤག་གཏོར་བཤིག་དང་། བཙན་དབང་གི་སྒོ་ནས་གྲྭ་བཙུན་ཕྱིར་ཕུད་བཏང་དང་གཏོང་བཞིན་པའི་གནས་ཚུལ་རྣམས་འཛམ་གླིང་ཡོངས་ལ་ཁྱབ་ཡོད། རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་གཏོར་བཤིག་དང་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་འདོད་མོས་མེད་པ་གསལ་འདོན་བྱ་ཆེད། བཙུན་མ་གསུམ་ནས་རང་སྲོག་བཅད་ཡོད་པ་དང་། གྲྭ་བཙུན་ཕྱིར་ཕུད་བྱས་པ་ཚོ་ཕྱིར་ལོག་མི་ཆོག་པའི་བཙན་བཀའ་བཏང་བར་ཡིག་ཐོག་ཁས་ལེན་བྱེད་དུ་བཅུག་འདུག དེ་མཚུངས་ཡ་ཆེན་སྒར་ནས་འདི་ལོའི་ཕྱི་ཟླ་ ༤ པ་ཙམ་ནས་འགོ་བཙུགས་ཏེ་བཙུན་མ་ཆིག་སྟོང་ཙམ་ཕྱིར་ཕུད་བཏང་གནས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་སྙན་ཐོའི་ནང་བཀོད་ཡོད། དེ་ཡང་བཙུན་མ་དེ་དག་གི་ནང་མི་ཚོར་འཇིགས་སྐུལ་དང་། ཐོབ་ཐང་མེད་པ་བཟོ་རྒྱུས་མཚོན་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན་སྐོར་བཙན་བཀའ་བཏང་ཡོད། བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནས་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་རང་ཁྱིམ་དུ་ལོག་རྗེས་དགོན་སྡེ་གཞན་ནང་འཛུལ་ཞུགས་མི་ཆོག་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དེས། དོན་དམ་གྱི་ཆོས་དད་རང་དབང་ཞིག་མེད་པ་ཀུན་གྱིས་ཤེས་གསལ་རེད། དེ་ཙམ་མ་ཟད། བཙུན་མར་དམག་ཆས་གཡོགས་ནས་འདོད་པ་མེད་བཞིན་དུ་རྒྱལ་གཅེས་ཀྱི་གླུ་གཞས་གཏོང་བཅུག་པ་དང་། ཡང་སེར་མོ་བ་ཚོར་སྡིངས་ཆའི་ཐོག་བཙན་དབང་གིས་ཞབས་བྲོ་འཁྲབ་སྟོན་བྱེད་བཅུག་པ་ནི་འདུལ་ཁྲིམས་ལ་ཁྱད་གསོད་བྱེད་པའི་ཐ་ཤལ་གྱི་བྱ་སྤྱོད་དེ་ལྟ་བུའི་སྒོ་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་བཞིན་པ་བརྒྱུད་ལམ་ཁག་ནང་མཐོང་རྒྱུ་ཡོད། བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནི་རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་དྲན་གསོ་དང་བསྐྱར་སློང་ཡོང་རྒྱུའི་འཇིགས་སྣང་སྐྱེ་དགོས་པ་ཆགས་ཡོད། ཅེས་གསུངས་སོང་།

IMG_4190སྲིད་སྐྱོང་མཆོག་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་གཞན་དང་མི་འདྲ་བར་བོད་མི་ཚོར་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་མཇལ་དང་ཡུལ་སྐོར་སོགས་སུ་འགྲོ་བར་དམ་དྲག་གིས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་བྱེད་པ་དང་། ད་བར་ཕྱི་བསྐྱོད་ལག་འཁྱེར་ཉུང་ཤས་སྤྲད་ཟིན་པ་རྣམས་ཀྱང་བཙན་པོ་དབང་ཤེད་ཀྱིས་ཕྱིར་བསྡུ་བྱེད་བཞིན་ཡོད། དེའི་ནང་ནས་ཀྱང་ཉུང་ཤས་ཤིག་བལ་ཡུལ་དུ་འགྲོ་རྒྱུའི་ཐོངས་མཆན་ཐོབ་ནས་ད་ལྟ་བལ་ཡུལ་དང་རྒྱ་གར་གཉིས་སུ་ཡོད་པའི་ནང་པའི་གནས་ཆེན་ཁག་ལ་ཆོས་མཇལ་ཞུ་བར་ཡོང་བ་རྣམས་འཕྲལ་དུ་ཕྱིར་ལོག་མ་བྱས་ཚེ་ཉེས་ཆད་འགེལ་རྒྱུ་དང་། ཐོབ་ཐང་ཇི་ཡོད་མེད་པ་བཟོ་རྒྱུའི་ཉེན་བརྡ་དང་འཇིགས་བསྐུལ་བྱེད་པ་སོགས་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་མདུན་སར་མི་རིགས་འདྲ་མཉམ་མེད་པ་མངོན་གསལ་དང་། ལྷག་པར་དུ་བོད་མི་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོར་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཀྱང་རེད་ཅེས་ཞུ་འདོད་བྱུང་།

མདོ་དོན་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མིའི་ཐོག་དྲག་གནོན་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དང་། ཡང་ཕྱོགས་གཞན་ནས་དཔལ་འབྱོར་ལྷུག་གཏོང་གི་སྲིད་བྱུས་ཤིག་ཀྱང་འཛིན་ཁུལ་བྱེད་ཀྱི་ཡོད་ནའང་། ཇི་སྲིད་བོད་དོན་ཐག་གཅོད་མ་བྱུང་གི་བར་དུ། བོད་མི་ཚོའི་བློ་སེམས་ནམ་ཡང་འགུག་ཐབས་བྲལ་བ་ཞིག་ཡིན་པ་དེ་རྒྱ་གཞུང་གི་འགོ་འཁྲིད་ཚོས་ངོ་གསལ་པོ་འཕྲོད་པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཏོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་གིས་བོད་དོན་དཀའ་རྙོག་སེལ་དགོས་པར་འབོད་སྐུལ་བྱེད་རྒྱུ་ཡིན། སྲིད་འཛིན་ཞི་ཅིན་ཕིན་ལ་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཆ་ཚང་ཡོད་ཐོག་ཉེ་ཆར་དམར་ཤོག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་དབུ་འཁྲིད་གོང་མ་དང་མི་འདྲ་བར“ཏང་དང་རྒྱལ་ཁབ་ཀྱི་སྲོག་ཤིང”ཞེས་པར་ངོས་འཛིན་བྱས་ཡོད། དེར་བརྟེན་ཆབ་སྲིད་ཀྱི་ཆོད་སེམས་ཤིག་ཡོད་ན་དབང་ཆ་དང་གོ་སྐབས་གཉིས་ཀ་ཡོད་པས། ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་དོན་འགྲིག་མཐུན་ཡོང་ཐབས་སུ། རྒྱ་གཞུང་གི་འགོ་འཁྲིད་དང་གྲོས་མོལ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་རྒྱ་གཞུང་གི་འགོ་འཁྲིད་ཚོར་སླར་ཡང་ནན་བརྗོད་བྱེད་འདོད་བྱུང་། ཞེས་དང་། སྐུ་ཞབས་ཨེན་ཊོ་ནིའོ་གུ་ཊེར་རེ་སི་ (Mr. Antonio Guterres) མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། ཉེ་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།

མཛད་སྒོའི་མཇུག་ཏུ་བཙན་བྱོལ་གཞུང་མང་གཉིས་ནས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར། དེ་བཞིན། བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་གྲོངས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདོང་སེམས་མཉམ་སྐྱེད་ཆེད་དུ། རྒྱ་ནག་གཞུང་གིས་གཏོར་བཞིན་པའི་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་འདྲ་པར་སོགས་བཤམས་ནས་ཞལ་འདོན་དང་མར་མེ་མཆོད་འབུལ་གནང་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལྟའི་བར་བོད་ནང་གི་བོད་ཀྱི་བདག་པོ་དཔའ་པོ་དཔའ་མོ་མང་པོ་ཞིག་བོད་རྩ་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཚང་མ་དང་། དམིགས་བསལ་རང་ལུས་མེར་བསྲེགས་གནང་མཁན་ ༡༤༥ ཆགས་ཡོང་གི་ཡོད་པ་རེད། ཁོ་ཚོ་ཚང་མའི་ཆེད་དུ་ཐུགས་སྨོན་གནང་རོགས་གནོངས་ཞུ་རྒྱུ་ཡིན་ལ། དམིགས་བསལ་བླ་རུང་སྒར་ལྟ་བུ་ཡིན་ན། ཉེ་ཆར་རྒྱ་ནག་གཞུང་གིས་བླ་རུང་སྒར་གཏོར་བཤིག་བཏང་ནས་ད་ཆར་གྲྭ་བཙུན་ཆིག་ཁྲི་ལྷག་ཡོད་པ་ནས་སྟོང་ཕྲག་ལྔ་ལ་ཉུང་རུ་གཏོང་ཐབས་སོགས་འཆར་གཞི་ལྡན་པའི་སྒོ་ནས་ལག་བསྟར་བྱེད་མུས་རེད། ཡ་ཆེན་སྒར་ཡིན་ནའང་། གོས་ཐོས་སུ་དེ་གར་བཙུན་མ་ཁྲི་ལྷག་ཡོད་པའི་ནང་ནས་བཙུན་མ་སྟོང་ཕྲག་གཅིག་ཙམ་ཞིག་ཕྱིར་ཕུད་བཏང་ཚར་བ་རེད་ཟེར། དེའི་མི་ཚད་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་ཚོ་དམིགས་བསལ་སོ་སོའི་ས་གནས་ས་ཐོག་ཏུ་འབྱོར་བའི་སྐབས་སུ། དགོན་སྡེ་ཁག་ནང་འཛུལ་ཞུགས་བྱ་ཆོག་གི་མེད་པ་དང་ཆོས་ལུགས་བྱེད་སྒོ་ཁག་ནང་ཆ་ཤས་ལེན་ཆོག་མེད་པ་བཟོས་ཡོད་པ་དང་། དམིགས་བསལ་བླ་རུང་སྒར་ནང་ཕྱིར་ལོག་མི་ཆོག་པའི་བཙན་བཀའ་བཏང་བར་ཡིག་ཐོག་ཁས་ལེན་བྱེད་དུ་བཅུག་པ་དང་བཅས། གྲྭ་བཙན་རྣམས་བཙོན་ཁང་དུ་བཏང་བ་ལྟ་བུའི་གནས་ཚུལ་འཐོན་ཡོང་གི་ཡོད་དུས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་བོད་ནང་གི་གཞིས་ལུས་མི་མང་གི་མགྲིན་ཚབ་པ་བྱས་ཏེ། ང་ཚོ་ཐུན་མོང་ལ་འགན་ཡོད་པའི་ཐོག་ལ་སེམས་ནས་མ་བཟོད་པའི་ཐོག་ནས་གདོང་སེམས་མཉམ་སྐྱེད་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱག་དགོས་ཀྱི་ཡོད་པ་རེད། ད་ཆར་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་སྐབས་ཀྱི་བྱེད་སྟངས་བྱེད་ལུགས་དེ་བསྐྱར་སློང་བྱེད་ཀྱིན་ཡོད་པའི་རྣམ་པ་ཞིག་འཐོན་ཡོང་གི་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་སེམས་འཚུབ་ཆེན་ཡོད་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༢༡ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

མཆན། 2

  1. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཆོས་ཀྱི་ཞིང་ཁམས་ཀྱི་བོད་རིགས་ཚོས་སྐྱིད་ཉལ་སྐྱིད་ཟ ལྟད་མོ་ལྟ་བཞིན་ཡོད་པ་དང་མདོ་སྟོད་སྨད་གཉིས་ཀྱི་ཕྱོགས་ནས་བོད་མི་ཚོས་རང་རེའི་མི་རིགས་དང་རང་དབང་། འདྲ་མཉམ་བཅས་ཆེད་རང་སྲོག་བློས་གཏོང་གིས་དམར་པོ་སྲིད་གཞུང་ལ་འཚེ་མེད་ལམ་ནས་ངོ་རྒོལ་བྱས་དང་བྱེད་མུས་རེད།

    ཉེ་ལམ་རྒྱལ་གཅེས་དཔའ་བོ་བཀྲིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་སྐོར་ལ་བཀའ་སྤྱི་གཉིས་ཀྱིས་ཟུར་ཙམ་ཡང་གསུངས་མེད་པར་ལྟོས་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་བོད་དོན་ལས་འགུལ་ལ་དགའ་བོ་གནང་གི་མེད་པ་འདྲ་། ད་ནི་བོད་མིའི་འཐབ་རྩོད་ནི་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་ངོ་བོ་བསྒྱུར་འདུག

    Reply
  2. འབྲོག་གཅེར་བུ། says:
    ལོ་ 9 སྔོན།

    འདིར་ཟླའི་ཚེས་༨་ཉིན་མདོ་སྨད་རྨ་ཆུ་ནས་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་གྱིས་རང་ལུས་མེ་བསྒྲོན་ནས་བོད་བསྟན་སྲིད་རང་དབང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་འཇུག་དགོས་ཞེས་མེ་ལྕེ་དམར་པོ་དགུང་ལ་འཕྱོ་བཞིན་ངོ་རྒོལ་བྱེད་བཞིན་པའི་བརྙན་རིས་ཕྱི་ནང་གང་སར་ཁྱབ་ཡོད་མོད་རང་རེའི་མཛད་གཙོ་རྣམ་པས་མ་གཟིགས་པ་མེད་འགྲོ། དེ་རིང་ཚེས་༡༠་ཉིན་གྱི་བཀའ་སྤྱི་གཉིས་ཀྱི་གཞུང་འབྲེལ་གསལ་བསྒྲགས་ནང་ན་དཔའ་བོ་ཁོང་གི་མཚན་ཟུར་ཙམ་ཡང་མེད་དོན་ཅི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese