མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་ཐོག་ཤེས་ཡོན་ཡང་རྩེར་སོན་པ་སིང་གྷ་པོར་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

སན་ཀོ་ལན་གྱིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

སིང་གྷ་པོར་གྱི་ན་གཞོན་ཚོས་ཨང་རྩིས། ཀློག་རྩལ། ཚན་རིག་བཅས་ཀྱི་རྒྱུགས་སྤྲོད་གཟེངས་སུ་ཐོན་པ་བྱས་ཡོད་པར་བརྟེན། རྒྱལ་སྤྱིའི་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད།

Tibettimes

རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཚོགས་པ། ཨོ་ཨི་སི་ཌིའི་(OECD)སྟངས་འཛིན་འོག་རྒྱལ་ཁབ་ ༧༠ ཡི་སློབ་ཕྲུག་ལོ་ན་ ༡༥ སོན་པ་པཱི་སཱ་(Pisa)རྒྱུགས་སྤྲོད་ནང་མཉམ་ཞུགས་བྱས་ཡོད། ཨིན་ཇིའི་རྒྱལ་ཁབ་ལོ་འདིའི་རྒྱུགས་སྤྲོད་ཁྲོད་ཉི་འོང་དང་། ཨེ་སི་ཊོ་ནི་ཡ།(Estonia) ཧྥིན་ལན་ཌ། ཝི་ཐི་ནམ་བཅས་ཀྱི་རྗེས་སུ་ལུས་ཏེ་ཨང་རིམ་བར་མ་ཙམ་ཡིན། སིང་གྷ་པོར་ནི་ཨེ་ཤི་ཡ་དང་། ཡུ་རོབ། ཨོ་སི་ཊི་ལི་ཡ། ལྷོ་བྱང་ཨ་མི་རི་ཀ་བཅས་ཀྱི་སློབ་ཕྲུག་ཀུན་ལས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཡང་རྩེར་སོན་ཐུབ་པ་བྱུང་ཡོད།

ཨོ་ཡི་སི་ཌི་(OECD)སྒྲིག་འཛུགས་ཀྱི་ཤེས་ཡོན་འགན་འཛིན་སྐུ་ཞབས་སེ་ལེ་ཆར་(Mr. Schleicher)གྱིས་ “སིང་གྷ་པོར་གྱི་ཤེས་ཡོན་གནས་ཚད་ལེགས་པོ་ཡོད་པ་ཙམ་མ་ཡིན་པར་གོང་ནས་གོང་དུ་འཕེལ་རྒྱས་འགྲོ་བཞིན་ཡོད།”ཅེས་གསུངས།

  • པཱི་སཱ་(Pisa)ཞེས་པ་དེ་གང་ཡིན་ནམ།

ཡིག་རྒྱུགས་དེར་ཨིན་ཡིག་གི་བསྡུས་མིང་དུ་པཱི་སཱ་(Pisa)ཞེས་བརྗོད་པ་ཡིན། པཱི་སཱ་(Pisa)ཞེས་པ་ནི་ལོ་ན་བཅོ་ལྔར་སོན་པའི་རྒྱལ་སྤྱིའི་སློབ་ཕྲུག་གིས་ཨང་རྩིས། ཚན་རིག ཀློག་རྩལ་བཅས་བྱེ་བྲག་སློབ་ཚན་གསུམ་གྱི་ཐོག་རྒྱུགས་སྤྲོད་བྱས་ཏེ། ཤེས་ཡོན་གནས་ཚད་འཇལ་བའི་ལས་འཆར་(The Programme for International Students Assessment)ཞིག་ཡིན།

རྒྱུགས་སྤྲོད་དེ་བཞིན་ཨོ་ཨི་སི་ཌིའི་(OECD)སྟངས་འཛིན་འོག་ལོ་གསུམ་རེར་ཐེངས་རེ་གོ་སྒྲིག་བྱེད་པ་དང་། ཡུལ་གྲུ་ཁག་གི་སྲིད་དོན་མི་སྣའི་ཁྲོད་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྒྱལ་ཁབ་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་གནས་བབ་ཀྱང་ཤེས་ཡོན་གྱི་གནས་ཚད་དེར་གཞི་བཅོལ་ཚད་འཛིན་བྱེད་ཀྱི་ཡོད།

ཡིག་རྒྱུགས་དེའི་གྲུབ་འབྲས་ཨེ་ཤི་ཡའི་ཡུལ་གྲུ་ཁག་གིས་བསྟུད་མར་དབང་སྒྱུར་བྱས་ཡོད་པ་དང་། སིང་ཀ་པོར་གྱིས་དེ་སྔོན་གྱི་རྒྱལ་སྤྱིའི་ཤེས་ཡོན་ལམ་ལུགས་ཨང་དང་པོ་རྒྱ་ནག་ཧྲང་ཧེ་སློབ་གྲྭའི་གོ་བབ་བརྗེ་ལེན་བྱས་ཡོད། ཧྲང་ཧེ་སློབ་གྲྭ་ད་ཆ་ཡིག་རྒྱུགས་དེ་རིགས་ཁྲོད་རྒྱ་ནག་གི་མངའ་སྡེ་གཞན་དང་ཟླ་སྒྲིལ་གྱི་ཚུལ་དུ་མཉམ་ཞུགས་བྱེད་པ་ལས་སྔར་བཞིན་ལོགས་སུ་མཉམ་ཞུགས་བྱེད་ཀྱི་མེད།

དེ་སྔོན་ཨོ་ཨི་སི་ཌི་སྒྲིག་འཛུགས་དེར་ཧྲང་ཧེ་རྒྱ་ནག་གི་སློབ་གྲྭ་ཡོངས་རྫོགས་ཀྱི་ཚབ་ཡིན་མིན་གྱི་གླེང་སློང་ཡང་བྱུང་ཡོད། འོན་ཀྱང་ལོ་འདིར་ཐོག་མར་རྒྱ་ནག་གི་མངའ་སྔེ་བཞི་ཟླ་སྒྲིལ་བཏང་སྟེ་མཉམ་ཞུགས་བྱས་ཡོད་པ་དང་། ཨང་རྩིས་དང་ཚན་རིག་ཨང་སྡེ་བཅུའི་ནང་ཚུད་ཡོད་ཀྱང་། ཀློག་རྩལ་ཨང་སྡེ་ཉི་ཤུའི་ནང་ལ་ཡང་ཚུད་མེད།

ཧོང་ཀོང་དང་མེ་ཀའོ་ཡང་ཤེས་ཡོན་གྱི་ལམ་ལུགས་གཟེངས་སུ་ཐོན་པའི་གྲས་སུ་ཚུད་ཀྱི་ཡོད། ཨ་རིའི་ཤེས་ཡོན་གནས་ཚད་སླར་ཡང་ཡ་ང་བའི་རང་བཞིན་ལས་མ་འདས།

ཨ་རིའི་ཤེས་ཡོན་དྲུང་ཆེ་ཇོན་ཀིང་གིས་ “ང་ཚོའི་རྩ་བའི་རྨང་གཞི་སྲ་བརྟན་མེད་པ་ཆགས་ཀྱི་འདུག ད་ལྟའི་ཤེས་ཡོན་རྨང་གཞིར་གྱུར་བའི་ཚོང་ལམ་ཐོག་དཀའ་ངལ་གྱི་རང་བཞིན་ཆགས་ཡོད།” ཅེས་ཀྱང་བརྗོད་ཡོད།

  • ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་གྲུབ་འབྲས་ཡང་རྩེར་སོན་པ།

ཡིག་རྒྱུགས་དེའི་གྲུབ་འབྲས་ལས་ཨེ་ཤ་ཡའི་ཤེས་ཡོན་ལམ་ལུགས་གཟེངས་སུ་ཐོན་པ་བྱུང་ཡོད། སློབ་ཚན་གསུམ་ལས་ཨང་རྩིས་ཀྱི་གནས་རིམ་དང་པོ་ནས་བདུན་པ་བར་ཨེ་ཤ་ཡའི་གླིང་ཕྲན་གྱི་ཡུལ་གྲུ་ཁག་ཆགས་ཡོད། དེ་དག་ལས་སིང་ཀ་པོར་དང་པོ་དང་། དེ་རྗེས་རིམ་པ་བཞིན་ཧོང་ཀོང་། མེ་ཀའོ། ཐའི་ཝན། ཉི་འོང་། རྒྱ་ནག ལྷོ་ཀོ་རི་ཡ་བཅས་ཡིན།

ཧྥིན་ལན་ཌ་དང་། ཨེ་སེ་ཊོ་ནི་ཡ། ཁེ་ན་ཊ། ཨའི་ལན་ཌ་བཅས་ནི་རྒྱུགས་སྤྲོད་ཀྱི་སློབ་ཚན་གསུམ་ལས་གང་རུང་ཞིག་ཐོག་རྩེ་ཕུད་ལྔའི་ནང་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་མ་ཡིན་པའི་རྒྱལ་ཁབ་བཞི་པོ་དེ་ཁོ་ན་ཡིན།

ཤེས་ཡོན་འགན་འཛིན་སྐུ་ཞབས་སེ་ལེ་ཆར་གྱིས། སིང་ཀ་པོར་ལྟ་བུའི་ཨེ་ཤ་ཡའི་ཡུལ་གྲུ་དེ་དག་གིས་ཁྱིམ་ཚང་དབུལ་ཕྱུག་གི་དབྱེ་བ་མེད་པར་ཤེས་ཡོན་ཐོག་ནུས་པ་ཕུལ་དུ་བྱུང་བ་འདོན་ཐུབ་ཀྱི་ཡོད་ཅེས་དང་། ཝེ་ཐི་ནམ་ལ་མཚོན་ན་ཡང་མངོན་གསལ་དོད་པོས་ཡར་རྒྱས་འགྲོ་བཞིན་པ་མ་ཟད། ཚན་རིག་སློབ་ཚན་ཐོག་ཇར་མ་ནི་དང་སུ་ཛར་ལན་ཌ་གཉིས་ལས་ལྷག་པ་ཡོད་པ་དང་། ཨང་རྩིས་དང་ཚན་རིག་སློབ་ཚན་གཉིས་ཀྱི་ཐོག་ཨ་མི་རི་ཀའི་གོང་དུ་སླེབས་ཡོད།

སྐུ་ཞབས་སི་ལེ་ཆར་གྱིས་ལྷོ་ཨ་མི་རི་ཀིའི་ཡུལ་གྲུ་ཕེ་རུ་དང་ཀོ་ལོམ་པི་ཡ་གཉིས་ཡར་རྒྱས་འགྲོ་མུས་ཀྱི་རྒྱལ་ཁབ་གཉིས་པོ་དེ་ཡིན་ཞེས་བརྗོད།

ཨིན་ཇིའི་རྒྱལ་ཁབ་ཀྱི་ཤེས་ཡོན་བློན་ཆེན་ཚོས་པཱི་སཱ་རྒྱུགས་སྤྲོད་རྒྱལ་ཁབ་ཡར་རྒྱས་ཀྱི་གལ་ཆེའི་དན་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ད་རེས་དམིགས་བསལ་ཡར་རྒྱས་ཕྱིན་པའི་རྣམ་པ་ཞིག་འདོན་ཐུབ་པ་བྱུང་མེད།

ཨིན་ཡུལ་གྱི་ཨང་རྩིས་གནས་རིམ་ ༢༧ ཡིན་པ་དང་། ལོ་གསུམ་གོང་ལས་གནས་རིམ་གཅིག་གིས་ཞན་པ་བྱུང་ཡོད། པཱི་སཱ་རྒྱུགས་སྤྲོད་ནང་ཐོག་མར་ཕྱི་ལོ་ ༢༠༠༠ ལོར་མཉམ་ཞུགས་བྱས་པ་ནས་ད་རེས་སྐྱོ་ཤོས་དེ་ཆགས་ཡོད། ཀློག་རྩལ་ཐོག་གནས་རིམ་ ༢༢ ཡིན། དེ་སྔོན་ལས་གནས་རིམ་གཅིག་འཕར་ཡོད། ཨིན་ཡུལ་གྱི་གྲུབ་འབྲས་ལེགས་ཤོས་ཚན་རིག་སློབ་ཚན་ཡིན། པཱི་སཱ་རྒྱུགས་སྤྲོད་གོང་མ་ལས་གནས་རིམ་ ༦ འཕར་ཡོད། ཨིན་ཡུལ་གྱི་ཝལ་སེ་(Wales)མངའ་སྡེའི་ཁྲོད་སློབ་ཚན་སྤྱི་ཡོངས་ཀྱི་གྲུབ་འབྲས་དམའ་ཤོས་དེ་ཆགས་ཡོད།

ཤེས་ཡོན་དྲུང་ཆེ་ལྕམ་ཝི་ལེམ་སེ་ཡིས་ “ང་ཚོ་ཚང་མས་ཁས་ལེན་བྱེད་ཐུབ་པ་ཞིག་ནི། ང་ཚོས་འདོད་པའི་གནས་དེར་ད་དུང་ཡང་སླེབས་མེད།”ཅེས་བརྗོད། འོན་ཀྱང་ཁོང་གིས་ “ཝལ་སེའི་གནས་ཚད་ཡར་རྒྱས་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་མུས་ཡིན།” ཞེས་ཟེར།

སྐུ་ཞབས་སེ་ལེ་ཆར་གྱིས་ཨིན་ཡུལ་གྱི་ཤེས་ཡོན་གནས་ཚད་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི། དགེ་རྒན་ཉུང་དྲགས་པའི་རྐྱེན་གྱིས་ཡིན་ཞེས་གསུངས།

  • སིང་གྷ་པོར་གྱི་ཤེས་ཡོན་གནས་ཚད་ཕུལ་ཏུ་བྱུང་བའི་རྒྱུ་རྐྱེན་ཅི།

ཕྱི་ལོ་ ༡༩༦༥ ལོར་སིང་གྷ་པོར་རང་བཙན་གྱི་རྒྱལ་ཁབ་ཆགས་པ་རེད། ལོ་ངོ་འགའ་ཞིག་ལས་མ་འདས་པའི་རྒྱལ་ཁབ་གསར་པ་དེའི་མི་རྣམས་ཕལ་ཆེ་བ་ཡིག་རྨོངས་ཡིན་པ་མ་ཟད། ལག་རྩལ་ཧ་ཅང་ཞན་པོ་ཡོད། ཡུལ་གྲུ་ཆུང་ཆུང་དེས་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐབས་ལམ་གཙོ་བོ་ཤེས་ཡོན་ཡིན་པ་ངོས་འཛིན་ཁ་གསལ་ཐོག་ནུས་ཤུགས་ཡོད་ཚད་བཏོན་ཡོད།

འཛམ་གླིང་གི་ཡུལ་གྲུ་སྐྱོ་ཤོས་གྲས་ཡིན་པ་མ་ཟད་མི་རིགས་དང་། ཆོས། སྐད་ཡིག་འདྲ་མིན་འདུས་པའི་སིང་གྷ་པོར་རྒྱལ་ཁབ་ཀྱིས་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཡུ་རོབ་དང་། ཨེ་ཤ་ཡ། བྱང་ཨ་མི་རི་ཀ་བཅས་རྒྱལ་ཁབ་ཀུན་ལས་ཤེས་ཡོན་ཐོག་རྣམ་པར་རྒྱལ་ཐུབ་པ་བྱུང་ཡོད།

སིང་གྷ་པོར་རྒྱལ་ཡོངས་ཤེས་ཡོན་ལྟེ་གནས་ཁང་(National Institute of Education)ཆགས་ཡུལ། ནང་ཡང་འཕྲུལ་ལས་གཙུག་ལག་ཁང་(Nanyang Technological University)གི་གཙོ་འཛིན་གཞོན་པ་སློབ་དཔོན་སིན་ཀོང་ལཱི་ཡིས།“ཤེས་ཡོན་གྱི་ཚད་གཞི་དེ་ལྟར་སོན་པའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་ཁྲིད་ཀྱི་གནས་ཚད་བཟང་བས་ཡིན།” ཞེས་གསུངས།

སློབ་དཔོན་ཁོང་གིས་ “སིང་གྷ་པོར་གྱིས་སློབ་ཁྲིད་ཀྱི་ནུས་པ་སྤུས་ཚད་ལྡན་པ་དང་ཕུན་སུམ་ཚོགས་པོ་ཡོང་སླད་མ་དངུལ་ཕོན་ཆེ་མཁོ་གཏོང་བྱེད་པ་དང་། མཐོ་རིམ་སློབ་ཐོན་པ་རྩེ་གྲ་སློབ་ཁྲིད་ཀྱི་བྱ་བར་མཉམ་ཞུགས་ཀྱི་དང་བ་འདྲེན་ཕྱིར་ལས་དོན་དེ་ཧ་ཅང་གཙིགས་ཆེར་འཛིན་པ་མ་ཟད་ཆེ་མཐོང་ཆེན་པོ་སྤྲོད་ཀྱི་ཡོད།”ཅེས་གསུངས།

ཡུལ་གྲུ་དེས་གཞུང་འབྲེལ་ཐོག་མཐོ་རིམ་སློབ་ཐོན་གྱི་གྲུབ་འབྲས་ཡང་རྩེར་སོན་པ་བརྒྱ་ཆ་ལྔ་ཙམ་ཆེད་ལས་དགེ་རྒན་དུ་འདེམ་སྒྲུག་བྱེད་ཀྱི་ཡོད། ཆེད་ལས་དགེ་རྒན་འོང་སྦྱོང་ཀྱི་སྦྱོང་བརྡར་ཆ་ཚང་བ་རྒྱལ་ཡོངས་ཤེས་ཡོན་ལྟེ་གནས་ཁང་དུ་སྤྲོད་ཀྱི་ཡོད་པ་རེད།

སློབ་དཔོན་ལཱི་ཡིས་ “སྦྱོང་བརྡར་སྤྲོད་ཡུལ་ས་གནས་བྱེ་བྲག་པ་གཅིག་ཁོ་ན་ཡིན་པས་དགེ་རྒན་གྱི་སྤུས་ཚད་ལྡན་པ་ཡོང་ཚུལ་དང་། དེ་ལྟར་ཡོང་བར་ལས་དོན་བརྟན་པོ་དང་། ཕུགས་རྒྱང་རིང་བའི་འཆར་འགོད། ཡུན་གནས་ཐུབ་པ་བཅས་དགོས།”ཞེས་གསུངས།

 

མ་རྩོམ་འབྲེལ་ཐག http://www.bbc.com/news/education-38212070

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese