མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་འཁོར་དབང་ཆེན་ཞུས་ནས་ངའི་མི་ཚེ་ལ་འགྱུར་བ་ཕྱིན་སོང་ཟེར་བ་ཞིག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོ་ས་ཆོག་དང་བསྟུན་ཏེ་ཁྱེད་རང་ཚོས་དཀའ་ལས་ཆེན་པོ་བརྒྱབ་སྟེ་འགྲོ་སོང་ཆེན་པོ་བཏང་ནས་འདིར་འདུས་པ་རེད། བདུན་ཕྲག་གཉིས་མ་ཟིན་ཙམ་ལ་འདིར་སྡོད་པའི་རིང་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློར་འགྱུར་བ་གཏོང་བའི་དམིགས་ཡུལ་བཟུང་སྟེ། དུས་འཁོར་དབང་ཆེན་ཞུས་ཏེ་ངའི་མི་ཚེ་འདིར་འགྱུར་བ་ཕྱིན་སོང་ཟེར་བ་ཞིག་དགོས་པ་རེད་ཅེས་གསུངས།

TibetTimes1

དེ་རིང་ཞོགས་པའི་ཆུ་ཚོད་ ༧ ཙམ། ༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་དཔལ་དུས་ཀྱི་འཁོར་ལོའི་གསུང་ཆོས་ར་བའི་བཞུགས་ཁྲིར་ཞབས་སོར་འཁོད་དེ། དུས་འཁོར་ཆོ་ག་སློབ་མ་རྗེས་འཛིན་སོགས་ཀྱི་སྒྲུབ་བྱ་རྣམས་གསུངས་ཡོད་པ་དང་། ཐེངས་འདིའི་དུས་དབང་སྐབས་ཨ་རི་དང་ཡུ་རོབ། རྒྱ་ནག་སྐམ་ཆེན་མོའི་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅས་ཁྱོན་འཛམ་གླིང་གི་རྒྱལ་ཁབ་ ༦༩ ནས་མདང་དགོང་བར་དུ་དད་ལྡན་ཆོས་ཞུ་བ་འབུམ་གཅིག་ལས་བརྒལ་བ་འབྱོར་ཡོད་འདུག

སྔོན་འགྲོའི་བཀའ་ཆོས་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་ཁོང་ཉིད་ཀྱིས་དུས་འཁོར་དབང་ཆེན་ཚར་མང་པོ་གསུངས་པར་སྟབས་བདེ་བོ་ཡོད་པ་དེ་སྔར་ཕན་བདེ་ལེགས་བཤད་གླིང་དུ་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་ཁ་ཐུག་ནས་རྒྱུན་བཟང་པོ་ཞིག་ཡོད་པ་དེར་ཐུག་ཡོད་པ་དང་། ཁོང་ཐོག་མ་རྒྱ་གར་དུ་ཕེབས་ཏེ་དུས་འཁོར་དབང་ཆེན་དང་པོ་དྷ་རམ་ས་ལར་བསྐུར་གནང་མཛད་སྐབས། དབང་གི་མཇུག་ཏུ་རྨི་ལམ་ནང་ཁོང་ཉིད་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པ་སོགས་རྨས་ཏེ་དབང་མང་པོ་གསུང་པའི་རྟགས་དང་མཚན་མ་བྱུང་སྐོར་སོགས་གསུངས་སོང་།

སྐབས་དེར་༧གོང་ས་མཆོག་གིས་བཀའ་གནང་དོན། དེ་རིང་གནས་ཁྱད་པར་ཅན་འདིར་ཁྱེད་རང་ཚོ་ཡུལ་ལུང་མི་འདྲ་བ་མང་པོ་ཞིག་ནས་དོན་གཉེར་ཞེ་དྲགས་ཆེན་པོའི་ཐོག་ནས་ཡོང་བ་རེད་ལ། གནས་ཁྱད་པར་ཅན་ཆགས་བསྡད་ཡོད་པ་རེད། མཐུན་རྐྱེན་འཛོམས་པོ་ཅི་གང་ཡོད་པ་མ་རེད། དེ་རིང་ཁ་སང་གནམ་གཤིས་ཀྱང་སྐྱོ་པོ་ཞེ་དྲགས་སྟོན་གྱི་འདུག ཁྱེད་རང་ཚོས་དཀའ་བ་དྭང་དུ་བླངས་ཏེ་མང་ཆེ་བ་ཞིག་ཆོས་དོན་གཉེར་བྱས་ཏེ་བསླེབས་པ་རེད། ཁ་ཤས་ཁ་ཤས་ཚོང་འདུས་ཆེད་ཡོང་བ་དེ་འདྲ་ཡོད་སྲིད་པ་རེད།

མང་ཆེ་བ་ནི་ཆོས་དོན་གཉེར་བྱས་ནས་ཡོང་བར་བརྟེན་ཆོས་ཆོས་སུ་ཕྱིན་པ་ཞིག་དགོས་པ་གལ་ཆེན་པོ་རེད། སྤྱིར་བཏང་སྒྲ་ཡང་བ་བྱས་ན་ཆོས་ཟེར་དུས་འཛམ་གླིང་ཐོག་(Religion)ཟེར་བ་ཚང་མར་ཕལ་ཆེར་གོ་ཐུབ་ཀྱི་ཡོད་པ་དང་། ཆོས་བརྒྱུད་རིས་སུ་མ་ཆད་པ་གང་ཡིན་ནའང་སོ་སོའི་ཆོས་བརྒྱུད་དེ་དངོས་གནས་ཆོས་རྣམ་དག་ཅིག་ཡོང་བར་བློ་ཆོས་སུ་སོང་བ་ཞིག་དགོས་པ་རེད། ཁ་ཆེ་ཡིན་ན་རེད། ཡེ་ཤུ་ཡིན་ནའང་རེད། ཧིན་རྡུ་དང་ཇེའུ་ཡིན་ནའང་འདྲ། དེ་དང་དེ་འདྲ་བའི་ཆོས་བརྒྱུད་མི་འདྲ་བ་མང་པོ་ཞིག་ཡོད་པ་རེད། ངའི་ཕ་མེས་དང་ཁྱིམ་ཚང་གི་ཆོས་བརྒྱུད་འདི་དང་དེ་ཡིན་ཟེར་བ་དང་། ང་ཡེ་ཤུ་ཆོས་པ་ཡིན། ང་ཁ་ཆེ་ཆོས་པ་ཡིན་ཞེས་ལབ་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། དཔེར་ན། ཡེ་ཤུའི་ཆོས་པ་ཞིག་ཡིན་ན། དངོས་གནས་སྟོན་པ་མ་ཤི་ཀས་ལམ་སྟོན་གནང་སྟེ་གསུང་བཞག་པ་རྣམས་སོ་སོས་ལག་ལེན་བྱེད་དགོས་པ་དང་། སྟོན་པ་མོ་ཧཱ་མཱ་ཌ་ཡིས་ལམ་སྟོན་གནང་བཞག་པ་རྣམས་དང་། དེའི་ནང་ནས་ཀྱང་གཙོ་བོ་བྱམས་བརྩེའི་མཚོན་པའི་གཞན་ཕན་སྒྲུབ་པའི་བསླབ་བྱ་ཡོད་པ་རྣམས་སོ་སོས་ལག་ལེན་དུ་འཁེལ་ནས་འགྲོ་རྒྱུ་བྱུང་ན། ཆོས་ཆོས་སུ་སོང་བ་རེད། ཆོས་ཞེས་ལབ་ན་སོ་སོའི་ལམ་དང་ལུགས་སྲོལ་འདྲ་པོ་བྱས་ཏེ་ལག་ལེན་ངོ་མའི་ཐོག་ནས་ཞེ་དྲགས་མེད་པ་ཡིན་ན། ཆོས་ཆོས་སུ་སོང་བ་ཞིག་ཡོང་གི་ཡོད་པ་མ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ཆོས་ཆོས་སུ་སོང་བ་ཞིག་མ་བྱུང་ན་ཁག་པོ་རེད། དཔེར་ན། རྡོ་རྗེ་གདན་དུ་ཕྱིན་པ་ཡིན། ༧རྒྱལ་བ་རིན་པ་ཆེའི་མདུན་ནས་དུས་འཁོར་དབང་ཆེན་ཐོབ་སོང་ཞེས་དེ་གཅིག་པུ་རང་བཞག་སྟེ། སེམས་རྒྱུད་ལ་འགུལ་སྐྱོད་ཐེབས་པ་ཞིག་དང་། སེམས་ལ་འགྱུར་བ་ཐེབས་པ་ཞིག་མ་བྱུང་ན་ད་ལན་གནས་སྐོར་ཞིག་བྱུང་བ་རེད་མ་གཏོགས་གཞན་ཞེ་དྲགས་བྱིན་རླབས་ཐོབ་རྒྱུ་ཡོད་པ་མ་རེད། ངས་ནམ་རྒྱུན་གྲོགས་པོ་ཚོར་སྨོན་ལམ་བརྒྱབ་ནས་དོན་དག་འགྲུབ་རྒྱུ་ཡོད་པ་མ་རེད། སོ་སོས་ལག་ལེན་འཁེལ་ཏེ་དོན་དག་འགྲུབ་པ་ཞིག་བྱེད་དགོས་པ་རེད་ཅེས་ལབ་ཀྱི་ཡོད། སྐབས་འདིར་ལག་ལེན་འཁེལ་ཟེར་དུས་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་དེ་སོ་སོའི་བློ་ལ་འགྱུར་བ་བཏང་སྟེ། བསམ་བློའི་འཁྱེར་སོར་འགྱུར་བ་ཕྱིན་པ་དང་། བསམ་བློའི་འཁྱེར་སོར་འགྱུར་བ་བཏང་བའི་ཐོག་ནས་ངག་གི་སྤྱོད་ལམ་དེའང་བཟང་པོ་ཞིག་ཡོང་ཐུབ་པ་དང་། དེ་དང་འབྲེལ་བའི་ལུས་ཀྱི་སྤྱོད་པའང་བཟང་པོ་ཞིག་ཡོང་ཐུབ་པ་བཅས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཞི་ཞིང་འདུལ་བ། གཞན་ཕན་གྱི་རང་བཞིན་ཅན་ཞིག་བྱུང་བ་ཡིན་ན། ཆོས་ཀྱི་དགོས་དོན་དེ་ཆོས་ཆོས་སུ་སོང་བ་དང་། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་སོང་བ་ཞེས་པ་དེ་འདྲ་ཞིག་ལ་གོ་དགོས་པ་རེད། ཤེས་སོང་ང་། ཁྱེད་རང་ཚོས་དཀའ་ལས་ཆེན་པོ་བརྒྱབ་སྟེ་འགྲོ་སོང་ཆེན་པོ་བཏང་ནས་འདིར་འདུས་པ་དང་། བདུན་ཕྲག་གཉིས་མ་ཟིན་ཙམ་ལ་འདིར་སྡོད་པའི་རིང་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློར་འགྱུར་བ་གཏོང་བའི་དམིགས་ཡུལ་བཟུང་སྟེ། དུས་འཁོར་དབང་ཆེན་ཞུས་ཏེ་ངའི་མི་ཚེ་འདིར་འགྱུར་བ་ཕྱིན་སོང་ཟེར་བ་ཞིག་དགོས་པ་རེད། ཅེས་སོགས་གསུངས་སོང་།

ཕྱི་ཚེས་ ༥ ཉིན་གྱི་ཉིན་བརྒྱབ་ནས་ཉིན་བཞིའི་རིང་སློབ་དཔོན་ཀརྨ་ལེགས་བཤད་ཀྱིས་མཛད་པའི་སྒོམ་རིམ་བར་མ་གཙོ་བོ་མཛད་དེ་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་བཀའ་འཁྲིད་གནང་རྒྱུ་ཡིན་འདུག

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese