མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སཱ་དྷམ་གྱི་རྣམ་ཤེས་ད་ལྟ་ཡང་ཝ་ཤིང་ཀྲོན་ལ་འཁོར་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

སཱ་དྷམ་ཧཱུ་སན་(Saddam Hussein)སྲོག་ཐོག་བཏང་སྟེ་ལོ་ངོ་བཅུ་འདས་ཟིན་པ་རེད། ད་དུང་ཡང་ཁོ་པའི་རྣམ་ཤེས་ཀྱིས་ཨ་མི་རི་ཀས་དཀྱིལ་ཤར་ཡུལ་གྲུར་ཞི་བདེ་ལྷིང་འཇགས་དང་མང་གཙོ་དར་སྤེལ་གཏོང་བའི་མངོན་འདོད་ཆག་གྲུམ་ཤོར་བ་དྲན་གསོ་ལྷང་ངེར་གཏོང་བཞིན་ཡོད།

TibetTimes5

སཱ་དྷམ་ཧཱུ་སན་གྲོང་ཁྱེར་བྷག་དྷ་ཌར་ཕྱི་ལོ་༢༠༠༧ལོའི་ཟླ་༡༢ཚེས་༣༠ཉིན་སྲོག་ཐོག་བཏང་བ་རེད། དེ་མཚམས་ཨ་རིའི་དམག་མི་སུམ་སྟོང་ལྷག་གི་ཚེ་སྲོག་ཤོར་ཟིན་པར་བརྟེན། སྐབས་དེའི་སྲིད་འཛིན་ཇོར་ཇི་བྷུ་ཤུ་ཡིས་ཨ་རིས་ཨི་རག་ཏུ་བཙན་འཛུལ་བྱེད་པའི་མངོན་འདོད་ཇི་བཞིན་འགྲུབ་རྒྱུ་མེད་པ་གསལ་པོ་ཤེས་ཡོད།

བྷུ་ཤུ་ཡིས་སྐབས་དེར“ད་དུང་ང་ཚོའི་མདུན་དུ་གདམ་ཀ་བྱེད་དཀའ་བ་དང་བློས་གཏོང་བྱེད་དགོས་པ་མང་པོ་ཡོད། འོན་ཀྱང་ཨ་རིའི་མི་མང་གི་བདེ་འཇགས་དང་ཉེན་སྲུང་གི་ཆེད་ཨི་རག་གི་མང་གཙོ་གསར་པ་མུ་འཐུད་རྒྱ་སྐྱེད་སྲ་བརྟན་ཡོང་བ་བྱེད་དགོས།”ཞེས་བཤད་ཡོད།

བྷུ་ཤི་ཡིས་ཨི་རག་མང་གཙོར་སྒྱུར་བའི་མངོན་འདོད་དང་འཆར་སྣང་དེ་དོན་དངོས་ཐོག་འགྲུབ་ཐབས་མེད་པའི་རྨི་ལམ་ཙམ་ལས་མ་འདས། གང་ལགས་ཤེ་ན། ཨ་མི་རི་ཀས་ཨི་རག་ནང་གི་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་གྱི་ཟིང་འཁྲུག་ཞོད་འཇགས་གཏོང་ཐུབ་པ་བྱུང་མེད།

སྔར་ཨི་རག་ཏུ་དབང་བསྒྱུར་བྱེད་མྱོང་བའི་ས་ནི་ཁ་ཆེ་གྲངས་ཉུང་མི་རིགས་(Sunni Muslim Minority)ཀྱིས། ཤི་ཏི་ཁ་ཆེ་(Shiite Muslim)དབང་འཛིན་པར་སྡང་ཟུག་དང་ཞེ་འཁོན་ཇེ་ཆེ་ནས་ཇེ་ཆེར་བཏང་ཡོད་པ་དང་། ཞེ་འཁོན་དེ་ལ་བརྟེན་ནས་རྙིང་ཞེན་ཅན་གྱི་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པའི་(untra-radical Islamic State group)ཚོགས་པ་དེ་གྲུབ་པ་རེད། འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དེས་དེ་སྔའི་སཱ་དྷམ་ཧཱུ་སན་གྱི་དམག་དཔོན་རྣམས་ལ་བརྩི་མཐོང་དང་གདེང་འཇོག་ཆེན་པོ་བྱེད་པ་ཡིན།

ཨི་རག་གི་གཞུང་དམག་གི་རོགས་རམ་དུ་ད་ལྟ་ཡང་ཨ་རིའི་དམག་མི་ལྔ་སྟོང་བརྒལ་བ་བཏང་དང་གཏོང་མུས་ཡིན་ཀྱང་། ཁ་ཆེ་དྲག་སྤྱོད་པ་དེ་དག་སྟོབས་ཤུགས་ཆེ་བས་དཔུང་དམག་གིས་ཕམ་ཉེས་གཏོང་ཐུབ་ཀྱི་མེད།

རྒྱ་ཆེའི་ཨ་རིའི་མི་མང་གིས་ཕྱི་ལོ་༢༠༠༣ལོར་ཨ་རིའི་གཞུང་གིས་ཨི་རག་ནང་བཙན་འཛུལ་སྣེ་ཁྲིད་བྱེད་སྐབས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། འོན་ཀྱང་དམག་འཐབ་ཀྱིས་བསྐྲུན་པའི་སེམས་ནད་མ་ཞི་བར་ད་ལྟ་ཡང་དེ་མུར་ལུས་ཡོད་པ་རེད།

ཨ་རིས་ཨི་རག་ཏུ་དཔུང་འཇུག་བྱས་པའི་ཕམ་ཉེས་དེས་ཨ་རིའི་སྲིད་འཛིན་ཨོ་བྷཱ་མར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་པ་ནི། སི་རེ་ཡའི་གཞུང་ལ་ཁྲག་དྲི་ཁ་བའི་ནང་འཁྲུག་ལྷིང་འཇགས་བྱེད་པའི་དམག་དོན་རོགས་རམ་དང་ཐེ་བྱུས་མི་བྱེད་པའི་ཐག་གཅོད་དེ་ཡིན། སི་རེ་ཡའི་ནང་འཁྲུག་དེ་བཞིན་མི་རིང་བར་ལོ་དྲུག་ཧྲིལ་པོ་འཁོར་བཞིན་ཡོད།

དེ་མཚུངས་སྲིད་འཛིན་ཨོ་བྷ་མའི་ཤུལ་འཛིན་སྐུ་ཞབས་ཌོ་ནལ་ཊྲམ་ཕི་ཡིས་ཀྱང་འོས་བསྡུའི་དྲིལ་བསྒྲགས་སྐབས། ཁོང་ལ་རྒྱལ་ཁ་ཐོབ་ཚེ་ཨ་རིའི་སྲིད་གཞུང་གིས་ཡུལ་གྲུ་གཞན་གྱི་སྲིད་དབང་འཕོ་འགྱུར་དང་། རྒྱལ་ཁབ་འཛུགས་སྐྲུན་གྱི་ཐེ་ཇུས་ནམ་ཡང་མི་བྱེད་པའི་ཁས་ལེན་དམ་བཅའ་བྱས་ཡོད།

མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧི་ལཱ་རི་ཁི་ལི་ཊོན་དང་མི་འདྲ་བར། ཊྲམ་ཕེ་ཡིས་དེ་སྔོན་ཕྱི་ལོ་༢༠༠༢ལོར་རླུང་འཕྲིན་བཅར་འདྲི་ཞིག་དང་ལེན་བྱེད་སྐབས་བཙན་འཛུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད་ཀྱང་། འོས་བསྡུའི་སྐབས་ཨི་རག་ཏུ་དཔུང་འཇུག་བྱས་པར་སྐྱོན་བརྗོད་ཡང་ནས་ཡང་དུ་བྱས་ཡོད།

ཨི་རག་ཏུ་བཙན་འཛུལ་བྱས་ཏེ་མི་ལོ་ཧྲིལ་པོ་བཅུ་འདས་ཟིན་རུང་། ཨ་རིའི་སྲིད་དོན་པ་འགའ་ཞིག་གིས་ད་དུང་ཡང་དེ་ལྟར་བྱ་བ་ལམ་ལྷོངས་མ་བྱུང་བའི་རྒྱུ་རྐྱེན་འཚོལ་ཐབས་བྱེད་ཀྱི་ཡོད།

ཕྱི་ལོ་༢༠༠༣ལོའི་ཟླ་༡༢ཐོག་སཱ་ཌམ་ཧཱུ་སེན་འཛིན་བཟུང་བྱས་རྗེས། ཁོ་པར་དྲི་རྩད་ཞིབ་གཅོད་བྱེད་མི་ཐོག་མ། ཨ་རིའི་གསང་བའི་ལས་ཁུངས་(CIA)ཀྱི་སྐུ་ཞབས་ཇོན་ནིག་ཟོན(John Nixon)གྱིས་བྲིས་པའི་དཔེ་དེབ་གསར་པའི་ནང་། ཨ་རིའི་ཕོ་བྲང་དཀར་པོ་དང་གསང་བའི་ལས་ཁུངས་ཀྱི་གནས་ཡོད་མི་སྣ་ཚོས། སཱ་དྷམ་ཧཱུ་སན་གྱི་བསམ་བློའི་གནས་བབ་ཇི་བཞིན་རྟོགས་མེད་ཚུལ་བཀོད་ཡོད།

ཇོན་ནིག་སོན་གྱིས་ཉེ་ཆར་ཚགས་ཤོག་ཅིག་གི་ཐོག་སཱ་དྷམ་ལ་དྲི་རྩད་བྱས་སྐོར་འཁོད་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། སཱ་དྷམ་ཧཱུ་སན་དབང་ཤུགས་ཆེ་བའི་སྲིད་དབང་སྒེར་འཛིན་པ་ཞིག་ཡིན་རུང་། དབང་སྟོབས་མ་ཉམས་གོང་གི་མཐའ་མའི་ལོ་ཤས་རིང་ཨི་རག་ནང་གནས་ཚུལ་གང་ཞིག་ལྷག་མིན་ཡང་གསལ་པོ་མི་ཤེས་པ་ལྟ་བུར་སྣང་ཞེས་བཀོད་ཡོད་པ་རེད།

ཇོན་ནིག་སོན་གྱིས། “ཁོ་པས་སྐབས་དེར་གཞུང་འཛིན་གྱི་ལས་དོན་ཐོག་དོ་ཁུར་དེ་ཙམ་བྱས་མེད་ལ། རྒྱལ་ཁབ་སྲུང་སྐྱོབ་ཀྱི་འཆར་གཞི་དང་གྲ་སྒྲིག་གང་ཡང་མེད། དེ་ལྟ་བུའི་བཙན་འཛུལ་གྱི་རླུང་འཚུབ་དྲག་པོ་ལྡང་བའི་རྣམ་རྟོག་ཀྱང་བྱུང་མེད།” ཅེས་དང་། “ཕྱི་ལོ་༢༠༠༣ལོར་སཱ་དྷམ་ཧཱུ་སན་བརྩམས་སྒྲུང་འབྲི་བའི་བྲེལ་བ་ལས་གཞུང་འཛིན་གྱི་ལས་དོན་གཉེར་གྱི་མེད།”ཅེས་བརྗོད།

འོན་ཀྱང་ཨ་མི་རི་ཀའི་ཆེས་མཐོའི་མི་སྣ་ཚོས་སཱ་དྷམ་ཧཱུ་སན་གྱི་སྲིད་གཞུང་མགོ་རྟིང་བསློགས་ན། ཨི་རག་ནང་དུས་བདེ་ཞོད་འཇགས་ཡོང་བའི་ཡིད་ཆེས་བརྟན་པོ་བྱས་ཡོད།

ཇོན་ནིག་སོན་གྱིས་ཕྱི་ལོ་༢༠༠༧ལོར་ཕོ་བྲང་དཀར་པོར་སྲིད་འཛིན་བྷུ་ཤུ་དང་མཇལ་འཕྲད་བྱེད་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་སྦྲགས། “ང་དང་སྲིད་འཛིན་བར་གྱི་གླེང་མོལ་དེས་ཕལ་ཆེར་ཨི་རག་གི་གནད་དོན་ལམ་ལྷོངས་མ་བྱུང་བའི་རྒྱུ་རྐྱེན་གསལ་ཁ་ཕྱེ་ཡོད།”ཅེས་བརྗོད།

སྐབས་དེར་སྲིད་འཛིན་བྷུ་ཤུ་ཡིས་ཇོན་ནིག་སོན་ལ་སཱ་དྷམ་གྱི་རང་གཤིས་སྐོར་དྲིས་པར། “ངས་སཱ་དྷམ་ནི་དང་ཐོག་དམག་འཐབ་ཀྱི་བསམ་པ་མེད་པར་རང་ཉིད་ཀྱི་ཞན་ཆ་རྟོགས་མཁན་ཞིག་རེད་འདུག”བརྗོད། “སྲིད་འཛིན་གྱི་ཞལ་རས་ཁྲོ་ཉམས་དང་ལྷན་རླུང་ལངས་པ་ལྟ་བུར་གྱུར་སོང་བས། ངས་དེ་མ་ཐག་སཱ་དྷམ་ཧཱུ་སན་ཟེར་བ་དེ་དངོས་གནས་གདུག་རྩུབ་ཅན་ཞིག་དང་ཞེ་སྔང་ཁེངས་དྲེགས་ཅན་ཞིག་རེད་འདུག་ཅེས་བརྗོད་པར། ཁོང་གི་སེམས་ལྷོད་དུ་ཕྱིན་པའི་སྣང་བ་བྱུང་།”ཟེར།

ནིག་སོན་གྱིས“སྲིད་འཛིན་བྷུ་ཤུ་ཡིས་ཨི་རག་གི་དོན་རྐྱེན་ལམ་ལྷོངས་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གསང་བའི་ལས་ཁུངས་(CIA)ཀྱིས་སྔ་ཕྱིའི་གནད་དོན་ཞིབ་འཇུག་ལེགས་པོ་མ་བྱས་པའི་སྐྱོན་བརྗོད་བྱས་ཡོད།”ཟེར།

དེ་སྔའི་ཞིབ་འཇུག་པ་ཚོས་སཱ་དྷམ་ཧཱུ་སན་ཟེར་བ་དེ། གདུག་རྩུབ་ཅན་གྱི་སྲིད་དབང་སྒེར་འཛིན་པ་ཞིག་དང་། དམར་གསོད། འཇིགས་སྐུལ། སྡིགས་ར་ཁོ་ནས་རྒྱལ་ཁབ་སྐྱོང་ཐབས་བྱེད་མཁན་ཞིག་ཡིན་རུང་། མི་རིགས་དང་ཆོས་ལུགས་གྲུབ་མཐའ་མང་བའི་ཨི་རག་རྒྱལ་ཁབ་འདྲ་མཉམ་བཟོ་ཐུབ་པ་བྱུང་མེད།

ཇོན་ནིག་སོན་གྱི་དཔེ་དེབ་གྱི་དུམ་བུ་ཞིག་གསར་ཤོག་ཐོག་སྤེལ་བའི་ནང་“ངས་སཱ་དྷམ་དགའ་གུས་བྱེད་འོས་པའི་མི་ཞིག་ལ་ངོས་འཛིན་རྩ་བ་ནས་བྱེད་ཀྱི་མེད། ཁོ་པས་ཨི་རག་རྒྱལ་ཁབ་ཡོངས་སུ་རྫོགས་པ་ལོ་དུས་མང་པོ་སྐྱོང་ཐུབ་པ་བྱུང་བ་དེར་མ་འདོད་བཞིན་དུ་བརྩི་མཐོང་སྤྲོད་ཀྱིན་ཡོད།”ཅེས་བཀོད་ཡོད།

ད་ལྟའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཨའེ་ཨེ་སེ་ཨའེ་ཨེ་སེ(ISIS)ལྟ་བུ་སཱ་དྷམ་ཧཱུ་སན་གྱི་དྲག་པོའི་གཞུང་འཛིན་འོག་ནམ་ཡང་མགོ་བོ་འདེགས་ཐུབ་པ་ཞིག་མིན།

ཨ་ཇན་སི་ཧྥ་རན་སི་གསར་ཁང་གིས་སྤེལ་བ་སྐལ་ལྡན་གྱིས་བོད་སྒྱུར་བྱས།

 

མ་རྩོམ་འབྲེལ་ཐག http://www.scmp.com/news/world/middle-east/article/2058174/ghost-saddam-still-haunts-washington-10-years-after-iraqi

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༣ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༣ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༤ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese