མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅིའི་ཕྱིར་རྒྱ་ནག་གི་ཕོ་གསར་ས་ཡ་མང་པོ་གཉེན་སྒྲིག་མ་བྱས་པར་ལྷག་པ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རོ་བྷུ་དིན་ Rob Budden གྱིས་སྤེལ།

རྒྱ་ནག་ནང་ཕོ་ལོ་ ༣༠ བརྒལ་མཁན་ལ་ “ཧྲིན་ནཱན་” ཞེས་མིང་ཞིག་བཏགས་ཡོད། དེའི་དོན་ནི་གཉེན་སྒྲིག་གི་ལོ་ཚད་བསླེབས་ཀྱང་། ད་དུང་གཉེན་སྒྲིག་བྱས་མེད་པར་ལུས་པའི་ཕོ་ཧྲེང་ལ་ཟེར་ཞིང་། དེང་སང་རྒྱ་ནག་ནང་ཕོ་མོའི་གྲངས་ཚད་ལ་ཧེ་བག་འགྲོ་བཞིན་ཡོད་སྟབས། གཉེན་སྒྲིག་བྱེད་པར་དཀའ་ངལ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད།

རྒྱ་ནག་ནང་མོ་ལས་ཕོ་ས་ཡ་ཁ་ཤས་ཀྱིས་མང་བ་ཡོད། དེ་ལྟར་ཆགས་དགོས་པའི་རྒྱུ་མཚན་རྒྱ་ནག་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་པའི་རྐྱེན་གྱིས་རེད། ༢༠༡༥ ལོར་སྲིད་བྱུས་དེ་འགྱུར་བ་བཏང་ཚར་ཡང་། དེས་ཤུགས་རྐྱེན་ད་དུང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལྷག་ངེས་རེད། རྒྱ་ནག་གི་ཕོ་མོའི་གྲངས་འབོར་ལ་ཧེ་བག་ཆེན་པོ་ཤོར་ཡོད་སྟབས། རྒྱ་ནག་གི་ཕོ་གསར་ཚོས་རང་གི་ཆུང་མ་འཚོལ་བར་དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། བཤད་སྲོལ་ལྟར་ན། རྒྱ་ནག་ནང་རང་གི་ཚེ་རོགས་འཚོལ་མཁན་གྱི་སྐྱེས་པའི་གྲངས་འབོར་ས་ཡ་ ༣༠ ལྷག་ཡོད་ཟེར། འབྱུང་འགྱུར་གྱི་སྐྱེ་འཆིའི་གངས་ཀའི་འཕར་ཆག་ཞིབ་འཇུག་བྱེད་མཁན་དང་ཆབ་སྲིད་དཔལ་འབྱོར་རིག་པ་བ་ཨ་རིའི་མཁས་དབང་ནཱི་ཀོ་ལཱ་འེས་ཨི་སྦར་ཊཌ་(Nicholas Eberstadt)ལགས་ཀྱིས་ཁོ་རང་གི་དེབ་ཅིག་གི་ནང་དུ་ “ཕྱི་ལོ་ ༢༠༣༠ ལོའི་བར་རྒྱ་ནག་གི་ཕོ་བཞི་ཆ་གཅིག་གཉེན་སྒྲིག་མ་བྱས་པར་ཕོ་ཧྲེང་དུ་ལྷག་གི་རེད” ཅེས་འཁོད་ཡོད།

རྒྱ་ནག་ཏུ་བུད་མེད་ཉུང་ཉུང་ཞིག་ལས་མེད་པའི་ཁྲོད་ནས་སྐྱེས་པ་ཚོས་རང་གི་ཆུང་མ་འཚོལ་དགོས་ཀྱི་ཡོད། དེ་ནི་འགྲན་རྩོད་ཆེན་པོ་ཞིག་ཡིན། བུ་མོ་ཞིག་མི་གཞན་གྱིས་ཆུང་མར་མ་བླང་སྔོན་ལ་རང་གིས་ལེན་ཐུབ་དགོས་པ་དང་། གནས་སྟངས་དེའི་འོག་ཆུང་མ་ཞིག་རག་པར་དུས་ཚོད་ཀྱང་ཧ་ཅང་རྒྱུན་རིང་པོ་འགོར་གྱི་ཡོད། རྒྱ་ནག་གི་སྐྱེས་པ་ཚོས་རང་ལ་ཆུང་མ་ཐོབ་ཐབས་སུ་རང་རང་གི་སྒྱུ་རྩལ་སྣ་ཚོགས་ངོམ་པ་དང་། དེའི་ཐད་འགྲོ་སོང་ཡང་ཆེན་པོ་གཏོང་གི་ཡོད་ཀྱང་ད་དུང་རང་གི་འདོད་དོན་དེ་འགྲུབ་ཐུབ་པའི་ངེས་པ་མེད།

ཀུ་ཤུ་རྟགས་ཅན་གྱི་ཁ་པར་ ༩༩ སྤྲད་ཀྱང་ད་དུང་ཁས་ལེན་བྱས་མེད།

༢༠༡༥ ལོར་རྒྱ་ནག་གི་ཚོང་བདག་རང་ལོ་བཞི་བཅུའི་ནང་ཡོད་པ་ཞིག་གིས་ཧྲང་ཧེ་རུ་ཡོད་པའི་ཕོ་མོ་ངོ་སྤྲོད་ཚོགས་པ་ཞིག་ལ་ཁོ་བོར་ཆུང་མ་འཚོལ་ཆེད་རྒྱ་སྒོར་ས་ཡ་ ༧ (ཨ་སྒོར་ས་ཡ་ ༡) ལྷག་གི་འགྲོ་གྲོན་བཏང་ཡང་ཁོ་བོར་ཆུང་མ་རག་མེད་པའི་གནས་ཚུལ་ཐོན་ཡོད།

གནས་ཚུལ་དེ་དང་འདྲ་བོ་གཞན་ཞིག་ནི། རྒྱ་ནག་ལྷོ་ཕྱོགས་ཀུང་ཀྲུའུ་གྲོང་ཁྱེར་ནང་གི་གློག་ཀླད་སྒྲིག་སྦྱོར་ཆེད་ལས་པ་ཞིག་གིས་རང་ཉིད་དགའ་སའི་བུ་མོ་དེར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ ༩༩ ཉོས་ཏེ་སྤྲད་ཡོད། སྟབས་མ་ལེགས་པ་ཞིག་ལ་བུ་མོ་དེས་ད་དུང་སྐྱེས་པ་དེར་ངོས་ལེན་བྱས་མེད་པ་མ་ཟད། སྐྱེས་པ་དེ་ངོ་ཚ་ཁ་སྐྱེངས་ཆགས་གཞིའི་པར་དང་སྐད་ཆ་སྣ་ཚོགས་གང་སར་ཁྱབ་དུ་བཅུག་ཡོད་པ་དང་། དེ་དག་སྤྱི་ཚོགས་དྲ་ལམ་ཁག་ཏུའང་ཐོན་ཡོད་འདུག

དཀའ་ངལ་གཞན་ཞིག་ནི། རྒྱ་ནག་གི་ཕོ་མོ་ཐུག་འཕྲད་བྱེད་ལུགས་རྙིང་པ་དང་གསར་པ་གཉིས་མ་འདྲ་བས་རེད། རྒྱ་ནག་གི་ལོ་གསར་ནི་ཕྱི་ཟླ་ ༡ པོའི་མཇུག་དང་ཕྱི་ཟླ་ ༢ པའི་དཀྱིལ་ལ་འཁེལ་གྱི་ཡོད། སྐབས་དེར་གཉེན་སྒྲིག་བྱས་མེད་པ་ཚོ་རང་གི་ཚེ་རོགས་ལ་ཐུག་པའི་གོ་སྐབས་ཡག་ཤོས་ཡིན། ལོ་གསར་སྐབས་མི་མང་ཆེ་བ་རང་གི་གཉེན་ཉེ་གྲོགས་པོ་ཚོའི་ཁྱིམ་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་སྟབས། སྐབས་དེར་ཕོ་ཧྲེང་ཚོས་རང་ལ་འཚམས་པའི་ཚེ་རོགས་རེ་རྙེད་རྒྱུའི་རེ་བ་ཆེན་པོ་ཡོད།

འོན་ཀྱང་། རང་ལ་འཚམས་པའི་ཚེ་རོགས་ཐུག་འཕྲད་བྱེད་པའི་ལུགས་སྲོལ་རྙིང་པ་དེས་དུས་རབས་གསར་པའི་བྱེད་སྒོ་ལ་ཕེབས་བསུ་བྱས་ཏེ་དེང་སྐབས་སྔོན་གྱི་གནས་སྟངས་ཡོད་ཚད་ལ་འགྱུར་བ་ཐེབས་ཚར་ཡོད། རྒྱལ་ཁབ་གཞན་དག་ལྟར་རྒྱ་ནག་ནང་དུའང་དྲ་ཐོག་ནས་ཕོ་མོ་ཐུག་འཕྲད་ཀྱི་ལམ་སྲོལ་ཆེན་པོ་དར་བཞིན་ཡོད་ཅིང་། སྐད་འཕྲིན་སོགས་འཕྲིན་ཐུང་སྐུར་བྱེད་ཀྱང་སྣ་ཚོགས་ཤིག་དར་བཞིན་ཡོད། སྤྱི་ཚོགས་བརྒྱུད་ལམ་དེ་དག་རྒྱ་ནག་གི་སྐྱེས་པ་ཚོས་དགའ་རོགས་དང་ཚེ་རོགས་འཚོལ་བའི་ལམ་ཁ་ཡག་ཤོས་དེ་རེད།

རྒྱ་མི་ཅིན་ལེ་(Jun li)ཞེས་པ་ཞིག་གིས་བརྗོད་དོན་ “བར་ལམ་རྒྱ་ནག་ནང་དུའང་ཕྱི་རྒྱལ་ལྟར་(China Dating)ཞེས་པའི་དྲ་ཐོག་འཛོམ་ས་དེ་འདྲ་ཕྱི་གསལ་ནང་གསལ་གྱིས་བེད་སྤྱོད་གཏོང་མཁན་དང་། དེའི་སྐོར་ཧ་གོ་མཁན་ཇེ་མང་དུ་འགྲོ་བཞིན་འདུག” ཅེས་དང་། “ ད་ལྟའི་གཞོན་སྐྱེས་རྣམས་ལ་འདམ་ག་མང་པོ་ཡོད་པ་མ་ཟད། ཁོང་ཚོས་རང་གི་ཕ་མས་བཤད་པ་ལྟར་མ་ཡིན་པར་རང་གི་ཡིད་ལ་གང་དྲན་པ་ལྟར་བྱེད་ཀྱིན་འདུག” ཅེས་བརྗོད་ཡོད།

རིག་གཞུང་མཚམས་འཇོག་བྱེད་བཞིན་པ།

རྒྱ་ནག་ཅང་སུའུ་ཞིང་ཆེན་གྱི་ས་གནས་སི་ཀྲུའུ་ཞེས་པའི་བུད་མེད་ཅིན་ལེ་ཞེས་པ་དེ་ད་ལྟ་རང་ལོ་ཉི་ཤུའི་ནང་ཡིན་ཞིང་གཉེན་སྒྲིག་བྱས་མེད། ཁོང་མོས་དེང་སང་ཕོ་གསར་མང་པོ་ཞིག་གིས་ཕོ་མོ་ཐུག་འཕྲད་ཡོང་བའི་ཆེད་དུ་སྤྱི་ཚོགས་ནང་མཐོང་དང་ཆ་འཇོག་ཡོད་པའི་འཁྲབ་སྟོན་པ་དང་གཞས་པ་གཞས་མ་གླས་ཏེ་མང་ཚོགས་འདུ་འཛོམས་ཀྱི་གོ་སྐབས་སྐྲུན་བཞིན་འདུག་ཟེར།

ཕོ་གསར་ཁ་ཤས་སེམས་ཁམས་རིག་པ་བ་དང་མཛེས་བཟོ་བྱེད་མཁན་སོགས་ཀྱི་གམ་དུ་ཕྱིན་ཏེ། གཞན་གྱི་མཐོང་སྣང་ལ་རང་ཉིད་ཡིད་དབང་འཕྲོག་པ་ཞིག་ཇི་ལྟར་བཟོ་དགོས་པའི་སྐོར་ལ་ལམ་སྟོན་ཞུ་པ་དང་། ཁ་ཤས་ཤིག་གིས་བརྡ་འཕྲིན་ ‘ང་གླ་རོགས་’(Hire me)ཞེས་པའི་དྲ་ཚུགས་བརྒྱུད་དེ། ཕ་མ་ཐུགས་ཁྲལ་ཆེན་པོ་དག་གིས་རང་ལ་དྲི་བ་ཡང་ཡང་མི་གཏོང་བའི་ཆེད་དུ་དགའ་རོགས་རྫུན་མ་གླས་ནས་སྟོན་གྱིན་ཡོད་འདུག ཞིབ་འཇུག་སྙན་ཐོ་ཞིག་ཏུ་དགའ་རོགས་རྫུན་མ་གླ་བར་ཉིན་གཅིག་ལ་རྒྱ་སྒོར་ ༡༠༠༠༠ (ཨ་སྒོར་ ༡༤༥༠)ཙམ་སྤྲོད་དགོས་ཚུལ་བཀོད་འདུག

རྒྱ་ནག་གི་གྲོང་གསེབ་ཁུལ་གྱི་ཕོ་གསར་ཚོར་རང་གི་ཚེ་རོགས་འཚོལ་བར་དཀའ་ངལ་འཕར་མ་ཞིག་ཡོད། གང་ཡིན་ཟེར་ན། རྒྱ་ནག་ལ་ཕོ་མོ་གཉེན་སྒྲིག་མ་བྱས་སྔོན་ལ་བུའི་ཕྱོགས་ནས་བུ་མོའི་ནང་དུ་དངུལ་དང་རྔན་པ་འདོད་པ་ཚིམ་པ་ཞིག་སྤྲོད་དགོས་པའི་ལུགས་སྲོལ་ཡོད།

གཉེན་སྒྲིག་བྱས་ཟིན་པའི་བུ་མོ་ཧོང་ཡན་(Hong Yang)ཞེས་པ་ད་ལྟ་རང་ལོ་སུམ་ཅུའི་ནང་ཡོད་པ་ཞིག་གིས་ལུགས་སྲོལ་དེ་ནི་ཨ་ཞང་དང་ཨ་ནེའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཆེད་དུ་རེད་ཟེར། མོ་རང་གིས་བརྗོད་དོན “གལ་སྲིད་ཕོ་གསར་ཞིག་གིས་གཉེན་སྒྲིག་བྱེད་འདོད་ན། ཁོ་བོས་མ་འོངས་པའི་ཨ་ནེ་དེར་སྐད་ཆ་རིམ་པ་གཉིས་པ་མ་བཤད་སྔོན་ལ། ཨ་ནེ་དེས་ཐོག་མར་ཁང་པ་ཞིག་ཉོ་དགོས་ཟེར་གྱི་རེད། དེ་ནི་དེང་སྐབས་ཁང་པའི་གོང་ཚད་སྔར་ལས་ལྡབ་མང་པོ་འཕར་ཡོད་པའི་རྒྱུ་མཚན་གྱིས་རེད།” ཅེས་བརྗོད་སོང་།

རྒྱ་ནག་ནང་ཕོ་གསར་ཚོ་གཉེན་སྒྲིག་བྱེད་ཡུལ་མ་རེག་པར་ཕོ་ཧྲེང་དུ་ལྷག་དགོས་པའི་རྒྱུ་མཚན་གཅིག་ནི། བུ་མོའི་ནང་མི་ཚོས་ཁྱོ་ག་དེར་དཔལ་འབྱོར་གྱི་འགན་ལྕི་མོ་འཇོག་གི་ཡོད་པས་རེད། རྒྱ་ནག་གི་ཕོ་གསར་མང་པོ་ཞིག་ལ་གཉེན་སྒྲིག་བྱེད་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ཁོང་ཚོས་གནས་སྐབས་རིང་གཉེན་སྒྲིག་ཕྱི་འགྱང་བྱས་ཏེ་དཔལ་འབྱོར་མཁོ་སྒྲུབ་ལ་ཤུགས་རྒྱག་གི་ཡོད། ཁོང་ཚོར་དཔལ་འབྱོར་དཀའ་ངལ་མེད་པ་ཆགས་རྗེས་གཞི་ནས་རང་ལས་ལོ་ཚད་ ༡༠ དང་ ༢༠ ཙམ་གྱིས་ཆུང་བའི་བུ་མོ་ཞིག་ལ་གཉེན་སྒྲིག་བྱེད་ཀྱིན་ཡོད། གནས་ཚུལ་དེ་རྒྱ་ནག་ནང་རྒྱུན་ལྡན་གྱི་གཉེན་སྒྲིག་བྱེད་སྟངས་ཤིག་ཆགས་ཡོད་འདུག

བུ་མོ་ཧོང་ཡན་གྱིས་བརྗོད་དོན་ “བུ་མོ་རང་ལོ་ ༣༢ བརྒལ་བ་རྣམས་ལའང་ཁྱོ་ག་ཡག་པོ་ཞིག་རེག་རྒྱུ་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན། དཔལ་འབྱོར་ཡོད་མཁན་ཚོས་བུ་མོ་ལོ་ཆུང་དང་མཛེས་མ་རྐྱང་འདོད་ཀྱི་ཡོད་ལ། བུ་མོ་ཚོས་ཀྱང་དཔལ་འབྱོར་ཡག་པོ་ཡོད་པ་ཞིག་འདོད་ཀྱི་ཡོད་སྟབས། རང་བཞིན་གྱིས་ཁོ་མོ་ཚོ་རང་ལས་རྒན་པ་དག་གི་ཕྱོགས་སུ་ཤོར་འགྲོ་བཞིན་ཡོད།” ཅེས་བརྗོད།

ཧྲང་ཧེ་རུ་གནས་སྡོད་བྱེད་པའི་བུད་མེད་ཧིའེ་ཋར་མཱ་(Heather Ma)ཞེས་པ་ད་ལྟ་རང་ལོ་སུམ་ཅུའི་ནང་ཡོད་པ་ཞིག་གིས་བརྗོད་དོན། “བུ་མོ་གཉེན་སྒྲིག་མ་བྱས་པར་ལྷག་སྡོད་མཁན་རེ་ཟུང་ཡོད། དེ་ནི་ཤེས་ཡོན་གྱི་གནས་ཚད་མཐོ་བོ་ཡོད་པ་དང་དཔལ་འབྱོར་ཡང་གཞན་ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་མཁན་དེ་དག་རེད། ཁོ་ཚོ་ལ་བེད་སྤྱོད་མེད་པའི་བུ་མོ་(Unwanted Girls)ཞེས་ཟེར་གྱི་ཡོད་”ཅེས་ཟེར།

ཕ་མ་ཚོ་གཉེན་སྒྲིག་མགྱོགས་པོར་བྱེད་དགོས་པའི་སྐུལ་མ་གཏོང་མཁན་ཡིན། “ཁོང་ཚོས་བཤད་པ་བཞིན་བྱེད་མཁན་ཡང་ཡོད།” ཅེས་གཉེན་སྒྲིག་བྱས་ཟིན་པའི་རོ་གྷར་ཀྲུའུ་(Roger Zhou)ལགས་ཀྱིས་བརྗོད་བྱུང་། ཁོ་བོ་ད་ལྟ་རང་ལོ་ ༣༩ ཡིན་པ་དང་སུ་ཀྲུའུ་ཞེས་པའི་ས་གནས་སུ་སྡོད་ཀྱིན་ཡོད། ཁོས་བརྗོད་དོན་ “ཕ་མ་ཚོས་དེ་ལྟར་བྱེད་པ་ནི་རང་གི་ཕྲུ་གུའི་ཁྱིམ་ཚང་གསར་པ་འཛིན་པར་རོགས་པ་བྱེད་ཀྱིན་ཡོད་བསམ་གྱི་ཡོད། ཁོང་ཚོས་དུས་རྒྱུན་རང་གི་བུ་ལ་ཚེ་རོགས་འཚོལ་དགོས་པའི་གནོན་ཤུགས་སྤྲོད་པ་དང་། གཉེན་སྒྲིག་བྱེད་ཆེད་དུ་མི་ལ་ཐུག་འཕྲད་བྱེད་དུ་འགྲོ་དགོས་པ། གཉེན་སྒྲིག་ལ་གྲ་སྒྲིག་བྱེད་དགོས་པ་སོགས་ཀྱི་སྐུལ་མ་ཡང་ཡང་གཏོང་གི་ཡོད།”ཅེས་བརྗོད་བྱུང་།

ཕ་མ་ཚོས་ཕྲུ་གུའི་གཉེན་སྒྲིག་ལ་ཐེ་གཏོགས་དང་གནོན་ཤུགས་སྤྲོད་པ།

རང་ལོ་ ༣༢ ཡིན་ཡང་གཉེན་སྒྲིག་བྱས་མེད་པའི་མཱི་ལིན་ཌ་ཧཱུ་(Melinda Hu)ཡིས་བརྗོད་དོན། “ ནག་ཁུང་གི་གཉེན་སྒྲིག་(Blind Date)སྟེ་ཕ་མས་བཟའ་ཚང་སྒྲིག་པའི་ལུགས་སྲོལ་ལ་ཟེར། ལུགས་སྲོལ་དེ་ད་དུང་རྒྱ་ནག་ནང་དར་སྲོལ་ཆེན་པོ་ཡོད།” “རང་ལོ་ ༣༠ བརྒལ་རྗེས་གཉེན་སྒྲིག་བྱས་མེད་ན། རང་བཞིན་གྱིས་ཕ་མ་ཚོར་སྤྱི་ཚོགས་ཀྱི་གནོན་ཤུགས་ཡོང་གི་ཡོད་སྟབས། ཕ་མ་ཚོས་རང་གི་བུ་གཉེན་སྒྲིག་གི་ལོ་ཚད་མ་བརྒལ་སྔོན་ནས་བྲེལ་བ་ཆེན་པོས་ནག་ཁུང་གི་གཉེན་སྒྲིག་(blind Date)ལ་འགྲོ་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད།”ཟེར།

དེ་བཞིན་ “ ཕྱི་རོལ་གྱི་གཉེན་སྒྲིག་ཁྲོ་རྭ་”(Outdoor Marriage Market)ཞེས་པ་ཞིག་ཡོད། དེ་ནི་ཕོ་མོ་གཉེན་སྒྲིག་ཁྱབ་བསྒྲགས་བྱེད་ས་ཡིན། རྒྱ་ནག་ཧྲང་ཧེ་ས་ཁུལ་གྱི་ཕ་མ་ཚོས་རང་གི་ཕྲུ་གུ་གཉེན་སྒྲིག་ལོ་ཚད་བརྒལ་བ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་དང་། སློབ་སྦྱོང་གི་རྒྱུད་རིམ། ཀུན་སྤྱོད། དངུལ་གྱི་ཡོང་འབབ་སོགས་བྲིས་ཏེ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། ཕ་མ་ཁ་ཤས་ལོ་གཅིག་གི་བདུན་ཕྲག་རྟག་པར་ཁྲོམ་རྭ་དེར་སོང་ནས་ཁྱབ་བསྒྲགས་ཀྱི་གྲུབ་འབྲས་ལ་བལྟས་ཀྱང་ད་དུང་ལམ་ལྷོངས་མ་བྱུང་བར་ལྷག་སྡོད་མཁན་ཡོད།

གོང་དུ་རྒྱ་ནག་ནང་མི་ཕན་ཚུན་ཇི་ལྟར་ཐུག་འཕྲད་བྱེད་ཚུལ་དང་། ཕོ་གསར་ཚོས་ཇི་ལྟར་རང་གི་ཚེ་རོགས་འཚོལ་སྟངས་སྐོར་རིམ་པ་བཞིན་བཤད་པ་རེད། འོན་ཀྱང་། དེང་རབས་ཀྱི་མི་ཚོས་སྔར་གྱི་སྲོལ་རྒྱུན་གོམས་གཤིས་ཡོད་ཚད་ལ་གུས་བརྩི་ཞུ་རྐྱང་མི་བྱེད་པ་དང་། དཔལ་འབྱོར་ཡག་པོ་ཡོད་པ་ཙམ་གྱིས་ཀྱང་མི་ཆོག་པར་ཕན་ཚུན་བརྩེ་བ་དང་སྣང་བ་འགྲོ་བོ་དགོས་ཀྱི་ཡོད་པ་རེད།

དཔེར་ན། ཅིན་ལེ་ཞེས་པའི་བུད་མེད་ཅིག་གིས་ཁོ་མོ་ད་ལྟ་གཉེན་སྒྲིག་བྱ་རྒྱུར་བྲེལ་བ་མེད། ཁོ་མོས་རང་གི་བློར་འབབ་པའི་མི་དེར་སྒུག་ནས་བསྡད་ཡོད་ཅེས་བརྗོད་བྱུང་། རྒྱལ་ཁབ་གཞན་དག་ལྟར་ད་དུང་ཡང་རྒྱ་ནག་ལ་བརྩེ་བའི་བྲོ་བ་མ་ཡལ་ཞིང་མུ་མཐུད་ནས་ལག་ལེན་བསྟར་བཞིན་འདུག

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese