མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོ་ཌེ་གཞུང་གིས་བོད་ཀྱི་ཤོ་སྦག་རྩེ་ནས་རྒྱ་ནག་ལ་སྟངས་འཛིན་ཇི་ལྟར་བྱེད་རྩིས་ཡོད།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་སྔོན་མར་ཉིན་རེའི་གློག་འཕྲིན་གསར་ལམ་ཐོག་སྤེལ་བའི་དཔྱད་ཞིབ།

རྒྱ་ནག་གིས་ག་ལེར་རྒྱ་གར་རྒྱལ་སྲུང་བདེ་འཇགས་ལ་འཇིགས་སྣང་སློང་གི་ཡོད་པ་དེས་རྒྱ་གར་གྱིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་གལ་ཆེན་ཆགས་ཡོང་གི་ཡོད།

༡༩༦༢ ལོར་རྒྱ་དཀར་ནག་དམག་འཁྲུག་སྐབས་མཐའ་མཚམས་སྲུང་དམག

མོ་ཌེ་སྲིད་གཞུང་གིས་གཞུང་འཛིན་སྔོན་མ་དག་ལས་བོད་དོན་ཐོག་གུ་ཡངས་དང་། བོད་ཀྱི་ཤོ་སྦག་སྤྱད་ནས་རྒྱ་ནག་ལ་སྟངས་འཛིན་བྱེད་པར་བསྐྱར་དུ་གདེང་འཇོག་བྱེད་བཞིན་ཡོད་པར་པེ་ཅིན་གྱིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། ༧གོང་ས་ཏཱ་ལའི་བླ་མ་མཆོག་མི་འགྱངས་བར་རྒྱ་ནག་གིས་ཁོ་རང་ཚོའི་མངའ་ཁོངས་ཡིན་པར་སྒྲོག་བཞིན་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་མ་ཟད། སྐབས་དེར་རྒྱ་གར་གཞུང་གི་སྐུ་ཚབ་ཚོ་ཆོས་ལུགས་ཀྱི་དབུ་ཁྲིད་ཁོང་ལ་ཐུག་འཕྲད་བྱ་རྒྱུ་རེད།

གནོད་སྐྱོན།

རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་གཟིགས་སྐོར་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུ་ཡིན་ཚུལ་བརྗོད་དེ། ཏཱ་ལའི་བླ་མ་རྩོད་རྙོག་ཅན་གྱི་ས་ཁུལ་དེར་ཕེབས་པར་ངོ་རྒོལ་བྱེད་བཞིན་ཡོད། པེ་ཅིན་གཞུང་གིས་ “ཏཱ་ལའི་རུ་ཚོགས་ནི་དུས་ཡུན་རིང་པོ་རྒྱ་ནག་ཁ་བྲལ་གཏོང་མཁན་གྱི་ངོ་ལོག་པ་དང་། རྒྱ་གར་ནག་གི་ས་མཚམས་གནད་དོན་ཐོག་གནོད་སྐྱོན་བཟོ་མཁན་ཡིན།” ཞེས་རྗོད་བཞིན་ཡོད།

རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་ཀཱ་རེན་རཱ་ཇེ་ཇོ(KirenRijiju)ལགས་ནི་ཨ་རི་ནཱ་ཅལ་མངའ་སྡེ་ནས་ཡིན་ལ། ཁོང་ནི་སྲིད་བློན་མི་ཌེ་ཡི་བོད་དོན་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་དམིགས་བསལ་འབྲེལ་མཐུད་པའང་ཡིན། དེར་མ་ཟད་ཏཱ་ལའི་བླ་མ་མི་འགྱངས་བར་མོན་རྟ་དབང་དགོན་པར་ངོ་ལོ་བརྒྱད་རྗེས་ཀྱི་ཆིབས་བསྒྱུར་དང་པོ་གནང་སྐབས་ཁོ་ཡང་ཐུག་འཕྲད་བྱ་རྒྱུ་རེད།

མོ་ཌེ་སྲིད་གཞུང་གིས་ཐོག་མ་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་གཞི་རྩའི་གནད་དོན་ཁག་ཅིག་ཐོག་གུ་ཡངས་དང་། གཞུང་འབྲེལ་ངོས་ནས་ཏཱ་ལའི་བླ་མར་འབྲེལ་བ་བྱེད་རྒྱུར་ཡང་སྣང་དོགས་དང་འཛེམ་ཟོན་མེད་པའི་ངང་ནས་བྱེད་ཀྱིན་ཡོད།

ཟླ་འགའི་སྔོན་ལ་རྒྱ་དཀར་ནག་ས་མཚམས་རྣ་ཐོད་ལ་རུ་དམག་མི་ཚོས་རྩིག་གྱང་ངོས་ཀྱི་ལྕགས་ཚེར་བླངས་ཏེ། ཕྱོགས་གཉིས་ཀྱི་དམག་དཔོན་ཐུག་འཕྲད་གནང་ཐུབ་ཡོད་ཀྱང་། ཉེ་ལམ་རྒྱ་ནག་གི་གུ་དོག་གི་རྣམ་འགྱུར་ཕྱིར་མངོན་ཏེ། རྒྱ་གར་གྱིས་ཏཱ་ལའི་བླ་མ་ཨ་རུ་ན་ཅལ་ནང་ཡོངས་གྲགས་ཐོག་ཕེབས་པའི་མཆོག་མཆན་སྤྲད་པ་ནི། རྒྱ་ནག་ལ་ཡ་ལན་སློག་ཐབས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད།

ཟླ་བཅུ་གཉིས་པའི་ནང་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པིར་ནཱམ་མོ་ཁར་རྗེ་(Pranab Mukherjee)མཆོག་རྒྱལ་ས་ལྡི་ལིའི་སྲིད་འཛིན་ལས་ཁུངས་སུ། ནོ་བྷེལ་གཟེངས་རྟགས་བཞེས་མྱོང་མཁན་ཚོའི་ ༼རྒྱལ་སྤྱིའི་བྱིས་པའི་ལྷན་ཚོགས་ ༽ ཞེས་པའི་སྟེང་༧གོང་ས་ཏཱ་ལའི་བླ་མར་ཐུག་འཕྲད་གནང་ཡོད་པ་རེད། དེ་ནི་ལོ་ངོ་བཅུ་ཕྲག་གཅིག་རིང་ཏཱ་ལའི་བླ་མ་རྒྱ་གར་སྲིད་འཛིན་ཞིག་ལ་ཐུག་འཕྲད་བྱས་པ་དང་པོ་ཆགས་ཡོད།

སྐབས་དེར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཏེ་ལྡི་ལི་གསར་བས་པེ་ཅིན་གྱི་གནད་དོན་གལ་ཆེན་ཞིག་ལ་གུས་བརྩི་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད། དེར་རྒྱ་གར་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་མི་ཚང་མས་གུས་བཀུར་ཐོབ་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་ལས་ཁོང་གི་མཛད་འཕྲིན་ཆབ་སྲིད་ལ་འབྲེལ་བ་མེད་ཅེས་ལན་འདེབས་བྱས་ཡོད།

རྒྱ་ནག་གིས་ཏཱ་ལའི་བླ་མ་ཨ་རུ་ན་ཅཱལ་ནང་ཕེབས་འཆར་ཡོད་པ་དམིགས་འབེན་དུ་བཟུང་སྟེ། གནད་དོན་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་པ་མ་ཟད། ལྡི་ལི་གསར་བས་རྒྱ་དཀར་ནག་གི་ས་མཚམས་གནད་དོན་ལ་གཏོར་བཤིག་གཏོང་གི་ཡོད་ཚུལ་བརྗོད་ཡོད། ཧུའུ་ཅིན་ཐའོ་སྲིད་འཛིན་སྐབས་ཀྱི་ས་མཚམས་འབྲེལ་མོལ་སྐུ་ཚབ་ཟུར་བ་སྐུ་ཞབས་ཏ་བྷན་གོ་(Dai Bingguo)ཡིས་རྒྱ་གར་གྱིས་ས་མཚམས་རྩོད་རྙོག་གི་མཇུག་མར་འཇུ་བཞིན་འདུག་ཅེས་བརྗོད་ཡོད།

གལ་ཏེ་རྒྱ་གར་གྱིས་མོན་རྟ་དབང་རྒྱ་གར་མངའ་ཁུངས་ཡིན་ཟེར་ན། ཏ་བྷན་གྱིས་ནུབ་ཁུལ་གྱི་ཨེག་ས་ཆིན་(Aksai Chin)དེ་རྒྱ་ནག་གི་མངའ་ཁུངས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། གང་ལྟར། རྒྱ་ནག་གིས་ལྡི་ལི་གསར་བའི་འདོད་ཚུལ་དེ་གཞི་རྩ་མེད་པ་ཞིག་ཏུ་མཐོང་གི་ཡོད་ཀྱང་། བོད་ཀྱི་གནད་དོན་ཐོག་ཕྱོགས་གཉིས་གྲོས་མོལ་བྱེད་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

ཤུལ་བཞག

དབྱིན་ཇུའི་མངའ་འོག་ཏུ་མ་ཚུད་ཅིང་ལམ་ལུགས་ཐག་གཅོད་བྱས་མེད་ཀྱང་། བོད་ཀྱི་གནད་དོན་གྱིས་དེ་རིང་ད་དུང་རྒྱ་གར་གྱི་འབྲེལ་ལམ་ལ་མུ་མཐུད་གནོད་སྐྱོན་བཟོ་བཞིན་ཡོད། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ ༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བརྒྱབ་སྟེ། རྒྱ་གར་ཕམ་ཉེས་སུ་བཏང་བའི་དངོས་ཡོད་གནས་ཚུལ་དེས་ཏཱ་ལའི་བླ་མར་སྐྱབས་བཅོལ་གྱི་ལམ་ཁ་ཞིག་ཕྱེ་ཡོད། ལོ་ངོ་འདི་དག་རིང་རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག བོད་རང་སྐྱོང་ལྗོངས་ཀྱི་ཉེན་རྟོག་པ་ཚོས་བོད་ཀྱི་གནད་དོན་དེ་སེལ་ཐབས་མེད་པའི་གནས་སྟངས་སུ་བསྐྱལ་ཡོད།

རྒྱ་ནག་གིས་ཏཱ་ལའི་བླ་མར་ “ཆོས་གོས་གྱོན་པའི་སྤྱང་ཀི་” དང་། རྒྱ་གར་གྱིས་ཏཱ་ལའི་བླ་མ་སྐུ་མགྲོན་གལ་ཆེན་དུ་བརྩིས་ཏེ་སྡོད་བཅུག་པར། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པ་ཞེས་སྡུག་དམོད་བྱེད་ཀྱིན་ཡོད་ཀྱང་། རྒྱ་གར་གྱིས་མུ་མཐུད་རྒྱ་ནག་གི་གཏུམ་སྤྱོད་ལ་བཟོད་སྒོམ་བྱས་ཏེ་བསྡད་ཡོད།

ད་ལྟ་ལྡི་ལི་གསར་བ་རྒྱ་ནག་གི་བྱ་སྤྱོད་ཐོག་རྨོངས་འཐོམ་ཏོག་ཙམ་སངས་བཞིན་ཡོད། རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་རྩ་ཡལ་བཟོ་ཐབས་དང་། བོད་མི་མང་པོ་རྒྱ་གར་ནང་སྡོད་བཅུག་པ་དེས་རྒྱ་གར་ལ་ཕན་ཐོགས་གང་ཡང་མེད་པ་མ་ཟད། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་ཧི་མ་ལ་ཡའི་མཐའ་མཚམས་སུ་ཞི་འཇགས་ཡོང་མེད་པ་སྒྲུབ་བཞིན་ཡོད།

འོན་ཀྱང་རྒྱ་ནག་གི་འདོད་རྔམ་མུ་མཐུད་ཆེ་རུ་སོང་ན། མི་རིང་བར་རྒྱ་གར་གྱི་སྲིད་དོན་པ་ཚོ་རྒྱ་ནག་གི་གཏན་འབེབས་ལམ་ལུགས་ལ་འདོད་མོས་མེད་པར་བོད་དོན་ལ་སྔར་ལྷག་གི་རྒྱབ་སྐྱོར་དང་། བོད་དང་རྒྱ་ནག་ཁྲིམས་མཐུན་ཐོག་གྲོས་མོལ་ཡོང་ཐབས་སུ་ཤུགས་བསྐྱོན་སྲིད་པ་རེད།

ཁྲིམས་ཀྱི་བཀའ་རྒྱ།

ད་ཆར་རྒྱ་དཀར་ནག་གི་རྩོད་ཉོག་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་ཆགས་བཞིན་ཡོད། རྒྱ་གར་གྱིས་པཱ་ཀི་སི་ཐན་གྱི་ཇཱ་ཞེ་ཨེ་ཚོགས་པའི་དབུ་ཁྲིད་མཱ་ཟོ་དྷི་ཨ་རྫར་(MasoodAzhar)མཉམ་འབྲེལ་རྒྱལ་ཚོགས་ནང་འཇིགས་སྐུལ་དྲག་སྤྱོད་པར་མིང་འདོན་བྱས་པར། རྒྱ་ནག་གི་ཐབས་ཇུས་གསར་པས་རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པར་འགོག་རྐྱེན་བཟོ་བཞིན་ཡོད། དེ་ནི་ ༢༠༡༦ ལོའི་ཟླ་ ༣ པ་ནས་རྒྱ་གར་གྱིས་ཨ་རྫར་དྲག་སྤྱོད་པར་ངོས་འཛིན་བྱེད་བཞིན་པ་དེར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ནང་རྒྱ་ནག་གིས་ངོས་ལེན་བྱས་མེད། འོན་ཀྱང་རྒྱལ་ཁབ་གཞན་ ༡༥ དེ་ལ་རྒྱབ་སྐྱོར་བྱས་ཡོད།

ད་ལྟ་རྒྱ་གར་གྱིས་རྒྱང་ཐག་རིང་བོར་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་བཞིན་པ་དེས། མ་འོངས་པར་པཱ་ཀི་སི་ཐན་གྱི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡོད་པར་རྒྱ་ནག་གིས་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་སྐུ་ཞབས་ཊི་རུམ་ཕིའི་འཛིན་སྐྱོང་གསར་པ་བསླེབས་རྗེས། རྒྱ་ནག་ལ་དཀའ་ངལ་དང་གནོན་ཤུགས་མང་པོ་ཞིག་སྤྲད་པ་དེས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལའང་གནོན་ཤུགས་གསར་བ་ཞིག་ཐེབས་ཡོད།

ཉེ་སྔོན་རྒྱ་དཀར་ནག་བར་དམག་ཇུས་རང་བཞིན་གྱི་གྲོས་མོལ་ཞིག་བྱས་པ་དེར་ཕྱོགས་གཉིས་བསམ་ཚུལ་མི་མཐུན་པ་ཞིག་གི་འོག་ཏུ་མཇུག་བསྡུས་ཡོད་སྟབས་གྲུབ་འབྲས་གང་ཡང་ཐོན་མེད། ཛ་དྲག་གི་དུས་སྐབས་དེར་རྒྱ་གར་གྱིས་བསྐྱར་དུ་བོད་ཀྱི་གནད་དོན་འཁྱེར་ཡོང་སྟེ། ཕྱོགས་གཉིས་དམག་དཔུང་བསྒྲིགས་གཤོམ་གྲོས་མོལ་གྱི་མཚམས་དེར་གཡུག་རྒྱུ་ཡིན་པ་དང་། དེ་ནི་མོ་ཌེ་སྲིད་གཞུང་གིས་རྒྱ་ནག་གི་ཚོར་བ་རྣོ་བའི་གནད་དོན་ཞིག་ལ་འཐབ་རྒོལ་བྱེད་ཐབས་ཤིག་ཏུ་བཟུང་ཡོད།

འོན་ཀྱང་འགྱུར་བ་ཆེན་པོ་ཞིག་ནི། རྒྱ་ནག་གིས་གནད་དོན་མང་པོ་ཐོག་རྒྱ་གར་ལ་མུ་མཐུད་གནོད་སྐྱོན་བཟོ་བཞིན་ཡོད་སྟབས། ལྡི་ལི་གསར་བའི་གནད་དོན་ག་རེ་གླེང་ཡང་རྒྱ་ནག་གིས་ངོས་ལེན་བྱ་དགོས་པ་ཞིག་ཆགས་ཡོད།

སངས་རྒྱས་དཀོན་མཆོག་གིས་བོད་ཡིག་ཏུ་བསྒྱུར།

འབྲེལ་ཡོད་གསར་འགྱུར།

TT
Mobile App

སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་འདུག 

ཆུ་ཚོད་ ༣ སྔོན་ལ།
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

ཆུ་ཚོད་ ༤ སྔོན་ལ།
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

༢༠༢༦/༠༦/༡༦
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese