མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༧ ལོའི་སའི་གོ་ལའི་ཉིན་མོ། ཤེས་རྟོགས་དགོས་པའི་གནད་དོན་འགའ།

བོད་ཀྱི་དུས་བབ།
༢༠༡༧/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནན་དྷི་ནི་ར་ཏི་(Nandini Rathi)ཡིས་བྲིས།
སྐལ་ལྡན་གྱིས་བསྒྱུར།

འདི་ལོའི་སའི་གོ་ལའི་ཉིན་མོའི་གླེང་བརྗོད། “ཁོར་ཡུག་དང་གནམ་གཤིས་ཀྱི་ཤེས་བྱ།”(Environmental and Climate Literacy)ཞེས་པ་ནི་འོས་ཤིང་འཚམ་པའི་གླེང་གཞི་ཞིག་རེད། གང་ལགས་ཤེ་ན་ད་ཆ་ང་ཚོས་དོན་དངོས་ལ་བསམ་གཞིགས་མི་བྱེད་པ་དང་ཁས་ལེན་མི་བྱེད་པར་སྡོད་པའི་དུས་ཚོད་ཅིག་ག་ལ་ཡིན།

སའི་གོ་ལའི་ཉིན་མོ་ཞེས་པ་ཐོག་མར་ཕྱི་ལོ་ ༡༩༧༠ ལོར་ཨ་རིར་སྲུང་བརྩི་ཞུས་ཡོད་པ་དང་། བཟོ་ལས་ཐོན་སྐྱེད་ཀྱིས་ཕྱུག་པའི་འཛམ་གླིང་གི་ས་གནས་མང་པོས། བཟོ་གྲྭའི་དུ་ཞག་གི་དྲི་ངན་དག་བདེ་སྐྱིད་དང་ཡར་ཐོན་གྱི་དྲི་བསུང་དུ་ངོས་འཛིན་བྱེད་པའི་དུས་སྐབས་དེར། སྐྱེ་འགྲོའི་ཚེ་སྲོག་སྲུང་བའི་དྲིན་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཉིན་མོ་དེ་སྲུང་བརྕི་ཞུ་འགོ་བཙུགས་པ་རེད།

དེ་ལྟར་སྲུང་གཙི་ཞུ་བའི་ཐོག་མའི་གྲོས་མགོ་འདོན་མཁན་ནི། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་གྷཱེ་ལོ་ཌ་ནེལ་སོན་(Gaylord Nelson)མཆོག་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༡༩༦༩ ལོར་ཀ་ལི་ཧྥོ་ནི་ཡ་མངའ་སྡེའི་སན་ཊཱ་བྷར་བྷ་རའི་(Santa Barbara in California)མཚོ་ངོགས་སུ་རྡོ་སྣུམ་ཕོན་ཆེ་གཏོར་ཏེ་ཁོར་ཡུག་ལ་གནོད་ཚེ་བཏང་བ་གཟིགས་ཡོད། སའི་གོ་ལའི་ཉིན་མོ་སྲུང་གཙི་ཞུ་བའི་རྨང་གཞིའི་ལས་འགུལ་ནས་མགོ་བརྩམས་ཏེ། ག་ལེར་ཨ་མི་རི་ཀས་རླུང་ཁམས་དང་། ཆུ། སྟོང་ལ་ཉེ་བའི་སེམས་ཅན་དང་རྩི་ཤིང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་སོགས། ཁོར་ཡུག་དང་དང་འབྲེལ་བའི་ཁྲིམས་ལུགས་གསར་པ་ཇི་སྙེད་ཅིག་གཏན་འབེབས་བྱས་ཡོད་པ་མ་ཟད། ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལས་ཁང་ཡང་གསར་འཛུགས་བྱས་པ་རེད།

སའི་གོ་ལའི་ཉིན་མོ་ཐོག་མར་སྲུང་གཙི་ཞུ་མགོ་བཙུགས་པ་ནས་བཟུང་། ད་བར་ལོ་ངོ་བཅུ་ཕྲག་འགའ་འདས་ཟིན་པ་དང་། དུས་རབས་སྔོན་མར་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་སོ་སོའི་ཡུལ་གྲུའི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་འགྲོ་བར་དོ་ཁུར་ཆེན་པོ་བྱས་པ་དང་ལྷན། སྔོན་ཐོན་གྱི་རྒྱལ་ཁབ་ཁག་དང་ལྷན་དུ་སའི་གོ་ལོའི་མཛེས་སྡུག་གཏོར་བཅོམ་བྱེད་པའི་ལས་ལ་མཉམ་ཞུགས་ཀྱང་བྱས་ཡོད། ཕྱི་ལོ་ ༡༩༩༠ ཙམ་ནས་སའི་གོ་ལའི་ཉིན་མོ་སྲུང་གཙི་ཞུ་རྒྱུ་རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་བ་རེད།

སྲིད་བློན་མོ་དྷི་མཆོག་དང་མངའ་སྡེ་ཁག་གི་བློན་ཆེན་མང་པོས་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཊུཡི་ཊར་(Twitter)བརྒྱུད་སའི་གོ་ལའི་ཉིན་མོ་སྲུང་བརྩི་ཞུ་བའི་འབོད་ཚིག་བསྒྲགས་པ་དང་། ཉིན་དེ་ནི་ཡུམ་ཆེན་སའི་གོ་ལའི་བཀའ་དྲིན་བསམ་ཤེས་དང་གོ་ལའི་མཛེས་སྡུག་བདག་སྐྱོང་བྱེད་པའི་ཆོད་སེམས་བརྟན་དུ་གཏོང་བའི་དུས་བཟང་ཞིག་ཡིན་ཞེས་བརྗོད་ཡོད། མོ་དྷི་མཆོག་གིས་འདི་ལོའི་གླེང་གཞི་ “ཁོར་ཡུག་དང་གནམ་གཤིས་ཀྱི་ཤེས་བྱ།” ཞེས་པ་ལས། ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་རྫས་གཅེས་སྲུང་བྱེད་པའི་གོ་རྟོགས་འཕེལ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།

འདི་ལོའི་སའི་གོ་ལའི་ཉིན་མོའི་གླེང་གཞི། ཁོར་ཡུག་དང་གནམ་གཤིས་ཀྱི་ཤེས་བྱ་ཞེས་པ་ནི་འོས་ཤིང་འཚམ་པའི་བརྗོད་གཞི་ཞིག་རེད། གང་ལགས་ཤེ་ན། ད་ཆ་ང་ཚོས་དོན་དངོས་ལ་བསམ་གཞིགས་མི་བྱེད་པ་དང་ཁས་ལེན་མི་བྱེད་པར་སྡོད་པའི་དུས་ཚོད་ཅིག་མིན། འོན་ཀྱང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་ལྟ་བུ་དབང་གྲགས་ཆེ་བའི་མི་སྣའི་ཁྲོད། གནམ་གཤིས་འཕོ་འགྱུར་གྱི་གནད་དོན་ནི་ཚན་རིག་པས་བསྐྲུན་པའི་ལྐོག་གཡོ་ངན་ཇུས་ཤིག་ཡིན་པའི་འཁྲུལ་སྣང་ཅན་གྱི་བསམ་ཚུལ་འགྲེལ་བརྗོད་བྱེད་མཁན་ཡང་ཡོད།

གཤམ་དུ་ཁྱོད་ཀྱི་ཁོར་ཡུག་སྐོར་གྱི་ཤེས་བྱའི་གོ་རྟོགས་རྒྱས་ཕྱིར། དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་གནད་དོན་མདོར་བསྡུས་གླེང་སློང་བྱས་ན།

དོན་དངོས་ཤེས་རྟོགས། གནམ་གཤིས་འཕོ་འགྱུར་(Climate Change)གྱི་གནད་དོན་ནི་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཡིན། དེའི་རྒྱུ་རྐྱེན་ལས་རྒྱ་མཚོའི་མཐོ་ཚད་རྒྱས་པ་དང་། གནམ་གཤིས་ཚ་དྲོད་མི་སྙོམ་པ། ཟས་རིགས་བརྟན་ཆ་མེད་པ་སོགས་བྱུང་དང་འབྱུང་མུས་ཡིན་ལ། རྒྱ་གར་ཡུལ་གྲུ་ཁོ་ནར་མཚོན་ན་ཟས་རིགས་སྤྱི་དང་། ཆར་ཆུའི་ཐོན་ཁུངས། མི་མང་གི་འཕྲོད་བསྟེན་སོགས་སྐྱེ་བོ་ས་ཡ་མང་པོའི་ཚེ་སྲོག་ལ་ཤུགས་རྐྱེན་དང་དཀའ་ངལ་འཕྲད་ཀྱིན་ཡོད། རྒྱལ་ཡོངས་ས་ཁམས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལས་ཀྱང་གནད་དོན་དེ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་མང་དག་ཤེས་རྟོགས་བྱུང་ཡོད།

ཨ་མི་རི་ཀའི་མཁའ་དབྱིངས་ཚན་རིག་ཞིབ་འཇུག་ཚན་པས་(NASA)སའི་གོ་ལའི་ཚ་དྲོད་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༡༦ ལོར་གོ་ལའི་ཚ་དྲོད་སྔར་ལས་ཚད་མཐོར་འཕེལ་ཡོད་པ་མ་ཟད། ད་བར་གྱི་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་ཡིན་པ་ཚད་འཇལ་པར་རིས་ཀྱི་(graphical data)ལམ་ནས་( http://go.nasa.gov/2mjzvJu )དངོས་དོན་ར་སྤྲོད་བྱས་ཡོད།

འཁྱགས་རོམ་ཞུ་བ། རྒྱལ་ཡོངས་ས་བཤད་ཚན་པས་(National Geographic)ཞིབ་འཇུག་བྱས་པ་ལྟར་ན། སའི་གོ་ལའི་འཁྱགས་རོམ་གྱི་བོངས་ཚད་རྒྱ་ཁྱོན་མེ་ལེ་གྲུ་བཞི་མ་ས་ཡ་ལྔ་ཙམ་ཡིན་པར་གྲགས། འོན་ཀྱང་ང་ཚོས་དུག་རླུང་དང་རྫས་ངན་གྱི་དུ་བ་སྟངས་འཛིན་མ་བྱས་ན། གོ་ལའི་ཚ་དྲོད་རྒྱས་ཏེ་འཁྱགས་རོམ་ཏིལ་འབྲུ་ཙམ་ཡང་མི་མངོན་པའི་འཇིག་རྟེན་ཁམས་ཤིག་བསྐྲུན་པ་དང་། ཕྱིས་འབྱུང་རྒྱ་མཚོའི་མཐོ་ཚད་ཧྥི་ཊི་ ༢༡༦ ཡན་རྒལ་ངེས་ཡིན་ལ། འཛམ་གླིང་གི་མཚོ་མཐའི་རྣམ་པ་ཡང་མི་འདྲ་བ་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ་བ་ཞིག་ཡིན།

གལ་ཏེ་སའི་གོ་ལའི་ས་བབ་དམའ་ས་རྣམས་རྒྱ་མཚོར་འཐིམ་པའི་དབང་དུ་བཏང་ན། གོ་ལའི་དབྱིབས་གཟུགས་ཇི་འདྲ་(http://on.natgeo.com/2p5SB6x)ཞིག་ཏུ་འགྱུར་བ་ཡིན་ནམ། གོང་གསལ་བརྗོད་གཞི་དང་འབྲེལ། སྐུ་ཞབས་ས་མན་དྷ་སུ་བྷ་ར་མ་ནན་(Samanth Subramanian)གྱིས་བྲིས་པའི། གཞི་རྒྱ་ཆུང་བའི་མཚོ་མཐའི་ཡུལ་གྲུ་སིན་གྷ་པོར་གྱིས། ས་བབ་ཀྱི་རྒྱ་ཁྱོན་ཇེ་ཆེར་གཏོང་བའི་ལོ་རྒྱུས་ལྟ་ཀློག་བྱེད་དགོས། ཡུལ་གྲུ་དེས་ཁོར་ཡུག་ཆག་འཇིག་གི་དུས་ངན་ལ་གདོང་ལེན་བྱེད་པར་འཆར་གཞི་ལྡན་པའི་མ་འོངས་འཛུགས་སྐྲུན་བྱེད་ཀྱིན་ཡོད།(http://nyti.ms/2ovWRZJ)

རྒྱ་གར་གྱི་ཞིང་ལས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཞིང་པས་ངོ་རྒོལ་ཟིང་སློང་དང་། རང་སྲོག་བཅད་པའི་གནད་དོན་རྟག་ཏུ་གོ་ཐོས་ཡོང་གི་ཡོད། དེ་དག་ནི་ལོ་དུས་མང་པོའི་སྔོན་གྱི་ཞིང་ལས་འཚོ་བའི་གནས་སྟངས་སྐྱར་དྲན་དང་རེ་འདོད་བྱེད་པའི་དན་རྟགས་ཤིག་ཡིན། ཕྱི་ལོ་ ༡༩༦༠ ལོའི་རྒྱ་གར་གྱི་སྔོ་ལྗང་གསར་རྗེས་(green revolution)རྒྱལ་ཁབ་ཀྱི་ས་ཞིང་འདེབས་ལས་ཀྱི་སྲིད་ཇུས་འགྱུར་བ་བཏང་སྟེ། བཀྲེས་སྐོམ་གྱི་གདུང་བ་སེལ་ཕྱིར་ས་ཞིང་ལ་འབུ་སྨན་དང་། རྫས་ལུད། རྫས་སྦྱོར་བྱས་པའི་ས་བོན་བེད་སྤྱོད་བྱེད་མགོ་བཙུགས་པ་རེད། འོན་ཀྱང་སྲིད་ཇུས་དེས་ཐོག་མའི་ཆར་འདོད་བློ་ཁེངས་བའི་འབྲས་བུ་སྨིན་ཡོད་ཀྱང་། ཕུགས་རྒྱང་རིང་པོར་སྡུག་བསྔལ་སྦྱིན་པའི་རྒྱུ་གཙོ་བོར་གྱུར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་འོངས་བཀྲེས་སྐོམ་གྱི་གདུང་བ་སེལ་བ་དང་། གོ་ལའི་ཚ་དྲོད་སྙོམ་པ། ཟས་བཅུད་ཕུན་སུམ་ཚོགས་པ་བཅས་ཡོང་བའི་ལམ་བུ་ཉག་ཅིག་ནི། གཞི་རྒྱ་ཆུང་བའི་སྲོལ་རྒྱུན་སོ་ནམ་ལག་བསྟར་བྱེད་རྒྱུ་དེ་ཡིན་པའི་འབོད་སྒྲ་བསྒྲགས་ཡོད།

དང་བླངས་ཞབས་ཞུ་བ་འགས། རྒྱ་གར་གྱི་ཞིང་པའི་ས་ཁུལ་འགའ་ཞིག་ཏུ་སྲོལ་རྒྱུན་སོ་ནམ་ལག་བསྟར་བྱེད་པའི་བརྙན་ཐུང་ཡིད་དུ་འོང་བ་ཞིག་བཟོས་འདུག་པར་(http://bit.ly/2oewsns)གཟིགས་རོགས།

མཐའ་དོན། སྔར་གྱི་ཨ་རིའི་སྲིད་འཛིན་གཞོན་པ་ཨལ་གྷོར་(Al Gore)མཆོག་གིས་བཟོ་སྐྲུན་གནང་བའི་ཕྱི་ལོ་༢༠༠༦ ལོའི་སྙན་གྲགས་ཅན་གྱི་ཁོར་ཡུག་སྐོར་གྱི་དངོས་བྱུང་ལོ་རྒྱུས་ “དངོས་དོན་སྟབས་མི་བདེ་བ་ཞིག” (An Inconvenient Truth)ཞེས་པའི་གློག་བརྙན་གྱི་རྒྱུན་མཐུད་གློག་བརྙན་ “སྟབས་མི་བདེ་བའི་མཇུག་མཐུད།(An Inconvenient Sequel)ཅེས་པའི་སྔོན་འགྲོའི་བརྙན་ཐུང་དེར་གཟིགས་རོགས། གློག་བརྙན་དངོས་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་དང་། དེས་གློག་བརྙན་དང་པོའི་རྗེས་སུ་གྲུབ་འབྲས་དང་འགྱུར་བ་གང་ཕྱིན་པ་གསལ་སྟོན་བྱེད་ངེས་ཡིན།

མ་རྩོམ་འབྲེལ་ཐག http://indianexpress.com/article/world/earth-day-2017-here-is-some-essential-reading-4623598/

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༢ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༣ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese