མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་ལྟ་སྐུ་འཚོ་བཞུགས་ཨ་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་དྷ་སའི་ལས་འགུལ་བ་ཁག་ཅིག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་མཛད་རྗེས་དང་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་ཆར་གར་སོང་ཆ་མེད་ཆགས་པའི་གནད་དོན་སོགས་ལ་བགྲོ་གླེང་གནང་ཡོད།

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་དྷ་རམ་ས་ལའི་བོད་ཀྱི་མགྲོན་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་དང་བསྟུན་ཏེ་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་གཏམ་བཤད་པར་ཆབ་སྲིད་བཙོན་ཟུར་གྲྭ་བག་འགྲོ་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་གཉིས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་བཅས་ཀྱི་ཐོག་གཏམ་བཤད་གནང་སོང་།

བགྲོ་གླེང་ཐོག་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་དྷ་ས་ཁུལ་གྱི་དོ་སྣང་ཅན་ཁག་ཅིག་ཕེབས་འདུག བགྲོ་གླེང་དབུ་འཛུགས་སྟེང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བརྗོད་དོན། “ང་ཚོ་བཙན་བྱོལ་དུ་སྡོད་ཡུན་རིང་དྲགས་སོང་སྟབས་བོད་མི་རྣམས་ལས་དོན་གཞན་དག་ལ་མགོ་འཁོར་ཏེ། པཎ་ཆེན་རིན་པོ་ཆེའི་ལས་འགུལ་ཤུགས་ཆུང་དུ་འགྲོ་བ་དང་། ག་ལེར་དོ་སྣང་མེད་པ་ཆགས་འགྲོ་བཞིན་ཡོད་པར་མཐོང་གི་འདུག” ཅེས་དང་། “བུད་མེད་ལྷན་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་ཆེད་ཤུགས་རྒྱག་གི་ཡོད་པའི་རྒྱུ་མཚན་ནི། ང་ཚོ་བུད་མེད་ཅིག་ཡིན་པ་དང་། ཡང་སྒོས་ཨ་མ་ཞིག་ཡིན་སྟབས། ཁོང་དགུང་ལོ་དྲུག་གི་སྟེང་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་རེད། ད་ལྟ་གར་སོང་ཆ་མེད་ཆགས་ཡོད་པ་རེད། ང་ཚོ་ལ་སེམས་འཚབ་ཆེན་པོ་འདུག”ཅེས་བརྗོད་སོང་།

གྲྭ་བག་གྲོ་ལགས་ཀྱིས་བརྗོད་པ་ལྟར་ན། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་སྐོར་བརྗོད་དོན་ ༡༩༦༡ ལོར་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གི་མགོ་ཁྲིད་མའོ་ཙེ་ཏོང་དང་སྲིད་བློན་ཀྲུག་ཨིན་ལེ་སོགས་ལ་བོད་ཆོལ་ཁ་གསུམ་གྱི་བདེ་སྡུག་ཞིབ་ཕྲ་སྙན་སེང་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་པའི་གནས་སྟངས་ཇེ་ལེགས་སུ་གཏོང་རྒྱུ་ཕར་ཞོག སྔར་ལས་ལྷག་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཤུགས་ཆེ་རུ་བཏང་སྟབས། ༡༩༦༡ ལོ་ནས་མགོ་བཙུགས་ཏེ་བོད་མིའི་བདེ་སྡུག་དེ་དག་ཡིག་ཐོག་ཏུ་ཕབ་སྟེ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བརྩམས་ཡོད་པ་དང་། དེའི་ནང་དུ་བོད་མིའི་བདེ་སྡུག་རྣམས་སྡེ་ཚན་ ༨ དུ་དབྱེ་ནས་འཁོད་ཡོད་འདུག

བག་གྲོ་ལགས་ཀྱིས་བརྗོད་དོན། “ ༡༩༦༢ ལོར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་སྲིད་བློན་ཀྲུག་ཨིན་ལེ་བརྒྱུད་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་ཕུལ་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཡིག་ཆ་དེར་ཞིབ་འཇུག་བྱེད་པར་ཝང་ལེ་ཧན་དང་ཞི་ཀྲིང་ཞོན་གཉིས་བསྐོས་ཡོད་འདུག་ལ། ཞིབ་འཇུག་བྱས་རྗེས་ཐོག་མའི་ཆར་ཡིག་ཆ་དེ་ལག་ལེན་བསྟར་རྩིས་བྱས་ཡོད་ཀྱང་། ༡༩༦༢ ལོའི་རྒྱ་ནག་གི་དབྱར་དུས་ཀྱི་ཚོགས་ཆེན་སྟེང་མའོ་ཙེ་ཏོང་ཁོང་ཁྲོ་ཆེན་པོ་ལངས་ཏེ། པཎ་ཆེན་བླ་མའི་རྔ་མ་གནམ་ལ་བཀྱགས་ཏེ་ GA2 གནམ་གྲུ་ལས་ཀྱང་མཐོ་བ་འདུག ཁོ་རང་གིས་མགོ་ཁྲིད་བྱེད་བསམ་པ་དེ་ཁྱེད་རང་ཚོའི་ཉིན་མོའི་རྨི་ལམ་རེད་ཅེས་བཤད་པ་རེད། ཅེས་པཎ་ཆེན་རིན་པོ་ཆེ་ལ་མའོ་ཙེ་ཏོང་གིས་དེ་ལྟ་བུའི་ཚིག་རྩུབ་བཤད་ཡོད་པ་རེད།” ཅེས་བརྗོད་སོང་།

བག་གྲོ་ལགས་ཀྱིས། རྒྱ་གཞུང་གིས་ཡིག་འབྲུ་ཁྲི་བདུན་གྱི་ནང་དོན་དེ་དག་རྫུན་མ་ཡིན་པ་དང་། དེའི་ནག་ཉེས་པཎ་ཆེན་རིན་པོ་ཆེ་ཡིས་ངོས་ལེན་བྱེད་དགོས་ཞེས་བཙན་གནོན་ཇི་ལྟར་བྱས་ཀྱང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ངོས་ལེན་རྩ་བ་ནས་གནང་མེད་སྟབས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཞྭ་མོ་གསུམ་གཡོག་ཏེ་འཐབ་རྩོད་དྲག་པོ་བཏང་བ། རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཟེར་གྱི་ཡོད་ཀྱང་། གལ་སྲིད་རྒྱ་ནག་གཞུང་བོད་ཞི་བའི་བཅིངས་གྲོལ་གཏོང་བར་ཡོང་བ་ཡིན་ན། ཡིག་འབྲུ་ཁྲི་བདུན་ནང་བོད་ཁམས་ཡོངས་ཀྱི་བདེ་སྡུག་བརྗོད་ཡོད་སྟབས། དེ་དག་ཁས་ལེན་དང་ལག་བསྟར་མི་བྱེད་ཐབས་མེད་ཡིན་ཡང་། རྒྱ་ནག་གིས་དེ་དག་ཁས་ལེན་བྱས་པ་དེས་གང་མཚོན་པ་རེད་ཟེར་ན། རྒྱ་ནག་གིས་བོད་སར་བཙན་བཟུང་བྱེད་པའི་བསམ་པ་ཁོ་ན་མ་གཏོགས་མེད་པ་ཧ་གོ་ཐུབ་ཚུལ་སོགས་བརྗོད་སོང་།

དེ་བཞིན། ༡༩༧༩ ལོར་རྒྱལ་ལོ་དོན་འགྲུབ་མཆོག་བོད་དུ་ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་པཎ་ཆེན་རིན་པོ་ཆེས་རང་གི་སྟོད་གོས་ཕུད་དེ་སྐུ་གཟུགས་ཀྱི་རྨ་ཁ་རྣམས་རྒྱལ་ལོ་དོན་འགྲུབ་ལ་བསྟན་ཏེ། ངས་བོད་དོན་ཐོག་ལས་ཀ་བྱས་ཏེ་རིག་གནས་གསར་བརྗེ་སྐབས་ང་ལ་གདུག་རྩུབ་མནར་གཅོད་བཏང་བའི་དཔང་རྟགས་འདི་ཡིན་ཞེས་བསྟན་གནང་འདུག་ཅེས་བརྗོད་ཡོད་འདུག

པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་རྗེས་དབུས་གཙང་ཁུལ་དུ་ཐེངས་དང་པོར་ཕེབས་སྐབས། ས་ཕྱོགས་གང་སར་སྒོ་བྱང་སྟེང་རྒྱ་ཡིག་མ་གཏོགས་མེད་པ་གཟིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུའི་སྐབས་འཕྲལ་དུ་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་དགོས་པའི་བཀའ་བཏང་བ་དང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་སོགས་བོད་ཀྱི་ས་ཕྱོགས་གང་སར་ཡིག་རྨོངས་སེལ་བའི་སློབ་གྲྭ་བཙུགས་པ། དེ་བཞིན། ༡༩༨༥ལོར་འདས་པའི་ངོ་ལོ་ཉེར་ལྔའི་རིང་ལྷ་སའི་ཆོ་འཕྲུལ་སྨོན་ལམ་རྒྱུན་ཆད་པ་དེའང་བསྐྱར་གསོ་གནང་སྐོར་སོགས་བརྗོད་སོང་།

རྩོམ་པ་པོ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྒྱ་ཡིག་ཐོག་པཎ་ཆེན་རིན་པོ་ཆེའི་ལོ་རྒྱུས་དེབ་ཅིག་བྲིས་ཡོད་ཀྱང་། རྒྱ་ནག་ནས་པར་སྐྲུན་བྱེད་མ་ཐུབ་པར་རྗེས་སུ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་རྒྱ་གར་ནང་པར་སྐྲུན་བྱས་པ་དང་། འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྗེས་སུ་སླར་ཡང་རིན་པོ་ཆེའི་མདུན་དུ་བཅར་ཏེ་ད་དུང་དེབ་ཅིག་འབྲི་འདོད་སྐོར་བརྗོད་སྐབས། པཎ་ཆེན་རིན་པོ་ཆེས་ “ང་ལ་ད་དུང་ལས་ཀ་བྱ་རྒྱུ་མང་པོ་ལྷག་བསྡད་ཡོད། ང་ལ་འཆར་གཞི་མང་པོ་ཞིག་ཡོད་པས་དེབ་དེས་མ་འོངས་པར་དཀའ་ངལ་བཟོ་སྲིད་པ་རེད།” ཅེས་གསུངས་འདུག འོན་ཀྱང་། དེ་ནས་ཉིན་ཁ་ཤས་རྗེས་པཎ་ཆེན་རིན་པོ་ཆེ་གློ་བུར་དུ་དགོངས་པ་རྫོགས་ཏེ། ཁོང་གིས་བཙོན་ཁང་ནང་སྡུག་པོ་མྱངས་ཚུལ་རྣམས་ཡིག་ཐོག་ཏུ་ཕབ་མ་ཐུབ་པ་ནི་ཧ་ཅང་བློ་ཕམ་ཀྱི་གནས་ཚུལ་ཡིན་སྐོར་སོགས་བརྗོད་སོང་།

ཚེ་རིང་མཚོ་མོ་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ལ། པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་ཆགས་པ་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན་རྒྱ་ནག་གཞུང་ལ་ནག་ཉེས་ཆེན་པོ་ཡོད་པ་དང་། དང་པོ་པཎ་ཆེན་ཆུང་སྲིད་མཆོག་གི་ནང་དུ་གཞུང་གི་དམག་མི་བཏང་བ་དང་། དེ་ནས་ཕ་མ་ནང་མི་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་པ། སྐབས་དེ་ནས་ད་ལྟའི་བར་གར་སོང་ཆ་མེད་ཆགས་པ་སོགས་ནི་ནག་ཉེས་མ་འདྲ་བ་གསུམ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ནང་ “གར་སོང་ཆ་མེད” ཟེར་བ་དེ་ནག་ཉེས་ཆེན་པོར་རྩི་བ་སྐོར་སོགས་བརྗོད་སོང་།

ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་འཛམ་གླིང་ལ་རྫུན་གཏམ་སྤེལ་ཚུལ་སྐོར་ལ། ༡༩༩༧ ལོར་ཕྱི་རྒྱལ་གྱི་སྐུ་ཚབ་མང་པོ་ཞིག་གིས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་ཆགས་པའི་སྐོར་དྲིས་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པས་པཎ་ཆེན་རིན་པོ་ཆེ་ད་ལྟ་ལྷ་རི་རྫོང་གི་གྲོང་གསེབ་ཅིག་ཏུ་ནང་མི་དང་ལྷན་དུ་བདེ་པོ་ཡིན་ཚུལ་བརྗོད་ཡོད་པ་དང་། དེའི་རྗེས་ཨ་རིའི་སྐུ་ཚབ་རྒྱ་ནག་ལ་ཕྱིན་སྐབས་རྒྱ་གཞུང་གིས་ཁོང་ཚོར་པཎ་ཆེན་རིན་པོ་ཆེ་རྒྱལ་ས་པེ་ཅིན་དུ་བཞུགས་ཡོད་སྐོར་ལབ་ཡོད་འདུག ༡༩༩༨ ཟླ་ ༩ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་སྐུ་ཞབས་རཱོ་ཝིན་སཱོན(Robinson)ལགས་རྒྱ་ནག་ལ་སྐོར་སྐྱོད་དུ་ཕེབས་སྐབས། པཎ་ཆེན་རིན་པོ་ཆེའི་སྐོར་ནན་འདྲི་གནང་སྟེ་རིན་པོ་ཆེར་མཇལ་འདོད་འདུག་ལབ་སྐབས་རྒྱ་ནག་གཞུང་གིས་མཇལ་བཅུག་མེད་པ་མ་ཟད། ༢༠༠༠ ལོར་དབྱིན་ཡུལ་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་འདུ་ཚོགས་སྐབས། དབྱིན་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་ལ་དྲི་བ་བཏང་བའི་ལན་དུ་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། ཁོང་ད་ལྟ་སློབ་གྲྭར་འགྲོ་བཞིན་ཡོད་པ། ཁོང་གི་ཡབ་ཡུམ་གཉིས་ཀྱིས་མི་ཆ་མེད་རིགས་དང་གསར་འགོད་པ་སོགས་ལ་ཐུག་འདོད་མེད་སྐོར་སོགས་བརྗོད་འདུག་པ་མ་ཟད། པར་གཉིས་བསྟན་ཏེ་འདི་པཎ་ཆེན་རིན་པོ་ཆེ་རེད་ལབ་སྟེ་རྗེས་ལ་པར་དེ་གཉིས་ཁོང་ཚོར་མ་སྤྲད་པར་ཕྱིར་འཁྱེར་ཡོད་འདུག

དེ་བཞིན། ༢༠༠༡ ལོའི་ཟླ་ ༨ པའི་ནང་པཱོ་ལན་ཌི་(Poland)རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཁག་ཅིག་ལྷ་སར་ཕེབས་སྐབས། ཁོང་ཚོས་ཀྱང་པཎ་རིན་པོ་ཆེའི་སྐོར་ལ་དྲི་བ་བཏང་སྟེ་ཁོང་མཇལ་འདོད་འདུག་ལབ་སྐབས། རྒྱ་གཞུང་གིས་ཁོང་སྐུ་གཟུགས་བདེ་ཐང་རེད། བདུན་ཕྲག་དྲུག་གི་རྗེས་ལ་པཎ་ཆེན་རིན་པོ་ཆེའི་པར་བསྐུར་ཡོང་ལབ་འདུག་ཀྱང་ད་ལྟ་བར་པར་འབྱོར་མེད་པ་དང་། དེའི་རྗེས་ལ་པཱོ་ལན་ཌི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ཚོར་ཡི་གེ་ཞིག་བསླེབས་ཏེ། པཎ་རིན་པོ་ཆེ་དང་ཁོང་གི་ཕ་མ་སྤུན་ཚང་མ་བདེ་ཐང་རེད། ཁོང་གི་ཕ་མ་གཉིས་ཀྱིས་མི་ཆ་མེད་དང་ཐུག་འདོད་མི་འདུག རྒྱ་ནག་གི་མི་མང་དེ་ཚོའི་བསམ་ཚུལ་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་བྱེད་བཞིན་ཡོད། དེ་ནི་ཁོང་ཚོའི་རང་དབང་རེད། ཁྱེད་རང་ཚོ་པཱོ་ལན་ཌི་ལུང་པས་ཀྱང་མི་མང་གི་བསམ་ཚུལ་ལ་བརྩི་བཀུར་ཞུ་བཞིན་ཡོད་རྒྱུ་རེད། དེར་བརྟེན། པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་ཚོས་མི་གཞན་ལ་ཐུག་འདོད་མི་བྱེད་པ་དེ་རང་གི་ཐོག་ནས་འདམ་ག་བྱས་པ་རེད། དེ་ལ་ང་ཚོས་བརྩི་བཀུར་བྱེད་བཞིན་ཡོད་ཅེས་སོགས་ལབ་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. ཐུབ་བསྟན། says:
    ལོ་ 9 སྔོན།

    གསར་འགྱུར་འདིའི་ནང་དུ་གནས་ཚུལ་མང་པོ་ཞིག་འདུག
    བཙན་བྱོལ་ནང་དུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཤི་ཚར་བ་རེད་ལ་སྐུ་ཕྲེང་བཅུ་གཅིག་པའང་བོར་ཚར་བ་རེད། ཡིན་ནའང་བོད་ནང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་ང་རྒྱལ་གྱིས་སྐུ་འཚོ་བཞུགས་ཡིན་ལ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཀྱང་ལ་ཞེན་གྱིས་འཚར་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese