མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལར་དེང་རབས་ཅན་གྱི་གྲོང་ཁྱེར་འཛུཊ་སྐྲུན་ལས་གཞི་མི་འགྱངས་བར་མགོ་འཛུཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

མི་འགྱངས་བར་བཞུགས་སྒར་དྷ་རམ་ས་ལ་ཁུལ་དུ་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་ཡིན་པས་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་དང་དྭང་བླངས་དཔྱ་ཁྲལ་ལག་དེབ་གཉིས་ལ་བདག་པོ་ཡག་པོ་བརྒྱབ་སྟེ་འཛུགས་སྐྲུན་སྐོར་གྱི་ཡིག་ཆ་ཁག་ལ་དོ་སྣང་ཡག་པོ་སྤྲོད་རྒྱུ་གལ་ཆེན་པོ་ཆགས་འདུག

ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་དབུས་གཞུང་ནས་སེང་གྷ་པུར་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་དཔེ་མཚོན་དུ་བཟུང་སྟེ། རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་ཁག་གི་རྒྱལ་ས་རྣམས་ཀྱི་གཙོས་གྲོང་ཁྱེར་དང་གྲོང་བརྡལ་ཁག་ ༡༠༠ ཙམ་ལ་དེང་རབས་ཅན་གྱི་གྲོང་ཁྱེར་(Smart City)འཛུགས་སྐྲུན་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ལས་གཞི་དེའི་ཁོངས་སུ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལའང་ཚུད་ཡོད་པ་མ་ཟད། ཐོག་མའི་ལས་གཞིའི་ཁོངས་སུ་གྲོང་ཁྱེར་ཁག་ ༢༠ ནང་འཛུགས་སྐྲུན་གནང་རྒྱུ་ཡིན་པ་ལྟར་མི་འགྱངས་བར་དྷ་རམ་ས་ལ་ཁུལ་གྱི་འཛུགས་སྐྲུན་མགོ་འཛུགས་རྒྱུ་ཡིན་པ་དང་། ལས་གཞི་དངོས་སུ་མགོ་བཙུགས་ཏེ་ལོ་ལྔ་ནང་ཚུན་དུ་འགྲུབ་དགོས་ཀྱི་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ། ལས་གཞི་དེ་ག་དུས་ནས་མགོ་འཛུགས་གནང་གི་ཡོད་པ་དང་། ནམ་རྒྱུན་གྱི་འཛུགས་སྐྲུན་ལས་གཞི་དང་མི་འདྲ་བར་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིའི་ཁོངས་སུ་ལས་འཆར་གཙོ་བོ་ག་རེ་ལག་བསྟར་གནང་རྒྱུ་ཡིན་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་ལས་གཞི་དེའི་འགྲོ་གྲོན་སྔོན་རྩིས་རྣམས་བཟོ་བ་དང་། སྡེ་ཁག་སོ་སོར་འཛུགས་སྐྲུན་ལས་བགོ་བྱས་ཏེ་བཀའ་ཁྱབ་གཏོང་བ་བཅས་ཀྱི་ལས་ཀ་འགྲོ་བཞིན་ཡོད་པ་དང་། མི་འགྱངས་བར་ལས་གཞི་དངོས་སུ་ལག་བསྟར་གནང་རྒྱུ་ཡིན་པ་རེད།

ནམ་རྒྱུན་གྱི་འཛུགས་སྐྲུན་དེ་ཚོ་དོ་བདག་དང་ཡང་ན་སྡེ་ཁག་སོ་སོ་ནས་འཁུར་བླངས་ཏེ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། དེའི་སྒང་ལ་འཛིན་སྐྱོང་ནས་སྟངས་འཛིན་གནང་སྟེ་ཡར་རྒྱས་བཏང་བ་ཙམ་མ་གཏོགས་འཆར་གཞི་ལྡན་པའི་ཐོག་ནས་ལས་གཞི་བཟོ་ཡི་མེད་པ་དང་། དེང་རབས་ཅན་གྱི་གྲོང་ཁྱེར་(Smart City)འཛུགས་སྐྲུན་གྱི་ལས་གཞིའི་ནང་ཁོང་ཚོས་སྔོན་ཚུད་ནས་འཆར་གཞི་བཟོས་ཏེ། ཆུ་དང་གློག ལམ་ཀ ཁོག་ཡུག་གཙང་བཟོ་སོགས་ག་འདྲ་དགོས་མིན་འཆར་གཞི་གསལ་པོ་ཡོད་པ་མ་ཟད། འཛུགས་སྐྲུན་དེ་ཚང་མ་འཕྲུལ་ལས་(Digital)་ཀྱི་ཐོག་ནས་བེད་སྤྱོད་རྟོག་ཞིབ་ཐུབ་པ་བཟོ་རྒྱུ་དེ་འཛུགས་སྐྲུན་གྱི་དམིགས་ཡུལ་གཙོ་བོ་ཆགས་ཡོད་པ་རེད། དཔེར་ན། ཁོར་ཡུག་གཙང་བཟོའི་ཐད་གད་སྙིགས་སྐམ་པོ་དང་རློན་པ་ལོགས་སུ་ཕྱེས་ཏེ་གད་སྙིགས་སྒམ་རྣམས་ས་འོག་ཏུ་བཅུག་ནས་སྒོ་ལྕགས་རྒྱག་རྒྱུ་ཡོད་པ་དང་། གད་སྙིགས་སྒམ་ཁེངས་སོང་བ་ཡིན་ན་བརྡ་གཏོང་འཕྲུལ་ཆས་ཀྱིས་རང་འགུལ་ངང་གད་སྙིགས་གཙང་བཟོའི་ལས་ཁུངས་ལ་བརྡ་གཏོང་སྟབས།  བརྡ་འབྱོར་བ་བཞིན་གད་སྙིགས་སྒམ་གྱི་ཨང་རྟགས་ལྟར་གད་སྙིགས་ལེན་དུ་ཡོང་བ་རེད།

གཞན་ཡང་། དྷ་ས་ཁུལ་སྤྱི་ཡོངས་ཀྱི་ས་ཁྲ་དང་གནས་ཚུལ་རེ་རེའི་ལོ་རྒྱུས་རྒྱབ་ལྗོངས་ངོ་སྤྲོད་བྱེད་པའི་ས་ཁམས་ཁོར་ཡུག་ངོ་སྤྲོད་(Geographic Information services)དང་། ཡུལ་སྐོར་སྤྲོ་འཆམ་རང་ལ་དམིགས་པའི་ས་ཁྲ་(Tourist Map) ཞིག་བཟོས་ཏེ་མཛེས་ལྗོངས་ཁུལ་དང་ཟ་ཁང་མགྲོན་ཁང་། དེ་བཞིན་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱུན་འཛིན་གྱི་ལྟེ་གནས་དང་རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་སོགས་ངོ་སྤྲོད་བཅས་སྡེ་ཚན་གཉིས་ཡོད་པའི་དྲ་རྒྱ་ཞིག་ཀྱང་བཟོ་ཡི་ཡོད་སྐོར་བརྗོད་བྱུང་།

དྷ་རམ་ས་ལ་འདི་བཙན་བྱོལ་བོད་མིའི་ལྟེ་གནས་ཆགས་ཡོད་སྟབས། ལས་གཞི་དེ་ལག་བསྟར་དངོས་སུ་མ་གནང་གོང་་ས་གནས་བོད་མི་ཚོའི་ངོས་ནས་གྲ་སྒྲིག་དགོས་པ་ག་རེ་ཡོད་དྲིས་པར་ཁོང་གིས། རྒྱ་གར་དབུས་གཞུང་ནས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་བསྒྱུར་གྱི་ཡིན་གསུངས་དུས་ས་གནས་ཡིན་ན་རེད། ཡང་ན་མངའ་སྡེ་ཡིན་ནའང་རེད་སྡེ་ཁག་དེའི་ནང་འཚོ་བསྡད་ཡོད་པའི་མི་མང་ཡོངས་རྫོགས་ལ་ཁྱབ་པའི་ལས་གཞི་ཞིག་རེད་མ་གཏོགས། དེའི་ནང་ལོགས་ནས་བོད་པའི་ཆེད་དུ་ཡིན་མིན་དང་རྒྱ་གར་གྱི་ཆེད་དུ་ཡིན་མིན། དེ་བཞིན་བལ་པོ་དང་ཕྱི་རྒྱལ་བ་སོགས་ཀྱི་ཆེད་དུ་ཡིན་མིན་གྱི་དབྱེ་བ་རྩ་ནས་མེད་པ་དང་། དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གཞི་འདི་ལག་བསྟར་བྱེད་པར་གཞུང་གིས་ཐད་ཀར་སྟངས་འཛིན་བྱས་མེད་པའི་ཚོང་གཉེར་ཁང་(Company)ཞིག་སྒོ་ཕྱེས་ཏེ། ཚོང་གཉེར་ཁང་དེའི་ལས་གཞིའི་འོག་ཆ་ཚང་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། དངུལ་གྱི་འགྲོ་གྲོན་ཐད་དབུས་གཞུང་ནས་གཏོང་དགོས་པ་དང་མངའ་སྡེ་གཞུང་ནས་གཏོང་དགོས་པ། དེ་བཞིན་སྒེར་གྱི་ཚོང་གཉེར་ཁང་ཆེ་ཁག་ནས་གཏོང་དགོས་པ་བཅས་རིགས་གསུམ་ཡོད་པ་རེད།

བོད་པའི་ངོས་ནས་གྲ་སྒྲིག་དགོས་པ་དཔེར་ན་དྷ་རམ་ས་ལ་ལྟ་བུར་མཚོན་ན། ས་ཆ་གནད་འགག་ཆེན་པོ་གཙུག་ལག་ཁང་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། མེག་གྷན་ཁྲོམ་དཀྱིལ་གྱི་མཆོད་རྟེན་དང་ཕྱི་དྲིལ་ལས་ཁུངས་ཀྱི་དཔེ་དེབ་ཚོང་འགྲེམས་ཁང་། དེ་བཞིན་གྲྭ་བཙུན་གྱི་དགོན་པ་ཁག་ལྟ་བུའི་བོད་པ་རང་གི་རིག་གཞུང་མཚོན་ཐུབ་པ་རྣམས་མ་ལུས་པའི་ཐོག་ནས་ཐོ་གཞུང་སྤྲོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། ད་ལྟ་ས་གནས་མགོ་འཛིན་ལས་ཁུངས་ནས་ཐོ་གཞུང་བསྡུ་རུབ་ཀྱི་ལས་གཞི་མགོ་བཙུགས་ཚར་ཡོད་ལ། ཐོ་གཞུང་དེ་ཚོ་དྷ་ས་ཁུལ་གྱི་ངོ་སྤྲོད་དྲ་རྒྱའི་ནང་བཅུག་སྟེ། ས་གནས་འདིར་རྒྱུས་མངའ་མེད་པའི་ཕྱོགས་ཡོང་ཡུལ་སྐོར་བ་ཚོར་ལྟ་ཆོག་ཆོག་ཡོད་པ་ཞིག་བཟོ་ཡི་ཡོད་པ་རེད།

ལས་གཞི་འདིའི་ཆེད་བོད་མི་ཚོས་བྱེད་དགོས་པ་གཙོ་བོ་ནི། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(R.C)དུས་ཡུན་འཕར་འགྱངས་བྱས་ཏེ་བདག་པོ་ཡག་པོ་རྒྱག་དགོས་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཡན་ལག་ས་གནས་མགོ་འཛིན་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་སྟབས། བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་དེ་ངེས་པར་དུ་ཡག་པོ་ཉར་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། གཞན་ཡང་། འཛུགས་སྐྲུན་ལས་གཞིའི་སྐོར་གྱི་ཡིག་ཆ་དེ་ཚོར་ཚོགས་སྡེ་དང་ཡང་ན་ཁྱིམ་ཚང་གི་ཁྱིམ་བདག་ཚང་མས་དོ་སྣང་ཆེན་པོ་སྤྲད་དེ་ཤེས་རྟོགས་ཐུབ་པ་དགོས་རྒྱུ་དང་། ལས་གཞི་ག་འདྲ་ཞིག་ཡིན་ནའང་དེའི་ནང་དུ་མཉམ་ཞུགས་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese