མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐའ་གཉིས་སུ་མ་ལྷུང་བའི་བོད་པའི་བུད་མེད།

བོད་ཀྱི་དུས་བབ།
༢༠༡༧/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་དབྱངས་སྐྱིད།

༄༅།། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་བཙན་འཕྲོག་བྱས་པའི་ཉེར་ལེན་གྱིས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་སྟོང་ཚོ་ཁ་ཤས་ཤིག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་བསླེབས། གནས་ཡུལ་གཞུང་དང་མི་མང་གི་བཀའ་དྲིན་འོག་ད་ཕན་རང་ཡུལ་གཉིས་པ་ལྟར་གཞིས་ཆགས་ནས་ལོ་ངོ་ ༥༨ ལྷག་འགྲོ་བཞིན་པའི་དུས་སྐབས་འདིར། སྤྱི་སྒེར་ཟུང་གི་ཁེ་ཕན་སླད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་རྒྱུ་ཕྱི་མ་དྲགས་ནའང་སྔ་དྲགས་མེད། ཕྱི་ལོ་ ༢༠༠༨ ལོར་བཀའ་ཤག་སྐབས་ ༡༣ པས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་ལ་ཕབ་པ་དང་། དེ་ནས་འདི་ལོར་བཀའ་ཤག་སྐབས་ ༡༥ པས་སྔར་ཡོད་སྲིད་བྱུས་ལ་བསྐྱར་ཞིབ་ཟབ་ཅིང་རྒྱས་པར་བཏང་བ་ནི་ཡར་རྒྱས་ཀྱི་རྣམ་པ་དང་བཟང་ཕྱོགས་ཀྱི་གོམས་སྟབས་ཤིག་ཡིན།

སྔར་བོད་མིའི་སྤྱི་ཚོགས་ཁྲོད་ཕོ་མོའི་དབྱེ་འབྱེད་མངོན་གསལ་དོད་པོ་ཡོད་པ་སྟེ། ཡུལ་ལུང་འགའ་ཞིག་ནང་། བུད་མེད་དང་རྔ་གཉིས་བརྡུང་སའི་དངོས་པོ་ཡིན་པས་བརྡུང་དགོས་ལབ་སྲོལ་ཡོད་པ་དང་། ཡང་ཁག་ཅིག་ནང་། བུད་མེད་ཟེར་བ་དེ་ལྐུག་མ་མིན་ཙམ་དང་། བུ་ཟེར་བ་དེ་སྨྱོན་པ་མིན་ཙམ་དགོས་ཅེས་པའི་ཁ་དཔེ་ཡང་ཡོད། མདོ་དོན་ལྟོས་ས་ལྟོས་ཕྱོགས་དང་སྐབས་དུས་སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་རྒྱུ་རྐྱེན་ཅི་རིགས་ལ་བརྟེན་ནས་སྐྱེས་པའམ་ཕོ་བུད་མེད་ལས་མཐོང་ཆེ་བ་རྩིས་སྲོལ་ཡོད། དེའི་ཚེ་དེའི་དུས་སུ་ལྟོ་གོས་འཚོལ་རྒྱུར་ཕྱིའི་གཟུགས་སྟོབས་མ་གཏོགས་ནང་གི་རྣམ་དཔྱོད་དང་རིག་རྩལ་བེད་སྤྱོད་མེད་པར་བརྟེན། གཟུགས་སྟོབས་ཆེ་བའི་སྐྱེས་པ་རྣམས་རང་བཞིན་གྱིས་གནད་འགག་ཆེ་བ་ཆགས་ཡོད་ཅིང་། སྐྱེས་པ་རྣམས་ཕྱི་ལ་ལྟོ་གོས་འཚོལ་བར་འགྲོ་རྒྱུ་དང་། བུད་མེད་རྣམས་ནང་དུ་བསྡད་ནས་ནང་ལས་བྱེད་རྒྱུའི་སྲོལ་དར། སྲོལ་རྒྱུན་གྱི་དམངས་ཁྲོད་གཞས་ནང་དུའང་། 《ཕྱིའི་འགན་ཁུར་ཡབ་ཆེན་ཨ་ཕ་ལགས་ཀྱིས་གནང་། ནང་གི་འགན་ཁུར་ཡུམ་ཆེན་ཨ་མ་ལགས་ཀྱིས་གནང་།》ཞེས་གཏོང་གི་ཡོད། དེ་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་འཕེལ་རིམ་བཞིན་ཕྱིའི་སྟོབས་ཤུགས་ལས་ནང་གི་ཤེས་ཡོན་གལ་གནད་ཆེ་བར་གྱུར། དེས་ན་སྐྱེས་པ་དང་བུད་མེད་གཉིས་ལ་ནང་གི་ཤེས་ཡོན་དང་ནུས་སྟོབས་འདྲ་མཉམ་ཡོད་པས་བུད་མེད་རྣམས་ཀྱང་སྔར་ལམ་བཞིན་ནང་དུ་ནང་ལས་ཁོ་ནར་ཞུགས་ནས་མ་བསྡད་པར་ཕྱིར་ཐོན་ཏེ་སྤྱི་སྒེར་གྱི་བྱ་གཞག་བསྒྲུབས་དང་སྒྲུབ་མུས་ཡིན་པར་སོང་། སྤྱི་ཚོགས་ངོས་ནས་ཀྱང་གནས་སྟངས་འགྱུར་འགྲོས་ལ་བསྟུན་ནས་སྐྱེས་པ་དང་བུད་མེད་ལ་ལྟ་སྟངས་གཅིག་མཚུངས་འཛིན་དགོས་པ་ཡིན། ལར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་འོག་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བུད་མེད་རྣམས་རང་ཁྱིམ་གྱི་ས་མཚམས་ལས་བརྒལ་ནས་ཕྱིར་ཐོན་ཏེ་སྤྱི་ཚོགས་ནང་སློབ་སྦྱོང་དང་ལས་རིགས་འདྲ་མིན་ཐོག་ཞུགས་རྒྱུར་གཟབ་སྦྱོང་སྤྲད་ཅིང་མདུན་བསྐྱོད་གནང་བཞིན་པ་མ་ཚད། དེང་གི་འཆར་བུད་མེད་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་མགོ་ཁྲིད་བྱེད་དགོས་པའི་འབོད་སྒྲ་ཤུགས་ཆེ་སྒྲོག་བཞིན་པ་ནི། བཙན་བྱོལ་བུད་མེད་ཀྱི་ལོ་རྒྱུས་ནང་ལེའུ་གསར་པ་ཞིག་དང་། ལམ་བུ་གསར་པ་ཞིག་ཆགས་ཀྱི་ཡོད་པར་སོང་། ཐོག་མ་ཉིད་ནས་འགྲོ་ཡུལ་ཁ་ཕྱོགས་དང་དམིགས་ཡུལ་ཇི་ཡིན་ཇེ་གསལ་དང་ངེས་པ་བརྙེད་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དགོས་པ་དང་དམིགས་ཡུལ་ངེས་ཅན་ཞིག་བཟུང་བའི་ཐོག དེ་འགྲུབ་པར་བྱེད་པའི་བརྒྱུད་རིམ་ལ་བྱ་ར་དང་བཏང་འཛིན་བྱ་རྒྱུའང་གལ་ཆེན་ཡིན། དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་འཚམས་ཤིང་གསར་གཏོད་དང་འགྱུར་བ་ལ་མི་དགའ་བའི་རྙིང་ཞེན་གྱི་མཐའ་གཅིག་དང་། གཞན་ཡང་། འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་སོང་ཞིང་། རང་རྒྱལ་གཞན་ཕམ་གཙོས་པས་རང་དགར་སྤྱོད་པའི་དེང་རབས་སྤྱི་ཚོགས་ཀྱི་རང་བཞིན་གྱི་མཐའ་བཅས་མཐའ་གཉིས་སུ་མ་ལྷུང་བར་དབུ་མའི་ལམ་བུར་ཞུགས་རྒྱུར་འབད་བརྩོན་བྱ་གལ། ༸གོང་ས་མཆོག་གིས་གསུངས་པ་བཞིན་བུད་མེད་ལ་ཕུང་པོའི་གྲུབ་ཆའི་ཐོག་ནས་རང་ཆས་སུ་བྱམས་དང་བརྩེ་བ། སྙིང་རྗེ། སེམས་ཚོར་ཤེས་རབ་ (emotional intelligence) བཀྲ་བ་ཡོད་པར་བརྟེན། འཛམ་གླིང་མི་རིགས་ཡོངས་ནས་མངོན་པར་འདོད་པའི་ “རིན་ཆེན་ཞི་བདེ་” བསྐྲུན་རྒྱུར་ནུས་པ་ཡོད་པ་སྨོས་མེད་ཡིན། བོད་པའི་བུད་མེད་རྣམས་ལ་བྱམས་དང་བརྩེ་བ། རྙིང་རྗེ། བཟོད་པ། ཆོག་ཤེས། ཡ་རབས་བཟང་སྤྱོད། ལྷག་པའི་བསམ་པ་བཅས་སྲོལ་རྒྱུན་གྱི་ཡོན་ཏན་དག་ནང་ཆོས་ཀྱིས་བྱིན་གྱིས་རློབ་པའམ་སྨོན་ལམ་ཐེབས་པ་ཞིག་ཡོད་པའི་ཐོག དེང་རབས་ཀྱི་ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། ཕོ་མོ་འདྲ་མཉམ། ངོ་ཚ་དགོས་ས་དང་མི་དགོས་སའི་གནས་སོ་སོར་དབྱེ་འབྱེད་ཐུབ་པ། ཞུམ་པ་མེད་པའི་སྙིང་སྟོབས་དང་གདེང་ཚོད་སོགས་དེང་རབས་ཀྱི་ཁྱད་ཆོས་རྣམས་ཀྱང་ལྡན་པ་ཞིག་བྱུང་ན་གཡང་རྩེའི་སྒང་ལ་ཡར་སྒྲོན་དང་། འཛམ་གླིང་ནང་མིག་དཔེ་འོས་པའི་འདབ་གཤོག་གཉིས་ལྡན་ཀྱི་བུད་མེད་ཆགས་ངེས། འཛམ་བུ་གླིང་འདིར་བུད་མེད་ཙམ་མ་ཟད་གང་ཟག་སྤྱི་བོ་གནམ་བསྟན་ཡོངས་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོང་ངེས།

ཡང་རེ་ཞིག་འཛམ་བུ་གླིང་ཟུར་དུ་བཞག་ནས་རང་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ལ་བསམ་ཞིབ་གནང་ན། བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་ནང་ངོམས་སུ་ཆོག་པ་དང་། འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པའི་རྒྱུའམ་ཆ་རྐྱེན་ཡོད་ན་མེད་ན་དེ་གཉིས་ཡིན། རིན་ཐང་ཆེ་བའི་རྒྱུ་ནོར་དེ་གཉིས་བདག་ཉར་གཅེས་འཛིན་དང་རྒྱུན་འཛིན་གནང་མཁན་ནི་བོད་མི་རིགས་ཡིན། དེས་ན་བོད་མི་རིགས་ནི་རྩ་ཆེན་པོ་ཡིན་པ་དེ་ལྟར་ཡང་། བོད་མིའི་གྲངས་འབོར་ནི་ས་ཡ་དྲུག་ལས་མེད་པའི་ཁར། རང་ཡུལ་དུ་རྒྱ་དམར་གྱི་བཙན་འོག་སྐྱེ་སྒོ་བཀག་པའི་ངན་བྱུས་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་སོ་སོའི་མི་ཚེའི་མདུན་ལམ་དང་སྤྱི་ཚོགས་ཀྱི་ལས་འགན་ནང་མགོ་ཐིམ་པ། དེང་རབས་ཀྱི་དར་སྲོལ་ཆང་ས་ཕྱི་པོར་བརྒྱབ་པ། དཔལ་འབྱོར་གྱི་རྒྱབ་རྟེན་ཤུགས་ཆེན་མེད་པ་སོགས་རྒྱུ་མཚན་ཅི་རིགས་རྐྱེན་པས་ཕྲུ་གུ་མ་སྐྱེས་པ། སྐྱེས་ཀྱང་གཅིག་གཉིས་ལས་མ་སྐྱེས་པ། མདོ་དོན་བོད་མི་རིགས་ཀྱི་གྲངས་འབོར་ཉུང་བའི་ཁར་ཉུང་དུ་འགྲོ་བཞིན་པ་འདི་ནི། བོད་མི་རིགས་ཀྱི་འབྱུང་འགྱུར་དཀའ་ངལ་ཆེན་པོ་ཞིག་ཆགས་རྒྱུར་ཡིད་གཉིས་ཐེ་ཚོམ་མེད། སྤྱིར་ཕྲུ་གུ་བཙའ་དགོས་ཡོད་མེད་དོ་བདག་བུད་མེད་རང་ཉིད་ཀྱི་སྒེར་གྱི་འདམ་ཀ་ཡིན་པར་གུས་བརྩི་ཞུ་གི་ཡོད་ནའང་། རང་ཉིད་སྒེར་ཁོ་ནའི་རང་དབང་ཙམ་མ་ཟད། སོ་སོའི་ལས་དབང་གིས་བོད་མིའི་ལུས་སུ་སྐྱེས་པས་རང་གི་ཐོག་ཏུ་བབས་པའི་མི་རིགས་ཀྱི་འོས་འགན་ཐད་ཀྱང་ཐུགས་བསམ་བཞེས་དགོས་ངེས། གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་ཤིག་ནང་བསྡད་ཡོད་པའི་ཆ་ནས་སྤྱི་ཚོགས་ཀྱི་འགན་ཁུར་བླངས་རྒྱུ་གལ་ཆེན་པོ་ཡིན། ད་ཆ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་རང་ཉིད་སོ་སོར་ཡོད་བཞིན་དུ་མ་གནང་བར་སྣང་མེད་དུ་འཇོག་ན། དུས་ཚོད་ནི་རྟ་བཞིན་རྒྱུགས་ཀྱི་ཡོད་པས་རྗེས་ལུས་ཐེབས་རྒྱུ་ཉག་ཅིག་རེད། དེས་ན་མ་འོངས་ལོ་ ༥༠༌༌༌༦༠ རྗེས་སུ་དཀའ་ངལ་འཕྲད་སྐབས་ཅི་ཞིག་བྱ་བསམ་ངེས་དང་། དེ་ནས་ལོ་ ༡༠༠ ཙམ་རྗེས་སུ་ཨ་ཁ་ཁ་ཟེར་ནས་འགྱོད་པ་དྲག་པོ་སྐྱེས་རྒྱུ་ལས་མ་འདས། དེར་བརྟེན། བོད་པའི་བུད་མེད་རྣམས་ཕྱི་ནང་གི་ཤེས་ཡོན་བསླབ་པའི་ཐོག རང་མི་རིགས་ཀྱི་འགན་ཁུར་གྱི་བསམ་པ་ཀུན་ཏུ་བླངས་ཏེ། སྤྱི་བའི་ལས་ཀྱི་སྣེ་མོར་གཏོགས་པའི་བུད་མེད་རྣམས་ནས་ཕྲུ་གུ་ ༢ ནས་ ༣ བར་དང་། སྒེར་བདག་ཁེ་ལས་པ་དང་ནང་གི་ཨ་མ་རྣམས་ནས་ཕྲུ་གུ་ ༣ ནས་ ༥ བར་ངེས་པར་དུ་སྐྱེ་རོགས་གནང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་མཐུན་འགྱུར་རོགས་མགོན་གང་དགོས་རིམ་བཞིན་ངེས་པར་གནང་གི་རེད། བྱམས་དང་བརྩེ་བའི་ཡོན་ཏན་ཐོག སེམས་ཅན་ཡོངས་ཀྱིས་རྩ་ཆེར་རྩིས་པའི་ཨ་མ་ཆགས་ཐུབ་པའི་ནུས་པ་བུད་མེད་ལ་མ་གཏོགས་མེད་པས་དེ་ལྟར་རིན་ཐང་ཆེན་པོར་རྩིས་ཏེ་དགོངས་པ་བཞེས་རོགས།

དེང་གི་ཆར་བུད་མེད་ནུས་སྟོབས་གོང་སྤེལ་གྱི་འབོད་སྒྲ་ཤུགས་ཆེ་སྒྲོག་བཞིན་པའི་སྐབས་དང་། ནུས་སྟོབས་གོང་ནས་གོང་དུ་སྤེལ་བའི་རྒྱུད་རིམ་ནང་སོ་སོའི་མི་རིགས་ཀྱི་ཕུགས་ལ་ཕན་པའི་ཕྲུ་གུ་བཙའ་རྒྱུའི་ནུས་སྟོབས་བློས་གཏང་མ་གནང་རོགས། ཕྱོགས་མཚུངས། རབ་བྱུང་ངུར་སྨྲིག་གི་སྡེའི་ཁྲོད་དུའང་། ཆོས་མགོ་ཐོན་པ་ཞིག་ཡོང་གི་མི་འདུག་སྙམ་ན་མི་རིགས་ལ་ཞལ་འདེབས་སྐྱོན་པ་གནང་རོགས། གང་ཟག་ཕལ་པ་ཞིག་གིས་ཁ་ཆེན་པོ་ཤོར་སོང་བར་དགོངས་སེལ་ཞུ། འདི་ནས་ཞུ་ཕྱོགས་འགྲིགས་མེད་ནའང་དེ་ནས་གསན་ཕྱོགས་མ་ནོར་བ་གནང་རོགས། དོན་གྱི་སྙིང་པོར། དུས་རབས་ཉེར་གཅིག་པའི་བོད་པའི་བུད་མེད་ཚོ། རང་ཆས་སུ་ཡོད་པའི་བྱམས་དང་བརྩེ་བའི་ཡོན་ཏན་ཐོག ཤེས་བྱ་ཡོན་ཏན་བསླབ་ནས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གནང་སྟེ་འཛམ་གླིང་ནང་ཞི་བདེ་བསྐྲུན་པར་འབད་འབུངས་གནང་རྒྱུ་དང་། ཆབས་ཅིག་བོད་མི་རིགས་ཀྱི་མི་འབོར་འཕེལ་རྒྱས་ལའང་དགོངས་པ་ངེས་པར་བཞེས་དགོས་པའི་ཡོངས་ཁྱབ་འབོད་སྐུལ་དུ།།

 

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༧ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༧ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

མཆན། 2

  1. གངས་ཅན་ཕོ་ཉ། says:
    ལོ་ 9 སྔོན།

    བོད་པའི་བུད་མེད་རྣམས་ནི་བུ་མེད་མ་ཡིན་པ་བུད་མེད་ཁྱད་པ་ཅན། བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པ། ཕོད་པ་རྣམ་གསུམ་གྱི་དེང་དུས་ཀྱི་བུད་མེད་སྙིང་སྟོབས་ཅན་ཞིག་ཤིན་ཏུ་ནི་དགོས་གལ་ཆེ། དེ་ལྟར་ཡོང་བ་ཡིད་ཆེས་ཀྱང་ཡོད། རྒྱབ་སྐྱོར་དང་ཡི་རངས་ཡོད། བྱ་བ་ལེགས་འགྲུབ་ཡོང་བའི་རྟེན་འབྲེལ་དང་སྨོན་ལའ་ཡོད། སད་ཤོག སད་ཤོག བོད་པའི་བུད་མེད་རྣམས། གཉིད་ལས་སད་ཤོག་བོད་པའི་བུད་མེད་རྣམས།

    Reply
  2. བོད་དགའ་ says:
    ལོ་ 9 སྔོན།

    ལགསོ་ལགསོ་།མི་རིགས་ལ་ཞལ་འདེབས་ངེས་ཞུ་།ཞལ་འདེབས་འབུལ་ས་ག་བ་འདུག་གསུངས་གནང་རོགས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese