མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཏྲེ་ཧོར་ཁམས་ཚན་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་དམར་གསོད་གཏོང་མཁན་གྱི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་ཏེ་ཁྲིམས་ཁང་དུ་ཁྲིམས་གཏུག་གནང་རྒྱུ་ཡིན་འདུག

དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།

ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་ནས་ཡིན་པའི་བོད་པའི་དགེ་འདུན་པ་ཞིག་གི་སྐུ་ཕུང་གི་པར་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་ཏེ་འགྲེལ་བཤད་སྣ་ཚོགས་བརྒྱབ་ཡོད་ཀྱང་། སྐབས་དེར་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་ཀྱང་། ས་གནས་ཉེན་རྟོག་པས་གྲྭ་ཚང་ཆེན་པོ་ཞིག་གི་དགེ་འདུན་པ་ཡིན་པའི་ངོས་འཛིན་གྱི་ཐོག་ནས་དོ་ནན་པོ་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་དགེ་འདུན་པ་དེ་གསོད་མཁན་གྱི་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས་ཟིན་པ་དང་། ཁ་སང་ཕྱི་ཚེས་ ༥ ཉིན་མི་གཞན་གཉིས་ཀྱང་འཛིན་བཟུང་བྱས་ཐུབ་པ་དང་སྦྲགས། ཁྱོན་མི་ ༥ ཆ་ཚང་འཛིན་བཟུང་བྱས་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༦ ཉིན་དྷར་ཝ་ཌི་རྫོང་གི་ཉེན་རྟོག་ཁང་གི་སྤྱི་ཁྱབ་ཉེན་རྟོག་པ་དང་། ཉེན་རྟོག་པ་ ༢༥ ཙམ་ཆེད་དུ་ས་གནས་སུ་ཡོང་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གཞིས་མགོ་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་མཛོད། སློབ་གྲྭའི་སློབ་སྤྱི། སྤྱི་མི། བརྒྱ་དཔོན། མཉམ་འབྲེལ་དང་། ས་འཐུས། རང་བདེན་ཚོགས་ཆུང་། བུད་མེད་ལྷན་ཚོགས་སོགས་གནད་ཡོད་མི་སྣ་ཁག་ལ་ཐུག་སྟེ། དེ་འབྲེལ་གནས་ཚུལ་ཆ་ཚང་གསལ་བཤད་གནང་ཡོད་འདུག་ལ། སང་ཉིན་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་ཡིན་འདུག

དེ་ཡང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པའི་ནང་། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ (Karnataka) མངའ་སྡེའི་ནང་ཡོད་པའི་དྷར་ཝ་ཌི་ (Dharwad) གྲོང་ཁྱེར་གྱི་ཉེན་རྟོག་ཁང་གི་སྤྱི་ཁྱབ་ཉེན་རྟོག་པ་གྷུན་ཇན་ (Gunjan Arya) གྱིས། བོད་ཀྱི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་བཙན་འཁྲིད་བྱས་ཏེ་བསད་པའི་ནག་ཉེས་འོག རྒྱ་གར་གྱི་མ་ཧཱ་ར་ཤི་ཊ་ར་ (Maharashtra) མངའ་སྡེའི་ཀོ་ལ་པུར་ (Kolhapur) རྫོང་པན་ཌི་ཝ་རི་གྲོང་གསེབ་ (Pandivare Village) ཏུ་གནས་སྡོད་རང་ལོ་ ༢༤ ཡིན་པའི་སན་ཀེ་ཐི་ (Sanketh Sattappa Yadav) དང་། རང་ལོ་ ༣༠ ཡིན་པའི་ཅཱ་ཝན་ (Vaibhav Maruti Chavan)། རང་ལོ་ ༡༨ ཡིན་པའི་སི་དྷེ་ཤི་ (Siddesh Sunil Bhosle)། དེ་བཞིན་ཉེས་ཅན་པ་གཞན་གཉིས་བཅས་ཁྱོན་ཉེས་ཅན་པ་ལྔ་འཛིན་བཟུང་བྱས་ཡོད་འདུག ཉེ་སྔོན་ཉེན་རྟོག་པས་ཉེས་ཅན་པ་གསུམ་ལ་འདྲི་བརྩད་བྱེད་སྐབས། ཁོ་ཚོས་དངུལ་འཕྲོག་བཅོམ་བྱེད་པར་དམིགས་ཏེ་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་བཙན་འཁྲིད་བྱས་ཡོད་ཀྱང་། དངུལ་འཕྲོག་རྒྱུ་མ་རག་པར་བརྟེན། གཅར་རྡུང་ཐེངས་མང་བཏང་ནས་བསད་ཡོད་པ་དང་། དེ་ནས་ཕུང་པོ་ཧ་ལི་ཡལ་གཞུང་ལམ་གྱི་ཟམ་འོག་ཏུ་གཡུགས་པའི་ནག་ཉེས་ངོས་ལེན་བྱས་ཡོད་པ་མ་ཟད། ས་གནས་ཉེན་རྟོག་པས་མོན་གྷོའི་རླངས་སྣུམ་ས་ཚིགས་ཀྱི་གསང་མིག་བརྙན་ཆས་ནང་ཞིབ་བཤེར་བྱས་ཏེ། དོགས་ཡོད་ཉེས་ཅན་དེ་དག་ངོ་ཐག་ཆོད་དེ་ས་གནས་ཉེན་རྟོག་པའི་དམིགས་བསལ་རུ་ཁག་བརྒྱད་བཏང་ནས་འཛིན་བཟུང་བྱས་ཡོད་སྐོར་སོགས་བརྗོད་འདུག

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་གྱི་མཚན་མོར་རྒྱ་གར་ལྷོ་ཕྱོགས་ཧུབ་ལི་ (Hubli) ནས་དྷར་ཝ་ཌི་ (Dharwad) བར་ཧ་ལི་ཡལ་གཞུང་ལམ་ (Haliyal Road) གྱི་ཟམ་འོག་ནས་དགེ་འདུན་པ་ཁོང་གི་སྐུ་ཕུང་རྙེད་ཡོད་པ་དང་། མཇིང་པ་སོགས་སུ་རྨས་སྐྱོན་མང་པོ་བཟོས་ཡོད་པ་མ་ཟད། རྐང་པ་གཉིས་ཐག་པ་དཀར་པོ་ཞིག་གིས་བསྡམས་འདུག ཉེན་རྟོག་པའི་ཕྱོགས་ནས་བརྗོད་པ་ལྟར་ན། དོགས་ཡོད་ཉེས་ཅན་པ་དེ་དག་གིས་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གཞིས་གྲོང་དང་པོ་ནས་རླངས་འཁོར་ཞིག་གི་ནང་བཙན་འཁྲིད་བྱས་ཏེ། ལམ་བར་ནས་དངུལ་སྤྲོད་དགོས་པའི་བཙན་སྐུལ་བྱེད་སྐབས་ཁོང་ལ་དངུལ་མེད་ཅེས་ཡང་ཡང་བཤད་ཡོད་ནའང་གཅར་རྡུང་དྲག་པོ་བཏང་སྟེ་རླངས་འཁོར་ནང་བསད་ཡོད་པ་དང་། དེ་ནས་སྐུ་ཕུང་ཧ་ལི་ཡལ་གཞུང་ལམ་གྱི་ཟམ་པའི་འོག་ཏུ་གཡུགས་ནས་བྲོས་ཕྱིན་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མོན་གྷོ་འདོད་རྒུ་གླིང་གཞིས་མགོ་རིན་ཆེན་དབང་མོ་ལགས་སུ་གནད་དོན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་མོས། ད་ལྟའི་ཆར་གནད་དོན་དེ་དང་འབྲེལ་ནས་ཉེན་རྟོག་པས་ཞིབ་བཤེར་བྱས་དང་བྱེད་མུས་ཡིན་ལ། ཉེན་རྟོག་པའི་ཞིབ་འཇུག་གྲུབ་འབྲས་འཐོན་རྒྱུ་རེད། ང་ཚོའི་ངོས་ནས་གནད་དོན་དེ་དང་འབྲེལ་ནས་ཞིབ་འཇུག་དང་འདྲི་བརྩད་ཀྱི་གྲུབ་འབྲས་གང་མགྱོགས་མགྱོགས་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

རང་ལོ་ ༣༩ ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་ནི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཡོད་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཏྲེ་ཧོར་ཁམས་ཚན་ནས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese