མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དུས་བབ་དྲ་བའི་མཉེན་ཆས་གསར་པ།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ། བོད་ཀྱི་དུས་བབ་དྲ་བའི་ལག་ཐོག་ཁ་པར་དང་ལག་འཁྱེར་གློག་དེབ་སོགས་ཀྱི་པར་གཞི་གསར་པའི་མཉེན་ཆས་བཏང་ཡོད་པ་དང་། མཉེན་ཆས་འདི་མ་འོངས་པའི་ཉིན་གྲངས་ ༡༠༠ རིང་རིན་མེད་ཕབ་ལེན་བྱེད་ཆོག

བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་(tibettimes APP)འདི་ཁྱོད་ཀྱི་ལག་ཐོག་ཁ་པར་(Mobile)དང་། ལག་འཁྱེར་གློག་དེབ་(ipad)སོགས་ཀུ་ཤུ་(IOS)རྟགས་ཅན་ཡིན་ན་(app store)དང་། ཨན་ཌོར་ཌི་(Android)རྟགས་ཅན་ཡིན་ན་(Play Store)ནས་ཕབ་ལེན་བྱེད་ཐུབ་པ་མ་ཟད། དེ་གཉིས་ཀྱི་བེད་སྤྱོད་དང་ཇུས་འགོད་སོགས་ཀྱང་གཅིག་གྱུར་ཡིན།

རིམ་སྤར་(Upgrade)ཞེས་པའི་མིང་ཚིག་འདི་དེ་རིང་གི་བརྡ་འཕྲིན་སྤྱིའི་འཕེལ་ཕྱོགས་ཤིག་ཆགས་ཡོད་པ་ལྟར། བོད་ཀྱི་དུས་བབ་མཉེན་ཆས་འདིའང་སྐྱོན་ཀུན་སེལ་ཡོན་ཏན་ཀུན་ལྡན་ཞིག་ཡིན་མི་སྲིད་སྟབས། དུས་ནས་དུས་སུ་སྤུས་ཇེ་དག་དང་སྣ་ཇེ་འཛོམ་དུ་གཏོང་རྒྱུ་ཡིན་པས། ཁྱེད་ཀྱི་ཁ་པར་ནང་གི་བོད་ཀྱི་དུས་བབ་མཉེན་ཆས་ཀྱང་བདུན་ཕྲག་འགའ་རེ་དང་། ཡང་ན་ཟླ་རེའི་མཚམས་སུ་ངེས་པར་དུ་ཁ་གསབ་(Update)དང་། ཡང་ན། རྦད་དེ་ནག་གསུབ་(Delet)བཏང་སྟེ་བསྐྱར་དུ་ཕབ་ལེན་བྱས་ན་ཁྱེད་ལ་དུས་བབ་མཉེན་ཆས་མ་ལག་གསར་ཤོས་དེ་རེག་པ་མ་ཟད། ཆ་རྐྱེན་ཇེ་འཛོམས་དང་འཁོར་རྒྱུག་ཀྱང་ཇེ་མགྱོགས་སུ་འགྲོ་བའི་དགེ་མཚན་ཡོད།

བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་འདི་ནི། རྒྱ་གར་ལྷོ་ཕྱོགས་གྷོ་ཝར་རྟེན་གཞི་བྱེད་པའི་ཀུ་ཤུ་འཆར་འགོད་བཟོ་གྲྭ་དང་། དྷ་རམ་ས་ལའི་བོད་ཀྱི་བརྡ་འཕྲིན་ལས་ཁུངས། བོད་ཀྱི་དུས་བབ་ལས་ཁུངས་བཅས་ཚོགས་པ་གསུམ་མཉམ་འབྲེལ་ཐོག་འདས་པའི་ལོ་ངོ་གཅིག་དང་ཕྱེད་ལྷག་རིང་བཟོས་ཤིང་། མཉེན་ཆས་འདི་ནི་(NDK)ཞེས་པའི་དཔར་གཞི་དང་ (SDK) ཞེས་པའི་དཔར་གཞི་གཉིས་ཀྱི་རྨང་གཞིའི་ཐོག་ཀུ་ཤུ་(apple)དང་གྷོ་གྷིལ་(Google)གཉིས་གཅིག་གྱུར་དུ་བཟོས་པའི་བོད་ཡིག་ཁ་པར་བརྒྱུད་ཁུངས་མཉེན་ཆས་ཐོག་མ་དེ་ཆགས་ཡོད།


༼   བོད་ཀྱི་དུས་བབ་མཉེན་ཆས་གསར་པ་བེད་སྤྱོད་གཏོང་ཕྱོགས། ༽

(1.) བོད་ཀྱི་དུས་བབ་དྲ་བའི་འཆར་ངོས། བོད་ཀྱི་དུས་བབ་དྲ་ཚིགས་ཨ་མ་དང་། ཐེངས་འདིར་གསར་དུ་སྒོ་འབྱེད་བྱས་པའི་མཉེན་ཆས་(App)གང་ཡིན་རུང་། ཁྱོད་ཀྱི་གློག་ཀླད་དང་ཁ་པར་སོགས་ནང་བོད་ཡིག་མེད་ཀྱང་བདེ་བླག་ཏུ་འཆར་ཐུབ་པའི་ཁྱད་ཆོས་ཡོད།

(2.) བོད་ཀྱི་དུས་བབ་མཉེན་ཆས་ཕབ་ལེན། ཁྱོད་ཀྱི་ལག་ཐོག་ཁ་པར་དང་ལག་འཁྱེར་ཀློག་དེབ་ཀུ་ཤུ་(IOS)རྟགས་ཅན་ཡིན་ན་(app store)དང་། ཨན་ཌོར་ཌི་(Android)རྟགས་ཅན་ཡིན་ན་(Play Store)ནས་ཕབ་ལེན་བྱེད་དགོས།

(3.) བོད་ཀྱི་དུས་བབ་འཚོལ་བཤེར། ཁྱོད་ཀྱིས་བོད་ཀྱི་དུས་བབ་མཉེན་ཆས་ཕབ་ལེན་བྱེད་པར། ཁྱོད་ཀྱི་ཁ་པ་ཀུ་ཤུ་ཡིན་ན་(app store)ནང་བོད་ཡིག་ཐོག་ ‘བོད་ཀྱི་དུས་བབ།’ དང་། ཡང་ན་དབྱིན་ཡིག་ནང་ tibettimes ཞེས་བཏགས་ཏེ་འཚོལ་དགོས་པ་དང་། ཁྱོད་ཀྱི་ཁ་པར་ཨན་ཌོར་ཌི་ཡིན་ན་(Play Store)ནང་དབྱིན་ཡིག་ཐོག་ tibettimes ཞེས་བཏགས་ན་རྙེད་ཐུབ།

(4.) བོད་ཀྱི་དུས་བབ་མཉེན་ཆས། བོད་ཀྱི་དུས་བབ་མཉེན་ཆས་གསར་པ་འདི་བེད་སྤྱོད་གཏོང་བར། ཁྱོད་ཀྱི་ལག་ཐོག་ཁ་པར་དང་ལག་འཁྱེར་གློག་དེབ་སོགས་ཐོན་རིམ་(Verion)གསར་བའི་རིགས་ཡིན་དགོས་པ་མ་ཟད། ཁོག་པའི་ཤོང་ཚད་ཀྱང་གང་འཚམ་ཆེན་པོ་ཡོད་པ་དང་། མ་ཐར་སྟོང་ཆ་(MP 50)ལས་མ་ཉུང་བ་ཡོད་དགོས།

(5.) བོད་ཀྱི་དུས་བབ་སྟེང་མཆན་འགོད་སྟངས། ཁྱོད་ཀྱིས་བོད་ཀྱི་དུས་བབ་སྟེང་མཆན་དང་བསམ་ཚུལ་སོགས་འགོད་ཚེ། བོད་ཀྱི་དུས་བབ་ལ་སྔར་དེབ་སྐྱེལ་བྱས་མེད་ན་གསར་དུ་དེབ་སྐྱེལ་བྱེད་དགོས་པ་དང་། སྔར་དེབ་སྐྱེལ་བྱས་ཡོད་ན་ནང་འཛུལ་ནང་ཕྱིན་ཏེ་ཐོ་མིང་དང་གསང་ཚིག་མ་ནོར་བར་བཏགས་རྗེས་མཆན་འགོད་ཐུབ།

(6.) ནང་འཛུལ་བྱེད་སྟངས། ཁྱོད་ཀྱི་ཁ་པར་ནང་གློག་འཕྲིན་དང་ངོ་དེབ་སོགས་བེད་སྤྱོད་གཏོང་གི་ཡོད་ཚེ། དུས་བབ་ཁ་པར་མཉེན་ཆས་སྟེང་གི་ནང་འཛུལ་ནང་ཕྱིན་ན། ངོ་དེབ་ (Facebook)ཀྱི་རྟགས་ཤིག་དང་། གློག་འཕྲིན་ (Gmail)གྱི་རྟགས་ཤིག་ཡོད་པ་དེ་གཉིས་གང་གི་སྟེང་གནན་ན་ནང་འཛུལ་བྱེད་ཐུབ།

(7.) དེབ་སྐྱེལ་བྱེད་སྟངས། ཁྱོད་ཀྱིས་དེབ་སྐྱེལ་གསར་དུ་བྱེད་པར་དུས་བབ་ཁ་པར་མཉེན་ཆས་མདུན་ངོས་སྒང་གི་གཡོན་ཟུར་གྱི་ནང་འཛུལ་ཞེས་པར་ཕྱིན་ཞིང་། དེའི་འོག་གི་གཡོན་ཟུར་དུ་ ‘དེབ་སྐྱེལ’ ཞེས་པ་ཞིག་ཡོད་པ་དེ་གནན་ཏེ། མིང་དང་། གློག་འཕྲིན། ཐོ་མིང་སོགས་རེ་རེ་བཞིན་བསྐོངས་ཏེ་འོག་གི་དེབ་སྐྱེལ་ཞེས་པར་མནན་རྗེས། སོ་སོའི་གློག་འཕྲིན་ནང་ཕྱིན་ན་ཁྱོད་ལ་བོད་ཀྱི་དུས་བབ་ཀྱིས་གློག་འཕྲིན་ཞིག་འབྱོར་ཡོད་པའི་ནང་གི་འབྲེལ་ཐག་སྒང་མ་དེར་མནན་ཏེ་གསང་ཚིག་བཟོ་དགོས། གསང་ཚིག་གསར་པ་ཡར་འཇུག་བྱས་རྗེས་བསྐྱར་དུ་ནང་འཛུལ་ནང་ཕྱིན་ཏེ་གློག་འཕྲིན་དང་གསང་ཚིག་གཉིས་མ་ནོར་བར་བཏགས་ཏེ་ནང་འཛུལ་བྱེད་དགོས།

(8.) ཐོ་མིང་དང་གསང་ཚིག བོད་ཀྱི་དུས་བབ་དྲ་ཚིགས་ཨ་མའི་ནང་དེབ་སྐྱེལ་བྱས་པ་དང་དུས་བབ་ཁ་པར་མཉེན་ཆས་ནང་དེབ་སྐྱེལ་བྱས་པ་གཅིག་པ་ཡིན་ཞིང་། དེ་གཉིས་ཕན་ཚུན་གཅིག་གྱུར་དུ་བེད་སྤྱོད་གཏོང་ཐུབ། དྲ་ཚིགས་ཨ་མའི་སྟེང་དེབ་སྐྱེལ་བྱས་པའི་ཐོ་མིང་དང་གསང་ཚིག་དུས་བབ་མཉེན་ཆས་ནང་བེད་སྤྱོད་གཏོང་ཐུབ་ལ། དུས་བབ་ཁ་པར་མཉེན་ཆས་སྟེང་དེབ་སྐྱེལ་བྱས་པའི་ཐོ་མིང་དང་གསང་ཚིག་དུས་བབ་དྲ་ཚིགས་ཨ་མའི་ནང་དུའང་བེད་སྤྱོད་གཏོང་ཐུབ། (དུས་བབ་མཉེན་ཆས་ནང་གློག་འཕྲིན་དང་གསང་ཚིགས་གཉིས་བེད་སྤྱོད་བཏང་སྟེ་ནང་འཛུལ་བྱེད་དགོས་ལ། དུས་བབ་དྲ་ཚིགས་ཨ་མའི་སྟེང་གློག་འཕྲིན་དང་ཐོ་མིང་གང་རུང་དང་། འོག་ཏུ་གསང་ཚིག་བེད་སྤྱོད་བཏང་སྟེ་ནང་འཛུལ་བྱེད་དགོས།)

(9.) གསང་ཚིག་བརྗེད་པ། གལ་སྲིད་ཁྱོད་ཀྱིས་སྔོན་ཆད་དེབ་སྐྱེལ་བྱས་པའི་གསང་ཚིག་བརྗེད་པ་ཡིན་ན། དུས་བབ་མཉེན་ཆས་ཀྱི་ནང་འཛུལ་ནང་གི་ཁ་སྐོང་འོག་ཏུ་ ‘གསང་ཚིག་བརྗེད་ན་འདིར་གནོན།’ཞེས་པ་ཞིག་ཡོད་པ་དེ་བརྒྱུད་ནས་ཁྱོད་ཀྱིས་དེ་སྔ་དུས་བབ་ནང་བེད་སྤྱོད་བཏང་ཡོད་པའི་གློག་འཕྲིན་དེ་ཁ་སྐོང་ནང་བཏགས་ཏེ་གསང་ཚིག་བསྐྱར་གསོ་བྱེད་དགོས།

(10.) མིང་བརྗེ་བོ་རྒྱག་པ། ཁྱོད་རང་ནང་འཛུལ་བྱས་རྗེས། ‘ནང་འཛུལ་བྱེད་ས་དེར་ཁྱོད་ཀྱི་མིང་བོད་ཡིག་དང་དབྱིན་ཡིག་གང་རུང་ཐོག་འཆར་ཡོད། ཁྱོད་ཀྱིས་མིང་དེ་བརྗེ་བོ་རྒྱག་འདོད་ན། མིང་དེའི་སྟེང་གནན་ན་བརྗེ་བོ་རྒྱག་ཐུབ། རྗེས་མ་མིང་བསྐྱར་དུ་བརྗེ་བོ་རྒྱག་པར་ཡང་གོང་ལྟར་མིང་དེའི་སྟེང་གནན་ན་བརྗེ་བོ་རྒྱག་ཐུབ།

བོད་ཀྱི་དུས་བབ་མཉེན་ཆས་བེད་སྤྱོད་གནང་མཁན་རྣམ་པའི་དཀའ་ངལ་དང་དོགས་འདྲི་ལ་དུས་ནས་དུས་སུ་ལམ་སྟོན་གསལ་བཤད་ཞུ་བཞིན་ཡོད།
མཐའ་མའི་ཁ་སྣོན་ ༢༠༡༧།༧།༡༥

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 88

  1. བློ་བཟང་གྲགས་པ། says:
    ལོ་ 8 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་བྲང་ལ་རྒྱུ་ཤུགས་དང་མི་ཤུགས་ཡོད་པ་མ་གཏོགས། བོད་ཀྱི་དུས་བབ་ལྟ་བུའི་སེམས་ཤུགས་དང་། ཀླད་ཤུགས་མེད་སྟབས་འདི་ལྟ་བུའི་མཉེན་ཆས་སྤུས་དག་མོ་ཚད་དང་ལྡན་པ་ཞིག་བཟོ་ཐུབ་པ་མ་རེད།

    Reply
  2. ལྷ་སྲས། says:
    ལོ་ 8 སྔོན།

    འདི་ནི་བོད་ཀྱི་དུས་བབ་ཀྱི་ཐོད་བརྒལ་ཆེན་པོ་ཞིག་རེད།
    དབུས་བོད་མིའི་སྒྲིག་འཛུགས་དང་དགའ་ལྡན་ཕོ་གྲངས་སོགས་ཀྱིས་འདི་ལྟ་བུའི་མཉེན་ཆས་ཤིག་ཅི་ཕྱིར་བཟོ་མ་ཐུབ་པ་རེད།

    Reply
  3. རྒོད་ཚང་བ། says:
    ལོ་ 8 སྔོན།

    རྡ་ར་ས་ལ་ན་བོད་པའི་སྐད་ཡིག་དང་འཐབ་རྩོད་ཐོག་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོག་ཆེན་པོ་སྒྲུབ་དང་བསྒྲུབས་བཞིན་བཞིན་ཡོད་པ་ནི་བོད་ཀྱི་དུས་བབ་ལས་ལྷག་སུ་ཡང་མེད་པ་ཁས་མི་ལེན་རང་ལེན་ཡིན།

    Reply
  4. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    ཧ་ཅང་ཡག་པོ་རེད་བསྔགས་བརྗོད་ཡོད།

    དུས་བབ་ཚང་གི་མཉེན་ཆས་ཉིན་བརྒྱ་རྗེས་མངགས་ཉོ་བྱེད་དགོས་ཟེར་བ་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་འདུག གང་ཡིན་ཟེར་ན།ནེའུ་ལོག་དུས་བབ་ཡིན་ན་མཉེན་ཆས་ཕབ་ལེན་རིན་མེད་རེད། ཀློག་ཀླད་དང་ཁ་པར་གཅིག་ནང་ནས་གསར་འགྱུར་དང་རྩོམ་ཡིག་བཅུ་ལས་བཀླགས་རྗེས་མངགས་ཉོ་དགོས་ཀྱི་ཡོད། བྷེ་བྷེ་སེ་དང་སེ་ཨན་ཨན་གསར་ཁང་གི་མཉེན་ཆས་ཕབ་ལེན་དང་ལྟ་ཀློག་རིན་མེད་རེད།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ སྲས་སྐུ་ངོ་་་ལགས།
      བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པའི་ཉིན་གྲངས་བརྒྱའི་རྗེས་སུ་རིན་སྤྲོད་དགོས་པ་དེ་བོད་ནང་ནས་མང་པོ་ཞིག་གིས་བོད་ཀྱི་དུས་བབ་ལ་ལྟ་ཀློག་བྱེད་ཐུབ་པའི་ཐབས་ལམ་ཞིག་རེད། འགྲེལ་བཤད་རྒྱས་པ་མ་དགོས་པ་བྱོས། ང་ཚོས་ངོས་ནས་ཀྱང་ལམ་ཁ་གཞན་ཞིག་བཙལ་ཏེ་རིན་པ་སྤྲོད་མ་དགོས་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད།

      Reply
  5. ཡོན་ཏན། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ནི་གངས་སྐྱིད་ཀྱི་ཆ་འཇོག་བྱེད་སའི་གསར་ཤོག་གཅིག་པོ་དེ་ཡིན།

    Reply
  6. སྲས་སྐུ་ངོ་། says:
    ལོ་ 8 སྔོན།

    དགའ་བསུ་གྲངས་མེད་ཡོད་། བསྔགས་བརྗོད་ཡོད།

    རྒྱལ་སྤྱིའི་གསར་ཁང་ཁག་གི་མཉེན་ཆས་ཚང་མ་རིན་མེད་རེད། ནེའུ་ཡོག་དུས་བབ་ཚང་ཡིན་ན་ཟླ་རེའི་ནང་ཁ་པར་དང་གློག་ཀླད་གཅིག་ནང་དུ་རྩོམ་ཡིག་དང་གསར་འགྱུར་བཅུ་ལས་ཀློག་ཐུབ་ཀྱི་མེད། དེ་ལས་བརྒལ་ན་གང་ཡང་ཀློག་མི་ཐུབ་པར་ཟླ་རེ་དང་ལོ་རེ་མངགས་ཉོ་དགོས་ཀྱི་ཡོད། དུས་བབ་ཚང་གི་མཉེན་ཆས་ཉིན་གྲངས་བརྒྱ་རྗེས་ཉོ་དགོས་པ་ཟེར་ན་ང་ནི་ཡ་མཚན་བྱུང་། ཡ་ཡ་ཡ།

    Reply
  7. ལ་སྟོད་ཤེལ་དཀར། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཀྱིས་མཉེན་ཆས་གསར་པ་བཟོས་ཏེ་ཁ་པར་ལས་དུས་བབ་ལ་ལྟ་ཀློག་ཐུབ་པ་དང་མཆན་སོགས་འགོད་ཐུབ་པའི་ལམ་ཁ་བཟོས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། སྔོན་ཆད་བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་ཚོས་རྩོམ་ཡིག་འབྲི་བ་དང་ཞབས་མཆན་འདྲ་མི་འདྲ་འཁོད་པ་སོགས་བྱས་ན་དྲིལ་བསྒྲགས་འོག་གི་ཊི་སི་ཨར་སི་ལས་ཁུངས་ཀྱིས་རྟོག་ཞིབ་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། སྔོན་ཆད་ལས་བྱེད་ཁ་ཤས་ལ་བཀའ་ཤག་གིས་ཉེས་ཆད་བཏང་བའང་བྱུང་ཡོད་པ་རེད། ད་ལྟ་བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་འདི་བརྒྱུད་ནས་སོ་སོ་སྒེར་གྱི་དྲ་ལམ་བེད་སྤྱོད་བཏང་སྟེ་ཁ་པར་ལས་ཞབས་མཆན་བཀོད་པ་ཡིན་ན་ཊི་སི་ཨར་སི་ཡི་ལྕགས་རྭའི་ཕྱི་རོལ་དུ་ཡོད་སྟབས་མི་དེ་ངོ་རྟགས་ཆོད་ཐབས་ཡོད་མ་རེད་ལ། བཀའ་ཤག་ལའང་ཐབས་ཤེས་གང་ཡང་ཡོད་མ་རེད།
    གཞུང་ཞབས་སྲི་ཞུ་ལས་བྱེད་དཀྱུས་མ་ཞིག་གི་སེམས་གཏམ་ཡིན།

    Reply
  8. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    དུས་བབ་ཚང་གི་དུས་མཐུན་གཉེན་ཆས་སྤེལ་།
    སྐད་འཕྲིན་ནང་དུ་ཕབ་ལེན་ཐུབ་ན་ཡང་།
    དངོས་སུ་མ་གསལ་ཐབས་ཤེས་རྫོགས་པ་འདི་།
    ཕལ་ཆེར་ང་ཡིས་སྐད་འཕྲིན་ཁོ་ནའི་རྐྱོན་།
    ཧཧཧ

    Reply
  9. བསོད་ནམས་རྡོ་རྗེ།། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་དང་ནང་གི་སྐྱེས་དམན་གཉིས་ང་ལ་ཆེས་མེད་དུ་མ་རུང་བ་གཉིས་ཡིན། བོད་ཀྱི་དུས་བབ་ཀྱི་ཡར་རྒྱས་འདི་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་ཀྱི་དུས་བབ་ཀྱི་གསར་འགྱུར་རྣམས་ཀྱི་ཚིག་སྦྱོར་དང་དོན་དག་ཁ་གསལ་གོ་བདེ་བ་སོགས་ནི་གཞན་དང་མ་འདྲ་བ་ཞིག་རེད་འདུག་པས་བོད་ཀྱི་དུས་བབ་མདུན་ནས་མདུན་དུ་སྐྱོད་པར་ཤོག

    Reply
  10. རིག་འཛིན། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། སྤྱི་ཚོགས་ནང་གི་ང་རྒྱལ་ཕྲག་དོག་འགྲན་སེམས་སོགས་ལས་རྣམ་པར་རྒྱལ་ཏེ་དུས་ནས་དུས་སུ་མདུན་སྐྱོད་གནང་བཞིན་པར་ཡིད་རངས་བསྔགས་བརྗོད་གྲངས་མེད་ཞུ། བོད་ཀྱི་དུས་བབ་ན་བོད་པའི་འཐབ་རྩོད་ཀྱི་དཔུང་རོགས་དམག་དཔོན་དང་། བོད་པའི་སྐད་ཡིག་རྒྱུན་འཛིན་བྱེད་མཁན་གྱི་སློབ་དཔོན་དམ་པ་ཡིན།

    Reply
  11. tenzindorjeegoogle says:
    ལོ་ 8 སྔོན།

    ངའི་ཀུ་ཤའི་ཁ་པར་དང་ཟོ་ནི་ཁ་པར་གཉིས་ཀའི་མཉམ་དུ་དཀའ་ངལ་མི་འདུག འོན་ཀྱང་ ཨའེ་ཕད་ནང་ལ་ཡིད་གི་མི་འདུག

    Reply
  12. ཚེ་རིང་གཡང་འཛོམས། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་ཏེ། ཁྱེད་ཅག་གི་བྱ་བ་ལམ་འགྲོ་དང་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་ལམ་འདེབས། བཙན་བྱོལ་སྤྱི་ཚོགས་ནང་གསར་འགྱུར་ལས་ཁུངས་ཡིན་ཟེར་མཁན་མང་ནའང་བོད་ཀྱི་དུས་བབ་ལ་འགྲན་མཁན་སུ་ཡང་མི་འདུག བོད་ཀྱི་དུས་བབ་ནི་ང་རང་གི་ཉིན་མོའི་ཟས་དང་མཚན་མོའི་ཉིད་ཡིན། བོད་རྒྱལ་ལོ། བོད་ཀྱི་དུས་བབ་རྒྱལ་ལོ།

    Reply
  13. བསྟན་འཛིན་གཏེར་མཛོད། says:
    ལོ་ 8 སྔོན།

    ངའི་ཨན་ཌོར་ཌི་(Android)རྟགས་ཅན་ཡིན་པས། (Play Store)ནས་ཕབ་ལེན་བྱས་པར་ཕབ་ཐུབ་སོང་ཡང་། མཉེན་ཆས་ཁ་འབྱེད་ཐུབ་ཀྱི་མི་འདུག བསུབ་ནས་བསྐྱར་དུ་ཕབ་ལེན་བྱས་ཀྱང་། ཁ་འབྱེད་ཐུབ་ཀྱི་མི་འདུག་པས། ཁ་འབྱེད་ཐུབ་ཐབས་ལམ་མཁྱེན་རྟོགས་ཡོད་ན་ལམ་སྟོན་གནང་རོགས།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་་བསྟན་འཛིན་གཏེར་མཛོད་་་ལགས། ཐོག་མ་སྐུ་ཉིད་ཀྱི་ཁ་པར་རྟགས་གང་ཅན་ཡིན་པ་དང་། རྟགས་དེ་རིགས་ནང་གི་འཐོན་རིམ་གང་ཅན་ཡིན་པ་གསལ་བཤད་ཅིག་གནང་རོགས།
      སྤྱིར་བོད་ཀྱི་དུས་བབ་མཉེན་ཆས་གསར་པ་འདི་ཀུ་ཤུ་རྟགས་ཅན་དང་ཨན་ཌོར་ཌི་རྟགས་ཅན་གཉིས་ཁྱད་མེད་དུ་ཕབ་ལེན་བྱེད་ཐུབ་པ་མ་ཟད་བཀོལ་སྤྱོད་ཀྱང་གཅིག་མཚུངས་རེད། ཁྱོད་ཀྱི་ཁ་པར་འཐོན་སྔ་ཤོས་རྙིང་པའི་རིགས་དང་། ཡང་ན། ཁྱོད་ཀྱི་ཁ་པར་ནང་ས་སྟོང་ཉུང་དྲགས་པ་སོགས་ཀྱི་གནས་ཚུལ་ཡོད་ན་ཕབ་ལེན་བྱས་རྗེས་ཁ་འབྱེད་ཐུབ་པ་མ་རེད། འདི་དུས་བབ་ཀྱི་མཉེན་ཆས་ཙམ་མིན་པར། དེང་གི་འཐོན་རིམ་གསར་བའི་མཉེན་ཆས་ཚང་མ་གཅིག་པ་རེད། དེར་བརྟེན། ཁྱོད་ཀྱིས་དང་པོ་ཁ་པར་གྱི་ཁོག་པ་ཇེ་ཡང་དུ་བཏང་སྟེ་ཚོད་ལྟ་བྱེད་པ་དང་། ཡང་ན། ཁ་པར་དང་ཁ་པར་གྱི་བརྒྱུད་ཁུངས་སྣོན་འཇུག་བྱེད་དགོས།

      Reply
      • བསྟན་འཛིན་གཏེར་མཛོད། says:
        ལོ་ 8 སྔོན།

        བོད་ཀྱི་དུས་བབ་རྩོམ་སྒྲིགས་ལགས། བཀའ་ལན་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ངའི་ཁ་པར་ཨན་ཌོར་ཌི་(Android)རྟགས་ཅན་ཡིན། (Play Store)ནས་ཕབ་ལེན་བྱས་ཕབ་ལེན་བྱས་ཐུབ་སོང་། འོན་ཏེ་མཉེན་ཆས་ཁ་འབྱེད་སྐབས་ཁ་ཕྱེ་ཐུབ་ཀྱི་མི་འདུག ཁ་འབྱེད་སྐབས་ཨིན་ཡིག་ཐོག ་unfortunately Tibet Times has stopped ཟེར་བ་ཞིག་ཐོན་ཡོང་གི་འདུག

        Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ བསྟན་འཛིན་གཏེར་མཛོད་ ལགས།
      འདི་ནས་སྐུ་ཉིད་ལ་དྲི་བ་གཙོ་བོ་ཁྱེད་རང་གི་ཁ་པར་བཟོ་གྲྭ་འམ་ལས་རྟགས་གང་ཡིན་འདྲི་བཞིན་ཡོད། ཨན་ཌོར་ཌི་(Android)དང་ཨ་འོ་ཨེ་སི་(IOS)ཟེར་བ་འདི་གཉིས་མཉེན་ཆས་བརྒྱུད་ཁུངས་ཤིག་ཡིན་པ་ལས་ཁ་པར་གྱི་བཟོ་གྲྭ་མ་རེད།

      Reply
      • བསྟན་འཛིན་གཏེར་མཛོད། says:
        ལོ་ 8 སྔོན།

        བཟོ་གྲ་samsung རེད་ལགས།

        Reply
  14. བསྟན་འཛིན་གཏེར་མཛོད། says:
    ལོ་ 8 སྔོན།

    ངས་བོད་ཀྱི་དུས་བབ་མཉེན་ཆས་གསར་པ་ཕབ་ལེན་བྱས་པས་ཕབ་ལེན་ཐུབ་སོང་ཡང་། ཁ་འབྱེད་ཐུབ་ཀྱི་མི་འདུག་པས། ཁ་འབྱེད་ཐུབ་ཐབས་མཁྱེན་རྟོགས་ཡོད་ན་ལམ་སྟོན་གནང་རོགས།

    Reply
  15. ཐོས་པ་དགའ། says:
    ལོ་ 8 སྔོན།

    དུས་བབ་ཚང་སྐུ་ཚེ་རིང་། ཡར་རྒྱས་ཀྱི་མདུན་བསྐྱོད་ལ་དགའ་བསུ་དང་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་?།
    བཀའ་འདྲི་ཞུ་རྒྱུར། གཉེན་ཆས་ཕབས་ལེན་བྱས་ཟིན་ཡང་། ཁ་ཕྱེ་ཐུབ་པ་མི་འདུག དེ་ལ་ལམ་སྟོན་ཞིག་གནང་རོགས།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་་་ཐོས་པ་དགའ་་་ལགས། སྐུ་ཉིད་ཀྱི་དཀའ་ངལ་དང་གཅིག་མཚུངས་ཤིག་སྒང་དུའང་འདུག་ན། དེར་གསལ་བཤད་བྱས་ཡོད་པར་གཟིགས་གནང་རོགས།

      Reply
  16. བདེན་པའི་རྒྱབ་སྐྱོར། says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  17. lhanortibet says:
    ལོ་ 8 སྔོན།

    ཨོ་པོ་རྟགས་ཅན་གྱི་ནང་ལ་ཕབ་ལེན་བྱེད་ཐུབ་པ་མི་འདུག

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་་་Lhanor Tibet ་་ལགས།
      ཁ་པར་ཨོ་པོ་ནང་ལ་བོད་ཀྱི་དུས་བབ་མཉེན་ཆས་གསར་པ་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། ཨོ་པོ་ཡའི་བརྒྱུད་ཁུངས་མཉེན་ཆས་ཁག་ཕབ་ལེན་བྱེད་ས་ Play store ཞེས་པ་འདི་རེད། འདིའི་ནང་བོད་ཀྱི་དུས་བབ་མཉེན་ཆས་ཡོད་པ་རེད། རྩ་བའི་ཆ་ནས་ད་སྔ་ཁ་པར་བཟོ་གྲྭ་དང་ལས་རྟགས་གང་ཅན་ཡིན་ཡང་། མཉེན་ཆས་ཁག་ལེན་ས་ཀུ་ཤུ་ཡིན་ན་ App sotore དང་། ཨན་ཌོར་ཌི་ཡིན་ན་Play store ཞེས་པ་འདི་གཉིས་རེད། དེ་གཉིས་ནང་བོད་ཀྱི་དུས་བབ་མཉེན་ཆས་གཅིག་གྱུར་དུ་ཡོད་པ་རེད།

      Reply
  18. གངས་བུ། says:
    ལོ་ 8 སྔོན།

    དུས་བབ་ཚང་ལ་ཐུགས་རྗེ་ཆེ་ཞུ། ལས་དོན་ཧ་ཅང་ཡག་པོ་རེད། ཁ་པར་སམ་སོན་དང་ལག་ཨའེ་ཕེ་ཊི་གཉིས་ནང་དུས་བབ་མཉནེ་ཆས་བདེ་ལེགས་ངང་ཕབ་ལེན་བྱེད་ཐུབ་སོང་། ཇུས་འཇོད་དང་ཡིག་གཟུགས་སོགས་ཧ་ཅང་ཡག་པོ་འདུག

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་་་གངས་བུ་་་་་ལགས།
      རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  19. ཚེ་རིང་ཕུན་ཚོགས། says:
    ལོ་ 8 སྔོན།

    དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་དོགས་འདྲི། ཁ་པར་མཉེན་ཆས་ལས་དུས་བབ་ནང་དེབ་སྐྱེལ་བྱས་རྗེས་མིང་དབྱིན་ཡིག་ནང་སླེབས་འདུག་པ་དེ་བརྗེ་བོ་རྒྱག་ཐུབ་བམ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་་་ཚེ་རིང་ཕུན་ཚོགས་་་ལགས།
      ཁྱེད་རང་བོད་ཀྱི་དུས་བབ་མཉེན་ཆས་གསར་པར་ནང་འཛུལ་ལམ། དེབ་སྐྱེལ་བྱས་རྗེས་ཐོག་མའི་ནང་འཛུལ་བྱེད་ས་དེར་ཁྱོད་ཀྱི་མིང་དབྱིན་ཡིག་གིས་འཆར་ཡོད་ས་དེའི་སྟེང་གནན་ན་མིང་བརྗེ་བོ་རྒྱག་ཐུབ་ཀྱི་ཡོད་པ་རེད།

      Reply
  20. lhanortibet says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་དབུ་ལས་ལྷན་རྒྱས་ལ་རྟེན་འབྲེལ་ཞུ་བ་དང་སྦྲགས། འབྱུང་འགྱུར་ལོ་ཟླའི་ནང་ཁྱེད་དབུ་ལས་ལྷན་རྒྱས་ཀྱི་བྱ་བ་མཐའ་དག་ཡར་ངོ་ཟླ་བཞིན་འཕེལ་བ་དང་། ནད་མེད་ཚེ་རིང་ཡོང་བར་སྨོན།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ Lhanor Tibet ལགས།
      བོད་ཀྱི་དུས་བབ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  21. dukmokyi says:
    ལོ་ 8 སྔོན།

    དུས་བབ་ངའི་སྙིང་སྡུག་ཡིན།

    Reply
  22. བློ་བཟང་། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། ང་རང་གིས་དུས་བབ་མཉེན་ཆས་ཕབ་ལེན་བྱས་ཚར་ཡིན་ཏེ། མཉེན་ཆས་ཀྱི་ཟུར་གྱི་ནང་འཛུལ་ནང་གི་གློག་འཕྲིན་སྟེང་མནན་ཏེ་ནང་འཛུལ་བྱས་ན་ཨིན་ཡིག་གི་མིང་དེ་འཆར་འདུག་པས། ཨིན་ཡིག་གི་མིང་དེ་བོད་ཡིག་ནང་བསྒྱུར་ཐུབ་ཡོད་དམ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ བློ་བཟང་ ལགས།
      ཁྱོད་ཀྱི་དབྱིན་ཡིག་གི་མིང་འཆར་འདུག་ས་དེར་ཡང་བསྐྱར་གནོན་དང་མིང་བརྗེ་བོ་རྒྱག་ས་དེ་འཆར་ཡོང་གི་རེད།

      Reply
  23. gyalyongoogle says:
    ལོ་ 8 སྔོན།

    བཀྲ་ཤིས་བདེ་ལེགས། བོད་ཀྱི་དུས་བབ་མཉེན་ཆས་གསར་པ་སྤུས་ཚད་ལྡན་པ་ཞིག་སྒོ་དབྱེ་གནང་འདུག་པས་དགའ་བསུ་ཡི་འཚམས་འདྲི་ཞུ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་རྒྱལ་ཡོན་ལགས། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  24. བློ་གྲོས་བཟང་པོ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཁྱོད་ཀྱིས་འདས་པའི་ལོ་མང་རིང་དཀའ་བ་ཁྱད་དུ་བསད་ཅིང། གདུང་བ་དང་དུ་བླངས་ཏེ་བོད་ཀྱི་དུས་བབ་འདི་གོམ་སྟབས་རེ་རེ་བཞིན་འདི་ལྟ་བུའི་ཡར་རྒྱས་ཚགས་ཚུད་དུ་བཏང་བ་ནི་བོད་པའི་སྐད་ཡིག་ལ་ཞབས་འདེགས་སྒྲུབ་པ་ཙམ་དུ་མ་ཟད་བོད་པའི་ཆབ་སྲིད་ཐོག་ལ་ཡང་བྱས་རྗེས་བླ་ན་མེད་པ་བཞག་ཡོད། ཕྲན་རང་ནམ་རྒྱུན་གསར་ལམ་ཁག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པས་གསར་འགྱུར་གྱི་རིན་ཐང་དང་སྤུས་ཚད་སོགས་ཕྱོགས་གང་ཐད་ནས་བོད་པའི་གསར་ལམ་ཁག་གི་ཁྲོད་ནས་བོད་ཀྱི་དུས་བབ་ཡག་ཤོས་སུ་མཐོང་སོང་བས་ཁྱེད་དང་ཁྱེད་ཀྱི་ལས་རོགས་ཚོས་མུ་མཐུད་ཕྱག་ལས་ཧུར་བརྩོན་རྒྱུན་མཐུད་གནང་སྐྱོང་ཡོང་བའི་རེ་བ་སྙིང་ནས་ཞུ། ཐུགས་རྗེ་ཆེ། བཀའ་དྲིན་ཆེ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་བློ་གྲོས་བཟང་པོ་ལགས། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  25. tenzin wangmo says:
    ལོ་ 8 སྔོན།

    TibetTimes is my heard light.
    Tibettimes is my day and night.
    Tibettimes is my south and north.
    Tibettimes is my teacher and parents.
    Tibettimes is everything and everywhere.

    Reply
  26. tashitibettseringfb says:
    ལོ་ 8 སྔོན།

    གཉེན་ཆས་ཏག་ཏག་ཡོང་གི ཧ་ལས་པ་ཡག་པོ་འདུག ཐུགས་རྗེ་ཆེ། ཁྱེད་ཚོས་དཀའ་དྲིན་ནམ་ཡང་མི་བརྗེད།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ Tashi Tibet Tseringfb ལགས། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  27. དབང་ཕྱུག says:
    ལོ་ 8 སྔོན།

    འདིར་གཟིགས་དང་བོད་ཀྱི་དུས་བབ་ཀྱི་ལོ་རྒྱུས་ཆ་ཚང་བ་ཞིག་འདུག
    https://tibettimes.net/wordpress/about-us/

    ངོ་མ་སྔགས་བརྗོད་ཞུ་འོས་པ་ཞིག་རེད།

    Reply
  28. tseringlodak says:
    ལོ་ 8 སྔོན།

    test comment

    Reply
  29. བཟོད་པ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཁྱོད་ཀྱི་གམ་དུ་ཡོང་ནས་ཁྱོད་ཀྱི་ཁ་པར་ཀོབ་ཐོ་དེའི་ནང་ལ་བོད་ཀྱི་དུས་བབ་མཉན་ཆས་བླུག་ཐུབ་པ་མ་རེད། ང་རང་ལ་ཁ་པར་སམ་སོན་ཞིག་དང་ཨེ་ཕི་ཊི་ཀུ་ཤུ་རྟགས་ཅན་ཞིག་ཡོད། དེ་གཉིས་ཆ་ནང་བོད་ཀྱི་དུས་བབ་མཉན་ཆས་གསར་པ་ཤར་ཤར་འགྲོ་བཞིན་འདུག ཧ་ཅང་སྤུས་དག་མོ་དང་ངོས་གཙང་མ་འཆར་ཡོང་གི གཞན་པ་གྲོགས་པོ་ཞིག་གི་ལག་ཐོགས་ཁ་པར་ཀུ་ཤུའི་ནང་དུའང་ངས་ཕབ་ལེན་བྱས་ཡིན་ཏེ་ཏག་ཏག་འགྲོ་སོང་། ཉོག་དྲ་མང་པོ་ཞིག་ཤོད་སྡོད་པ་དེ་ས་སོར་ཁ་པར་བེད་སྤྱོད་ཀྱི་ལག་རྩལ་མེད་པ་དང་སོ་སོའི་ཁ་པར་ཀོབ་ཐོ་རྙིང་ཧྲིལ་ཡིན་པས་རེད་མ་གཏོགས་གཞན་མཐོང་མ་སོང་

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་བཟོད་པ་ལགས། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  30. barshaptenzinfb says:
    ལོ་ 8 སྔོན།

    tashi delel.. goog apps

    Reply
  31. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    དུས་བབས་རྩོམ་སྒྲིག་ལགས་ ངའི་སྐད་འཕྲིན་སམ་སུང་ཨེ་ས་ལྔ་པ་རེད་ply store ནས་ཕབ་ལེན་བྱས་ཀྱང་འཐོན་གྱིྈམི་འདུག་ག་འདྲ་ཡིན་ནམ་?

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་གཞུང་པ་ཚེ་དབང་བསོད་ནམས་ལགས།
      དུས་བབ་ཀྱི་མཉེན་ཆས་འདི་སྐད་འཕྲིན་ལ་འབྲེལ་བ་ཡོད་པ་མ་རེད། ཁ་པར་སམ་སུང་དང་སོ་ནི། ཨོ་བྷོ་སོགས་གང་ཡིན་ཡང་(Play Store)ལས་དུས་བབ་མཉེན་ཆས་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།

      Reply
  32. སྒྲོལ་མ་མཚོ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ལགས། ང་རང་གི་ལག་འཁྱེར་ཁ་པར་སམ་སོན་ཞིག་ཡིན། ངའི་གྲོགས་པོའི་ཁ་པར་ཝོ་པོ་རེད། འདི་གཉིས་ལང་བོད་ཀྱི་དུས་བབ་མཉེན་ཆས་ག་བ་ནས་ཕབ་ལེན་བྱེད་དགོས་རེད།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་མཚོ་མོ་ལགས།
      ཁྱོད་ཀྱི་ཁ་པར་སམ་སུང་དང་ཝོ་པོ། ཀུ་ཤུ། སོ་ནི་ག་རེ་ཡིན་ཡང་ཁྱད་པར་ཡོད་པ་མ་རེད། ཁ་པར་གྱི་བཟོ་གྲྭ་དང་ཚོང་རྟགས་གང་ཡིན་ཡང་ཁ་པར་ནང་གི་བརྒྱུད་ཁུངས་མཉེན་ཆས་རྣམས་ཕབ་ལེན་བྱེད་ས་(IOS)དང་། (Andorid) དེ་བཞིན། (Window) གསུམ་ལས་ད་སྔ་ཡོད་པ་མ་རེད། བོད་ཀྱི་དུས་བབ་ཀྱི་མཉེན་ཆས་དེ་(IOS)དང་། (Andorid)འདི་གཉིས་ནང་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད། གཞན། བརྒྱུད་ཁུངས་(Window)ཟེར་བ་དེ་ཉམས་ཆག་ཏུ་ཕྱིན་ཏེ་ད་ལྟ་ཧ་ལམ་སྒོ་བརྒྱབ་ཚར་པ་འདྲ་བོ་རེད།

      Reply
  33. རྣམ་རྒྱལ་རྡོ་རྗེ། says:
    ལོ་ 8 སྔོན།

    དགོངས་སེལ་དང་སྦྲགས། མཆན་འདི་མཉེན་ཆས་ནང་ཚོད་ལྟ་བྱས་པ་ཡིན་པས་དུས་བབ་ནང་སྟོན་རོགས།

    Reply
  34. barshaptenzinfb says:
    ལོ་ 8 སྔོན།

    ཐུགས་རྗེ་ཆེ་གནང་། གསར་ཏོད་འདི་ལ་རྗེས་སུ་ཡིད་རང་ཞུ།

    Reply
  35. བོད་ཀྱི་དུས་བབ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཀློག་པ་པོ་ཡོངས་ལ་ཞུ་རྒྱུར།
    སྤྱིར་བོད་ཀྱི་དུས་བབ་ནི་བོད་ཡིག་རྐྱང་པའི་བརྒྱུད་ལམ་ཞིག་ཡིན་ཡང་། ད་ལྟ་བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་བརྒྱུད་གཏོང་བྱས་མ་ཐག་ཡིན་སྟབས། སྐད་ཡིག་གང་ཡིན་མིན་དང་མིང་སོགས་ཇི་ལྟར་འཁོད་ཡོད་མེད་ལ་མ་ལྟོས་པར། མཉེན་ཆས་གསར་པའི་སྐོར་ལ་དོགས་འདྲི་དང་དཀའ་ངལ་གང་ཡོད། དེ་མིན་གྱི་དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་གང་བསྩལ་ཡང་གནས་སྐབས་རིང་ངོས་ལེན་བྱེད་རྒྱུ་ཡིན།

    Reply
  36. feelsojang says:
    ལོ་ 8 སྔོན།

    ཉེ་ཆར་ཤེས་རིག་ལས་ཁུགས་ནས་བཟོས་པའོ་བྱིས་པའི་འགུལ་བརྙན་དང་། ད་ལྟ་དུས་བབ་ཚང་ནས་བཟོས་པའི་བརྙན་ཆས་འདི་གཉིས་ནི། ཕྲན་གྱིས་ཡུན་རིང་སྔོན་ནས་རེ་སྒུག་བྱས་པའི་ར་བའམ་རྨི་ལམ་ཞིག་ཡིན། ཀུ་ཤུགས་རྟགས་ཅན་ནང་ཕབས་ལེན་བྱེད་མི་ཐུབ་པའི་དཀའ་ངལ་ཞིག་འདི་ན་གླེང་བཞིན་འདུག། དེ་ནི་ཕལ་ཆེར་ iOS གསར་རྙིང་གི་ཁྱད་པར་མིན་ནམ་སྙམ། གཞན་ངའི་གྲོགས་པོ་ཚོའི་ཀུ་ཤུ་རྟགས་ཅན་ཁ་པར་ནང་ཕབ་ལེན་ཐུབ་ཀྱི་འདུག

    Reply
  37. feelsojang says:
    ལོ་ 8 སྔོན།

    ཧ་ཅང་ཡག་པོ་འདུག ད་དུང་ཡར་རྒྱས་གཏོང་དགོས་པ་མང་པོ་འདུག

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་བྱང་ཆུབ་གུ་རུང་ལགས།
      རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  38. ཐོས་པ་དགའ། says:
    ལོ་ 8 སྔོན།

    གཉེན་ཆས་འདི་ཕབ་ལེན་བྱས་ཟིན་ཡང་། ཁ་ཕྱེ་མི་ཐུབ་པ་ཆགས་འདུག དེ་ལ་ཐབས་ཤེས་གང་ཡོད་གསུང་རོགས་གནང་།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ཐོས་པ་དགའ་ལགས།
      རྩ་བའི་དུས་བབ་ཀྱི་མཉེན་ཆས་གསར་པ་འདིའི་བཟོ་སྐྲུན་ཐད་ནས་ཀུ་ཤི་རྟགས་ཅན་དང་ཨན་ཌོར་ཌི་རྟགས་ཅན་གང་ཡིན་ཡང་ཕབ་ལེན་བྱེད་མ་ཐུབ་པའི་དཀའ་ངལ་མེད་ལ། ལག་ཐོག་ཁ་པར་དང་ལག་འཁྱེར་གློག་དེབ་གང་ཡིན་ཡང་ཁ་འབྱེད་མི་ཐུབ་པའི་དཀའ་ངལ་ཡང་མེད་མོད། སྐུ་ཉིད་ཀྱི་དཀའ་ངལ་དེ་ལྟ་བུ་ཞིག་ཁ་སང་ངོ་དེབ་སྟེང་མཆན་འགོད་མཁན་གྲས་སུའང་འདུག་ན། འདི་ནས་དཀའ་ངལ་དེར་ཞིབ་འཇུག་བྱས་ཏེ་གང་མགྱོགས་སེལ་ཐུབ་བྱེད་ངེས་ཡིན།

      Reply
  39. dipsel lhamo says:
    ལོ་ 8 སྔོན།

    Very impressive innovation brought by the Tibet times. Thanks for your great achievement in an era of digital

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་བདེ་བསལ་ལྷ་མོ་ལགས།
      སྤྱིར་བཏང་བོད་ཀྱི་དུས་བབ་ནི་བོད་ཡིག་རྐྱང་པའི་བརྒྱུད་ལམ་ཞིག་ཡིན་ཡང་། བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པའི་ཐད་སྤྱི་ཚོགས་ནང་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་དང་ཀློག་པ་པོ་ཚོར་དགོངས་འཆར་གང་འདྲ་ཡོད་མེད་བསྡུ་བའི་ཆེད་དུ། གནས་སྐབས་རིང་སྐད་ཡིག་གང་ཡིན་མིན་ལ་མ་ལྟོས་པར་ཚང་མ་ངེས་ལེན་ཞུ་རྒྱུ་ཡིན།

      Reply
  40. ragangngodup says:
    ལོ་ 8 སྔོན།

    བཀྲིས་བདེ་ལེགས་གྲངས་མེད་ཞུ། གཉེན་ཆས་ཧ་ལས་པའི་ཡག་པོ་འདུག དགའ་སྤྲོ་ཚད་མེད་སྤྱེས་བྱུང་། ཉིན་གྲངས་༡༠༠སོང་རྗེས་གཉེན་ཆས་ཉོ་དགོས་པ་རེད་དམ། ཐོག་མའི་དམིགས་ཡུལ་དོར་ནས་དཔའ་འབྱོར་འདུ་འགོད་ཕྱོགས་ལ་མ་སོང་ན་ལེགས་

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས། Ragang Ngodup ལགས།
      དུས་བབ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཉིན་གྲངས་ ༡༠༠ རྗེས་སུ་དུས་བབ་མཉེན་ཆས་ཕབ་ལེན་བྱེད་པར་རིན་འབབ་སྤྲོད་དགོས་པ་དེ་དཔལ་འབྱོར་འདུ་འགོད་ཁོ་ནའི་ཆེད་དུ་མིན། བོད་ནང་ནས་དུས་བབ་ཀྱི་མཉེན་ཆས་གསར་པ་འདི་གང་མང་མང་ཕབ་ལེན་བྱེད་ཐུབ་ཆེད། ཀུ་ཤུ་འཆར་འགོད་བཟོ་གྲྭས་གསང་ལམ་དམིགས་བསལ་བ་ཞིག་བརྒྱུད་པའི་ཆེད་དུ་ཡིན་ལགས།

      Reply
  41. ཀུན་བཟང་། says:
    ལོ་ 8 སྔོན།

    ངའི་ iPad ནང་ལ་ཕབ་ལེན་བྱེད་མི་ཐུབ་གི ཅི་མ་འགྲིག་པ་ཡིན་ན། App Store ནང་ལ་ tibettimes གཏག་ནས་བཙལ་ན་ no results for “tibettimes” ཤར་ཡོང་གི་འདུག ད་ག་རེ་བྱེད་དགོས་རེད་ཅིག་གསུང་རོགས་གནང་།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ཀུན་བཟང་ལགས།
      ཁྱོད་ཀྱི་ལག་ཐོག་ཁ་པར་ཀུ་ཤུ་(IOS)རྟགས་ཅན་ཡིན་ན་(app store)ཞེས་པའི་ནང་ལ་བོད་ཡིག་ཐོག་ ‘བོད་ཀྱི་དུས་བབ།’ དང་། དབྱིན་ཡིག་ཐོག་ tibettimes འདི་གཉིས་གང་བཏག་ཀྱང་བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་ཕབ་ལེན་བྱེད་ཐུབ།

      Reply
  42. ཕི་པ་ཚང་བསོད་ནམས། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཀྱི་འཕེལ་རྒྱས་ལ་བ་ཡིད་རངས་བསྔགས་བརྗོད་ཞུ། དེ་དང་མཉམ་དུ་སེམས་འཚབ་ཅིག་ཞུ་རྒྱུ་ནི་དེང་གི་བརྡ་འཕྲིན་ཤུགས་ཆེ་རུ་གཏོང་ཡག་མ་དྲག་ན་དེབ་དང་ཚགས་པར་ཉམ་ཆག་ལ་འགྲོ་ཨ་ཡོང་བསམ་གྱི་འདུག་པས་མཁྱེན་ཡོན་རྣམ་དཔྱོད་དང་བོད་དང་བོད་པའི་རིག་གནས་ལ་ལྷག་བསམ་ལ་ཞེན་ཅན་རྣམ་པ་ཚོས་ཐུགས་བསམ་བཞེས་གིན་བཞེས་མཁན་ཕེབས་དགོས་པ་དུས་ཀྱི་དགོས་མཁོར་མཐོང་སོང་བས་སེམས་ཚོར་ཙམ་ཞུས་པ་ཡིན།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ཕི་པ་ཚང་བསོད་ནམས་ལགས།
      བརྡ་འཕྲིན་ཤུགས་ཆེ་རུ་གཏོང་རྒྱུ་མང་དྲགས་ན་དེབ་དང་ཚགས་པར་གྱི་རིན་ཐང་ཉམས་སྲིད་པ་དེ་དངོས་ཡོད་གནས་ཚུལ་རེད་ལ། འདི་དེང་གི་འཛམ་གླིང་ཧྲིལ་བོས་སྐད་རྒྱག་བཞིན་པའི་གནད་དོན་ཞིག་ཀྱང་ཆགས་ཡོད། འོན་ཀྱང་། ང་ཚོ་དུས་རབས་དང་མཐུན་པར་བསྐྱོད་མ་ཐུབ་ན། དེ་ལས་ཀྱང་རྡོག་རྫིས་ཐེབས་ཏེ་འཆི་ལམ་དུ་འགྲོ་བ་ལས་འོས་མེད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་བོད་ཡིག་བོད་སྐད་ཀྱང་དེང་གི་བརྡ་འཕྲིན་དང་མཐུན་པར་བསྐྱོད་ཐུབ་ན་དགེ་མཚན་ཆེ་བ་ཡོད་སྲིད།

      Reply
  43. ལི་ཐང་བསོད་ནམས། says:
    ལོ་ 8 སྔོན།

    མཉེན་ཆས་ཧ་ཅང་ཡག་པོ་བཟོས་འདུག ཕབ་ལེན་བྱས་ཚར་ཡིན། གསར་འགྱུར་འོག་ཏུ་དཔྱད་མཆན་འགོད་ས་ཡོད་པ་རེད་དམ། ང་རང་གིས་འགོད་ཐུབ་མ་སོང་བས་གསལ་བཤད་ཅིག་གནང་རོགས།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ལི་ཐང་བསོད་ནམས་ལགས།
      དུས་བབ་ཀྱི་ཁ་པར་མཉེན་ཆས་གསར་པའི་ནང་མཆན་འདེབས་ས་ཡོད་པ་རེད། ཁྱོད་ཀྱིས་སྔར་དེབ་སྐྱེལ་བྱས་མེད་ན་གསར་དུ་དེབ་སྐྱེལ་བྱེད་དགོས་པ་དང་། སྔར་དེབ་སྐྱེལ་བྱས་ཡོད་ན་ནང་འཛུལ་བྱས་རྗེས་མཆན་འདེབས་ཐུབ་པ་རེད།

      Reply
  44. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    དེ་སྔོན་དམངས་གཙོ་གསར་ཤོག་ནས་བོད་ཀྱི་དུས་བབས་ལ་ཁ་ཕྱོགས་པ་ནས་བཙན་བྱོལ་སྤྱི་ཚོགས་ནང་དུས་བབས་གསར་ཤོག་གི་འགྲོ་དོན་རྒྱ་ཆེ་ཙམ་འགྲུབ་ཡོད་པའི་ངོས་འཛིན་ཞུ་གི་ཡོད་ཀྱང་ཚན་རིག་དང་འཕྲུལ་རིག་གི་རྗེས་སུ་འབྲངས་ནས་ཧོལ་རྒྱུགས་དང་འཐོམ་རྒྱུགས་མང་པོའི་རྒྱུད་ནས་ཤོག་སྟེང་གསར་ཤོག་གི་རིན་ཐང་ང་ཚོའི་སྤྱི་ཚོགས་ནང་མཐོང་ཆུང་དུ་ཕྱིན་ནས་ནམ་ཞིག་དྲ་ལམ་ལ་མ་བསྟེནཔའི་ཤོག་སྟེང་གི་གསར་ཤོག་ཡོངས་རྫོགས་བལྟ་ཀློག་གི་དུས་ལས་ཡོལ་སྟེ་དྲ་རྒྱའི་དུས་རབས་ནས་སྒེར་གྱི་དཔལ་འབྱོར་འདུ་འགོད་ཙམ་ལས་
    མི་རིགས་རང་ཉིད་ཀྱིས་ཡིག་ཐོག་ཏུ་གསལ་བའི་འབྲི་ཀློག་ལ་ཉམས་ཆགས་ཆེན་པོ་འགྲོ་གི་མ་རེད་དམ་???ཧཧཧ

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་གཞུང་པ་ཚེ་དབང་བསོད་ནམས་ལགས།
      བོད་ཀྱི་དུས་བབ་ལ་སྔགས་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ། ཚན་རིག་འཕྲུལ་རིགས་ཀྱི་རྗེས་སུ་རྒྱུག་དྲགས་ཏེ་ཤོག་སྟེང་གི་གསར་འགྱུར་ཉམ་ཆག་ཏུ་འགྲོ་སྲིད་པར་ཐུགས་འཁྲུལ་གནང་བ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་དེ་ནི་འཛམ་གླིང་སྤྱིའི་དཀའ་ངལ་ཞིག་ཡིན་པ་ལས་བོད་ཀྱི་དུས་བབ་གཅིག་པུའི་དཀའ་ངལ་ཞིག་མ་རེད། དུས་རབས་ཀྱི་འགྱུར་འགྲོས་དེའི་རྗེས་སུ་མ་འབྲང་ཚེ་རྦད་དེ་འཆི་ལམ་དུ་འགྲོ་མི་སྲིད་པའི་ངེས་པའང་མིན་པས། ཕྱོགས་ཆེ་ས་ནས་བསམ་བློ་བཏང་ན་ཤོག་སྟེང་གི་གསར་འགྱུར་རིན་ཐང་ཉམས་སྲིད་ཀྱང་། དུས་རབས་དང་མཐུན་པར་བསྐྱོད་ཐུབ་ན། བོད་པའི་དུས་བབ་ཀྱི་རྩ་བའི་དམིགས་ཡུལ་བོད་པའི་བདེན་དོན་འཐབ་རྩོད་ལ་རམ་འདེགས་དང་། སྐད་ཡིག་རིག་གཞུང་ལ་ཞབས་ཞུ། མི་མང་ལ་གོ་རྟོགས་འབྲེལ་མཐུད་སོགས་ཀྱི་ཐད་ནུས་པ་ཆེ་བ་དང་མགྱོགས་པ། རྒྱུན་གནས་ཐུབ་པ་སོགས་ལ་ཕན་ཐོགས་ཆེ་བ་ཡོད་ཀྱང་སྲིད།

      Reply
  45. མུན་འཇོམས། says:
    ལོ་ 8 སྔོན།

    མཉན་ཆས་གསར་པའི་སྟེང་ལ་ཁ་པར་ལས་མཆན་འདེབས་ཐུབ་པ་རེད་དམ། དེ་ལམ་སྟོན་ཞགི་གནང་རོགས།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་མུན་འཇོམས་ལགས།
      དུས་བབ་མཉེན་ཆས་གསར་པའི་སྟེང་ལ་ཁ་པར་ལས་མཆན་རྒྱག་ཐུབ་ཀྱི་ཡོད་པ་རེད། ཁྱོད་སྐྱེས་སྔར་དེབ་སྐྱེལ་བྱས་ཡོད་ན་ནང་འཛུལ་བྱས་ཏེ་མཆན་རྒྱག་དགོས་པ་དང་། སྔར་དེབ་སྐྱེལ་མེད་ན་དུས་བབ་ཀྱི་ཁ་པར་མཉེན་ཆས་དང་། ཡང་ན་དུས་བབ་དྲ་ཚིགས་ཨ་མ་བརྒྱུད་དེ་དེབ་སྐྱེལ་བྱེད་དགོས། མཆན་འདེབས་པར་ཐབས་ལམ་ཁ་ཤས་ཡོད་པ་གང་དུ་འགྲེལ་བཤད་བརྒྱབ་ཡོད་པ་དེར་གཟིགས་རོགས།

      Reply
      • མུན་འཇོམས། says:
        ལོ་ 8 སྔོན།

        དེབ་སྐྱེལ་ཇི་ལྟར་བྱེད་དགོས་པ་ལམ་སྟོན་གནང་རོགས།

        Reply
        • བོད་ཀྱི་དུས་བབ། says:
          ལོ་ 8 སྔོན།

          དེབ་སྐྱེལ་བྱེད་སྟངས་ཁ་ཤས་ཡོད། དང་པོ། དུས་བབ་དྲ་ཚིགས་ཨ་མའི་ནང་དེབ་སྐྱེལ་བྱས་རྗེས་དུས་བབ་ཁ་པར་མཉེན་ཆས་ནང་འཛུལ་ཐུབ་ཀྱི་ཡོད། གཉིས་པ། དུས་བབ་ཁ་པར་མཉེན་ཆས་རང་སྟེང་དུ་དེབ་སྐྱེལ་བྱས་ཏེ་ནང་འཛུལ་བྱེད་ཐུབ། གསུམ་པ། དུས་བབ་མཉེན་ཆས་ཀྱི་ནང་འཛུལ་ནང་། ངོ་དེབ་(Log in withe Facebook)དང་། གློག་འཕྲིན་(Log in with Gmail)ཀྱི་རྟགས་ཡོད་པ་དེ་གཉིས་གང་རུང་སྟེང་གནན་ན་དེབ་སྐྱེལ་ཆགས་ཡོད།

          Reply
          • མུན་འཇོམས། says:
            ལོ་ 8 སྔོན།

            ནང་འཛུལ་ནང་ཕྱིན་ཏེ་དེབ་སྐྱེལ་བྱས་པ་དེ་བརྒྱུད་ནས་དེབ་སྐྱེལ་བྱས་ཀྱང་འགྲོ་མ་སོང་།

  46. གཡང་འཛོམས། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཐོག་མ་ཚགས་པར་དང་། དེ་ནས་དྲ་རྒྱ་བཟོས་པ་དང་། དེ་རྗེས་ལ་དྲ་བརྙན་བཟོས་པ། ད་ལྟ་ཁ་པར་གྱི་མཉེན་ཆས་གསར་པ་བཟོས་པ་སོགས་ནི་ཡར་རྒྱས་ཆེན་པོ་རེད། བཀྲ་ཤིས་བདེ་ལེགས་ཞུ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་གཡང་འཛོམས་ལགས། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  47. ཐོས་པ་དགའ། says:
    ལོ་ 8 སྔོན།

    ཕབ་ལེན་བྱེད་རྒྱུའི་གཉེན་ཆས་ཀྱི་མིང་ཁ་གསལ་གང་ནས་རག་གི་རེད། ????

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      ཐོས་པ་དགའ་ལགས། ཁྱོད་ཀྱི་ལག་ཐོག་ཁ་པར་ཀུ་ཤུ་(IOS)རྟགས་ཅན་ཡིན་ན་(app store)ཞེས་པའི་ནང་ལ། ‘བོད་ཀྱི་དུས་བབ།’ དང་ཡང་ན། དབྱིན་ཡིག་ཐོག་ tibettimes བཏགས་ཏེ་ཕབ་ལེན་བྱེད་དགོས།
      ཁྱོད་ཀྱི་ཁ་པར་ཨན་ཌོར་ཌི་(Android)རྟགས་ཅན་ཡིན་ན་(Play Store)ཞེས་པའི་ནང་དབྱིན་ཡིག་ཐོག་ tibettimes བཏགས་ཏེ་ཕབ་ལེན་བྱེད་དགོས།

      Reply
  48. བསྟན་པ་རྒྱལ་མཚན། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལགས། དྲ་ཚིགས་ག་བ་ནས་དུས་བབ་མཉནེ་ཆས་ཕབ་ལེན་བྱེད་དགོས་པ་རེད། མཉེན་ཆས་གསར་པ་ཕབ་ལེན་བྱེད་སའི་འབྲེལ་ཐག་ཅིག་བསྐུར་གནང་རོགས།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      བསྟན་པ་རྒྱལ་མཚན་ལགས། ཁྱོད་ཀྱི་ལག་ཐོག་ཁ་པར་ཀུ་ཤུ་(IOS)རྟགས་ཅན་ཡིན་ན་(app store)ཞེས་པའི་ནང་ལ། ‘བོད་ཀྱི་དུས་བབ།’ དང་ཡང་ན། དབྱིན་ཡིག་ཐོག་ tibettimes བཏགས་ཏེ་ཕབ་ལེན་བྱེད་དགོས།
      ཁྱོད་ཀྱི་ཁ་པར་ཨན་ཌོར་ཌི་(Android)རྟགས་ཅན་ཡིན་ན་(Play Store)ཞེས་པའི་ནང་དབྱིན་ཡིག་ཐོག་ tibettimes བཏགས་ཏེ་ཕབ་ལེན་བྱེད་དགོས།

      Reply
  49. ལྷག་དཀར། says:
    ལོ་ 8 སྔོན།

    བོད་ཕྱི་ནང་གཉིས་སུ་སྔ་ན་མེད་པའི་བོད་ཡིག་རྐྱང་པའི་མཉེན་ཆས་ཚད་ལྡན་ཞིག་བཟོ་གནང་བར་སྔགས་བརྗོད་གྲངས་མེད་ཞུ།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ལྷག་དཀར་ལགས།

      བོད་ཀྱི་དུས་བབ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
  50. ཉི་མ། says:
    ལོ་ 8 སྔོན།

    མཉན་ཆས་གསར་པ་ཕབ་ལེན་བྱས་ཚར་ཡིན། ཤིན་ཏུ་སྤུས་དག་མོ་འདུག བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ། བོད་ཀྱི་དུས་བབ་ཀྱི་ལས་དོན་མདུན་ནས་མདུན་དུ་བསྐྱོད་པར་ཤོག

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 8 སྔོན།

      དྲ་གྲོགས་ཉི་མ་ལགས།
      རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

      Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese