མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་གི་ཉམས་ཞིབ་པ་ཚོས་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ཡག་པོ་ཞིག་ཧ་གོ་བ་བྱོས།

བོད་ཀྱི་དུས་བབ།
༢༠༡༧/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་ཅི་གང་མི་ཤེས་མཁན་ཚོ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་འགྲོ་བཞིན་ཡོད་པ་དང་། ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོས་བོད་ཀྱི་རིག་གཞུང་དཔྱད་གླེང་གཏིང་ཟབ་གནང་དུས། དེ་ལ་ཨ་མཚར་མཚར་གྱིས་ཉན་རྒྱུ་མ་གཏོགས། ང་ཚོ་རང་ངོས་ནས་དཔྱད་རྩོམ་འབྲི་བ་དང་དཔྱད་གླེང་གནང་ཐུབ་ཀྱི་མེད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉིན་གསུམ་རིང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་སོང་།

སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་ཝེ་ཝི་ཀ་ནན་དྷ་རྒྱལ་སྤྱིའི་ཐེབས་རྩ་ (Vivekananda International Foundation) ཁང་གི་ཉམས་ཞིབ་པ་རྒན་པ་སྐུ་ཞབས་ཝེ་ནོ་ཌ་ཨ་ནན་ཌ་ (Vinod Anand) ལགས་གཉིས་ཀྱིས་དབུས། བོད་དང་རྒྱ་གར་མཐོ་རིམ་སློབ་གྲྭ་ཁག་གི་ན་གཞོན་ཉམས་ཞིབ་པ་དགེ་སློབ་གཉིས་དང་ཟུར་ཞུགས་གནང་མཁན་བཅས་ཁྱོན་མི་གྲངས་ ༦༠ ལྷག་དང་། དེ་བཞིན་འབྲེལ་ཡོད་ཚོགས་པ་ཁག་གི་སྐུ་ཚབ་སོགས་འཛོམས་འདུག

ཚོགས་འདུའི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་རིམ་པ་ངོ་སྤྲོད་གནང་རྗེས། དམིགས་བསལ་སྐུ་མགྲོན་སྐུ་ཞབས་ཝེ་ནོ་ཌ་ཨ་ནན་ཌ་ལགས་ཀྱིས། ཁོང་དེ་རིང་ཚོགས་འདུར་ཡོང་ནས་བོད་པ་ཚོ་དང་མཉམ་དུ་སྐད་ཆ་ཤོད་རྒྱུ་བྱུང་བར་དགའ་བོ་བྱུང་། སྤྱིར་བོད་དང་རྒྱ་གར་གཉིས་སྔ་མོ་ནས་རིག་གཞུང་གི་འབྲེལ་བ་ཤུགས་ཆེར་ཡོད་བསྡད་པ་ཞིག་དང་། དཔལ་ཡོན་ཀྱི་ཆ་ནས་ལོ་རྒྱུས་དང་གོམས་སྲོལ་སོགས་ཀྱི་འབྲེལ་བ་ཡོད་པ་རེད། ནང་བསྟན་ཆོས་ལུགས་དང་ཧུན་རྡི་ཆོས་ལུགས་གཉིས་ལ་མཚོན་ན་ཁྱད་འཕགས་རང་བཞིན་གྱི་འབྲེལ་བ་ཡོད་པ་ནི། ཆོས་ལུགས་གཉིས་ཀྱི་ནང་འཚེ་བ་མེད་པའི་ལྟ་གྲུབ་ཉམས་སུ་ལེན་གྱི་ཡོད་པ་དང་། བོད་དང་རྒྱ་གར་གཉིས་ལ་སྤྱིའི་ཆ་ནས་མི་འདྲ་བ་ཞིག་ཡོད་པ་ནི། བོད་པས་གནའ་བོའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་དང་རྒྱ་ནག་གི་རིག་གཞུང་གཉིས་མཉམ་བསྲེས་བྱས་ཡོད་པ་རེད། ངེས་དགོས་པ་ཞིག་ལ་གནས་སྟངས་དེའི་འོག རྒྱ་ནག་གིས་བོད་ནི་མི་རིགས་དང་རིག་གཞུང་གང་ཐད་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ཤོད་ཀྱི་ཡོད་པ་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་བོད་དང་རྒྱ་གར་གཉིས་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་རེད་ཅེས་ཡང་ཡང་གསུངས་ཡོད་པ་དང་། འབྲེལ་བ་དེ་སྤྱིར་བཏང་ཞིག་མ་ཡིན་པར་རིག་གནས་དང་ལྟ་གྲུབ་བརྒྱུད་སྤེལ་གྱི་འབྲེལ་ལམ་ཞིག་ཆགས་བསྡད་ཡོད་པ་རེད། བོད་དང་རྒྱ་གར་གཉིས་ཀྱིས་བོད་དོན་སྐོར་གཅིག་པུ་ཙམ་མིན་པར་དུས་ཡུན་རིང་བོར་ཞི་བདེ་དང་འཚེ་བ་མེད་པ་སོགས་རྒྱལ་སྤྱིའི་གནད་དོན་ཁག་ལའང་བགྲོ་གླེང་བྱེད་ཀྱི་ཡོད་པ་དང་། ནང་པ་དང་ཧུན་རྡི་ཆོས་ལུགས་ཀྱི་དབུ་ཁྲིད་མང་པོ་ཞིག་བགྲོ་གླེང་དེའི་ནང་ཉམས་ཞུགས་གནང་གི་ཡོད་སྐོར། བོད་ཀྱི་གནད་དོན་དེ་ད་དུང་ཐག་གཅོད་མ་ཐུབ་པ་དང་ངེས་གཏན་མེད་པར་ལྷག་བསྡད་ཡོད་པ་དང་། འདས་པའི་དུས་རབས་མང་ཆེ་བར་བོད་ནི་རང་བཙན་རྒྱལ་ཁབ་བྱས་བསྡད་པ་དང་། ༡༩༡༡ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས། རྒྱ་ནག་གི་དམག་མི་ཚང་མ་བོད་ནས་ཕྱིར་ཕུད་བཏང་ཡོད་པ་རེད།  ༡༩༥༠ ལོ་ནས་བོད་དེ་རྒྱ་ནག་གི་སྟངས་འཛིན་འོག་ཤོར་བ་དང་། གནད་དོན་དེའི་ཐད་རྒྱལ་སྤྱིའི་ཁྲིམས་ཞིབ་ལྷན་ཚོགས་ (International Commission of Jurists) ཀྱི་ངོས་ནས་ཚོགས་འདུ་ཐེངས་མང་ཚོགས་ཏེ་སྙན་ཐོ་ཞིག་བཏོན་ཡོད་པ་རེད། དེ་ནི་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དངོས་ཡོད་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། ཐ་ན་རྒྱ་གར་གྱི་ངོས་ནས་བལྟས་ནའང་། བོད་དེ་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་མ་བྱས་པ་ཡིན་ན། རྒྱ་དཀར་ནག་གཉིས་བར་གྱི་མེག་མོ་ཧན་ས་ཐིག་རྩོད་གླེང་ལ་གཞི་འཇོག་ས་ཞིག་ཧ་ལམ་ཁག་པོ་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཀའ་ཤག་གི་ངོས་ནས་བོད་ཀྱི་སྲིད་ཞུས་ཉམས་ཞིབ་ཁང་གཙོས་པའི་ན་གཞོན་ཉམས་ཞིབ་པ་ཚོ་གལ་ཆེན་པོར་བརྩི་ཡི་ཡོད་པ་དང་། འདས་པའི་ལོ་ངོ་གསུམ་ཙམ་རིང་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་བཅར་སྐབས། གནད་དོན་ཆེ་ཤོས་གཅིག་དེ། ཚོགས་བཅར་བའི་ནང་བོད་སྐད་ཡིག་གི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་རྒྱལ་རབ་ལོ་རྒྱུས་སོགས་གང་ཅིའི་ཐད་ནས་ཞིབ་འཇུག་བཀའ་བསྡུར་གནང་མཁན་ཉམས་ཞིབ་པ་བརྒྱ་ཆ་ ༨༠ བོད་རིགས་མ་ཡིན་པར་ཕྱི་རྒྱལ་བ་རྐྱང་རྐྱང་ཡིན་པ་དང་། ཁོ་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་ཆབ་སྲིད་དང་ལེགས་བྱང་། བོད་ཀྱི་ཆོ་ག་ཕྱག་ལེན་དང་གཏོར་མ་བཞེངས་སྟངས་ཡན་ཆད། ཐ་ན་ང་ཚོས་མ་མཐོང་བ་དེ་འདྲ་ཚང་མར་ཞིབ་འཇུག་གནང་ཚར་ཡོད་པའི་སྐོར་གསུང་ཡོང་དུས། ཁོ་ཚོ་བོད་པ་རང་གི་མི་རིགས་མིན་པས་སེམས་སུ་མི་བདེ་བ་ཞེ་དྲགས་ཡོང་གི་འདུག གནད་དོན་དེས། ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོས་རྒྱལ་སྤྱིའི་སྟེང་གནད་དོན་གཅིག་གི་སྒང་ལ་ཉམས་ཞིབ་བྱས། འབུམ་རམས་པའི་ཕྱག་འཁྱེར་ཐོབ། ལྗགས་རྩོམ་གནང་། རྩོམ་དེབ་པར་སྐྲུན་གནང་བར་བརྟེན་ནས། ཁོ་ཚོར་རྒྱལ་སྤྱི་རང་བཞིན་གྱི་ཉམས་ཞིབ་པའི་ངོས་འཛིན་འཐོབ་ཀྱི་ཡོད་པ་དང་། ང་ཚོས་དེ་ལྟར་བྱེད་ཐུབ་ཀྱི་མེད་པ་དང་། གནད་དོན་གཉིས་པ་དེ། བོད་ནང་དང་བཙན་བྱོལ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། བོད་ནས་ཡོང་མཁན་མཁས་པ་ཚོའི་གྲས་སུ་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་ཐོག་དཔྱད་གླེང་གནང་མཁན་མང་པོ་ཡོད་པ་དང་། གཞན་རྒྱ་རིགས་ཁག་ཅིག་ཡོང་བ་དེ་ཚོ་རྒྱ་ནག་དང་འབྲེལ་བ་ཆགས་ཡོད་དུས་ཟུར་དུ་ཕུད་ཡོད་པ་དང་། བཙན་བྱོལ་ནས་བོད་རིག་པའི་ཞིག་འཇུག་ཚོགས་ཆེན་ཐོག་བཅར་མཁན་མཁས་དབང་ཁ་ཤས་མ་གཏོགས་མེད་པ་དང་། དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་དོ་སྣང་གང་ལ་གང་འཚམ་ཡོད་སྟབས། ཅི་གང་མི་ཤེས་མཁན་དེ་ཚོར་ལག་འཁྱེར་སྤྲད་ནས་འགྲོ་བསྡད་ཡོད་པ་རེད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུར་འགྲོ་མཁན་ཚོར་ནད་ཚ་ལྟ་བུ་ཞིག་ཡོད་པ་ནི། ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོས་བོད་དོན་དང་འབྲེལ་བའི་གནས་ཚུལ་གཏིང་ཟབ་མོ་ཤོད་ཡོང་དུས། དེས་ཞེ་དྲགས་ཕན་གྱི་ཡོད་ཀྱང་། ང་ཚོ་བོད་རང་ངོས་ནས་ཕ་རོལ་བོས་བོད་དོན་དང་འབྲེལ་བའི་གནས་ཚུལ་གཏིང་ཟབ་མོ་བཤད་པ་དེ་ལ་ཨ་འཚར་འཚར་གྱིས་ཉན་རྒྱུ་མ་གཏོགས། ང་ཚོ་རང་ངོས་ནས་ཉམས་ཞིབ་དཔྱད་རྩོམ་དང་དཔྱད་གླེང་གནང་མཁན་མེད་པ་དང་། དེ་འདྲའི་གནས་སྟངས་ཤིག་གི་འོག བོད་དོན་ཐོག་ཉམས་ཞིབ་གཏིང་ཟབ་མོ་གནང་མཁན་དགོས་ཀྱི་ཡོད་སྟབས།  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བཙུགས་པ་རེད། ཡིན་ནའང་ད་ལྟ་ད་དུང་བོད་དོན་སྐོར་ལ་དཔྱད་རྩོམ་འབྲི་མཁན་དང་དཔྱད་གླེང་གནང་མཁན་མེད་པ་དཔེར་ན། ཉེ་ཆར་བོད་ཀྱི་མཐའ་ཁུལ་འབྲོག་ལམ་གྱི་བདག་དབང་རྩོད་གླེང་བྱུང་སྐབས། སྤྱི་ཚོགས་བརྒྱུད་ལམ་ཁག་ནང་འབྲོག་ལམ་མཐའ་ཁུལ་རྩོད་གླེང་སྐོར་ལ་དཔྱད་རྩོམ་འབྲི་མཁན་ཧ་ལམ་རྒྱ་གར་དང་ཕྱི་རྒྱལ་རྐྱང་རྐྱང་ཡིན་པ་དང་། རྒྱ་ནག་གིས་ཧམ་སེམས་བཅངས་ཏེ་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ནས་འབྲོག་ལམ་མཐའ་ཁུལ་རྒྱ་ནག་གི་ཡིན་ལུགས་གླེང་བཞིན་ཡོད་ཀྱང་། བཙན་བྱོལ་སྤྱི་ཚོགས་ནང་གནད་དོན་དེའི་ཐོག་དཔྱད་རྩོམ་འབྲི་ཐུབ་མཁན་དང་དཔྱད་གླེང་གནང་ཐུབ་མཁན་མེད་པ་དང་། སྤྱིར་བོད་ས་ནི་ལག་མཐིལ་ལྟ་བུ་ཡིན་པ་དང་། འབྲོག་ལམ་དང་ཨ་རུ་ན་ཅལ་སོགས་བོད་ཀྱི་ས་མཚམས་ཁག་ནི་ལག་པའི་མཛུམ་མོ་ལྔ་ལྟ་བུ་ཆགས་ཡོད་པ་དང་། དེ་ག་ནང་བཞིན། རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ཁག་ཡག་པོ་ཞིག་ཧ་མ་གོ་ཚེ། རྒྱ་ནག་གཞུང་ཧ་གོ་ཐབས་མེད་པས། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ད་དུང་། སྤྱི་ཡོངས་ནས་བོད་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ནང་ཉམས་ཞིབ་པ་ཚོར་འགན་ཆེན་པོ་ཞིག་ཡོད་པ་དང་། དེ་ནི་ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་བྱེད་སྐབས། བགྲོ་གླེང་གནང་སྟངས་དེ་ཧ་ལས་པའི་སྐྱོ་བོ་ཡིན་པ་དང་། མི་མང་གི་གོ་རྟོག་ཞན་པར་བརྟེན་ནས། གནད་དོན་ག་རེ་ཐོག་ལ་བགྲོ་གླེང་བྱས་པ་ཡིན་ནའང་། གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པས། ཉམས་ཞིབ་པ་ཚོས་ཉམས་ཞིབ་གཏིང་ཟབ་གནང་བ་ཡིན་ན། དེ་ལ་འབབ་པའི་གནས་སྟངས་ཡག་པོ་ཆགས་ཀྱི་ཡོད་སྐོར་དང་། ད་ཆར་བོད་ནང་དང་བཙན་བྱོལ་ནང་གི་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་གནང་སྟངས་དང་མཆན་རྒྱག་སྟངས་སོགས་ལ་བལྟས་ཡོང་དུས། ཆོག་ཤེས་མེད་པ། དྲང་བདེན་མེད་པ། ཡ་རབས་བཟང་སྤྱོད་མེད་པ། གུས་ཞབས་མེད་པ་སོགས་སེམས་སྐྱོ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྟབས། ཕྱོགས་ཞེན་གྱི་དབང་དུ་མ་སོང་བར། ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀྱི་དངོས་ཡོད་གནས་ཚུལ་ཟིན་པའི་ཐོག་ནས་ཉམས་ཞིབ་དང་བཀའ་མོལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། གནས་སྟངས་དེ་ཡར་རྒྱས་གཏོང་བར་ཉམས་ཞིབ་པ་ཚོར་དམིགས་བསལ་གྱི་འགན་ཡོད་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བརྒྱུད་ནས་ན་གཞོན་ཉམས་ཞིབ་པ་ཚོས་འབྲོག་ལམ་གྱིས་མཚོན་པའི་བོད་དོན་སྐོར་ནས་རྒྱལ་སྤྱིའི་སྡིངས་ཆའི་སྒང་དཔྱད་རྩོམ་འབྲི་བ་དང་དཔྱད་གླེང་གནང་ཐུབ་པའི་དམིགས་བསལ་རེ་བ་ཆེན་པོ་རྒྱག་གི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པའི་དྲི་བ་དྲིས་ལན་སྐབས། འབུམ་རམས་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས། ད་རེས་ཀྱི་ན་གཞོན་ཞིབ་འཇུག་ཚོགས་འདུ་དེ་ཚོགས་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་བོད་དོན་ཉམས་ཞིབ་བྱེད་ཕྱོགས་ཀྱི་ལམ་སྟོན་དང་གོ་སྐབས་སྤྲད་པ་ཐེངས་དང་པོ་ཡིན་པ་དང་། ཞིབ་འཇུག་པ་ཕན་ཚུན་བར་ཞིབ་འཇུག་གི་བགྲོ་གླེང་བརྒྱུད་བོད་དོན་འབྲེལ་བའི་གནས་ཚུལ་དང་ཞིབ་འཇུག་གི་ཁ་ཕྱོགས་བཅས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྐོར་དང་། བོད་ནང་གི་ཉམས་ཞིབ་པའི་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ཚད་གཞི་མཐོན་པོ་ཡོད་པ་དང་། རྒྱ་གར་ནང་གི་གཞོན་སྐྱེས་ཞིབ་འཇུག་པ་ཚོར་མཚོན་ན། བོད་རང་གི་རིག་གཞུང་ཞིབ་འཇུག་གི་གོ་རྟོག་ད་ལྟ་གཞི་ནས་ཡོང་གི་ཡོད་པས། བཙན་བྱོལ་ནང་གི་ཉམས་ཞིབ་པ་ཚོས་བོད་དོན་གཙོས་པའི་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་གནས་བབ་དེ་རྒྱལ་སྤྱིའི་སྟེང་སླེབ་ཐུབ་པར་ཤུགས་རྒྱག་དགོས་པའི་མཐོང་སྣང་བྱུང་སྐོར་བརྗོད་སོང་།

འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས། ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པའི་དམིགས་ཡུལ་གཙོ་བོ་ད་ལྟ་བོད་དོན་དང་བོད་ཀྱི་རིག་གཞུང་སྐོར་ལ་ཉམས་ཞིབ་གནང་བཞིན་པའི་ཉམས་ཉིབ་པ་ཚོའི་ཆུ་ཚོད་མཐོར་འདེགས་དང་འཐུས་ཚང་གཏོང་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཁ་འཐོར་དུ་འགྲོ་བཞིན་པའི་ན་གཞོན་ཉམས་ཞིབ་པ་ཚོའི་བར་འབྲེལ་ལམ་འཛུགས་རྒྱུ་དེ་ཡིན་པ་དང་། ཉམས་ཞིབ་པ་ཕན་ཚུན་བར་འབྲེལ་བ་འཛུགས་ཐུབ་པ་ཡིན་ན། མ་འོངས་པར་ཉམས་ཞིབ་ཀྱི་སྦྱོང་བརྡར་དང་གོ་སྐབས། ཉམས་ཞིབ་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏང་ཐུབ་སྐོར་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས། ཉམས་ཞིབ་པ་ཚོའི་ཉམས་ཞིབ་དཔྱད་གླེང་དང་དཔྱད་རྩོམ་བསྡུ་སྒྲིག་བྱས་ཏེ་འབུམ་རམས་ཉམས་ཞིབ་པ་གསུམ་གྱིས་དཔྱད་ཞིབ་བྱས་པ་བརྒྱུད་ལོ་རེར་བོད་དབྱིན་སྐད་ཡིག་གཉིས་ནང་དུས་དེབ་དཔར་སྐྲུན་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་ན་གཞོན་ཉམས་ཞིབ་པ་ཚོའི་དཔྱད་རྩོམ་ཁག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སླེབ་ཐུབ་པར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འབད་བརྩོན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

འབུམ་རམས་པ་གཡང་མཚོ་ལགས་ཀྱིས། ད་ལན་གྱི་ཁོ་མོའི་ཞིབ་འཇུག་ཆེད་རྩོམ་ནི་<<རྒྱ་ནག་གིས། བོད་གྱི་མཐའ་མཚམས་སུ་རྒྱུ་བཞིན་པའི་རྫ་ཆུ་དང་ཡར་ཀླུང་གཙང་པོ་གཉིས་བར་འཛིན་པའི་སྲིད་བྱུས།>>ཞེས་པ་དེ་ཡིན་པ་དང་། དེའི་ནང་རྒྱ་ནག་གི་སྲིད་ཇུས་མ་འདྲ་བ་དེ་དག་ག་རེ་བྱས་ནས་འཛིན་གྱི་ཡོད་པའི་གནད་དོན་དང་། དེས་རྒྱལ་སྤྱིའི་ཆབ་སྲིད་ལ་ཁྱད་པར་ག་རེ་འགྲོ་བཞིན་ཡོད་པ། རྒྱ་ནག་ནང་གི་ཆབ་སྲིད་གནད་དོན་ལ་ཁྱད་པར་ག་རེ་འགྲོ་ཡི་ཡོད་མེད། རྒྱ་ནག་གིས་བོད་ཀྱི་གཙང་བོ་ཁག་ལ་ཆུ་རག་རྒྱག་བཞིན་པ་འགོག་ཐབས་སྐོར་བྲིས་ཡོད་པ་དང་། མོ་རང་གི་ཉམས་ཞིབ་ལྟར་ན། རྒྱ་ནག་གིས་བོད་ཀྱི་རྫ་ཆུ་དང་ཡར་ཀླུང་གཙང་པོ་སོགས་ལ་ཆུ་རགས་རྒྱག་བཞིན་པའི་སྲིད་ཇུས་དེ་ནི། བོད་ཀྱི་གཙང་པོ་དེ་དག་རྒྱུ་ཡུལ་རྒྱལ་ཁབ་ཁག་ནང་འཛིན་པའི་སྲིད་ཇུས་དང་གཅིག་པ་མིན་སྐོར་བརྗོད་སོང་།

འབུམ་རམས་པ་གཉན་ཐར་ལགས་ཀྱིས། སྤྱིར་ཁོ་རང་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་རིམ་པར་ཞུགས་པའི་བརྒྱུད་རིམ་ཁྲོད་དུ། གཅིག་ནས་ན་གཞོན་ཉམས་ཞིབ་པ་མང་པོ་ཞིག་ལ་འབྲེལ་འདྲིས་བྱུང་བ་བརྒྱུད་རིག་གཞུང་ཞིབ་འཇུག་གི་ཁ་ཕྱོགས་སོགས་ཉམས་མྱོང་མང་པོ་རག་པ་དང་། གཉིས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱུས་ལོན་དང་ངེས་ཤེས་གསལ་བོ་ཐོབ་བྱུང་། སྤྱིར་བཙན་བྱོལ་ནང་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་རྒྱ་ཆུང་བ་དང་ཞིབ་འཇུག་བྱེད་མཁན་ཉུང་སྟབས། ཞིབ་འཇུག་པ་རྒན་གཞོན་གཉིས་བར་སྟོང་ཆ་ཞིག་ལྷག་ཡོད་པ་དང་། དེ་བཞིན། བོད་ཕྱི་ནང་གཉིས་ཀྱི་རིག་གཞུང་ཞིབ་འཇུག་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། བོད་ནང་གི་ཞིབ་འཇུག་པ་ཚོ་རྒྱ་ནག་གི་བཀག་རྒྱའི་འོག་ཡོད་པ་དང་། བཙན་བྱོལ་ནང་ཞིབ་འཇུག་པ་ཉུང་ཉུང་ཡིན་པ་གང་ཞིག་ལ་ཞིབ་འཇུག་གི་སྐད་ཡིག་ཁྱབ་ཁོངས་ནས་ཕྱོགས་གཉིས་སུ་ཕྱེས་ཡོད་པ་རེད། དེ་ནི་ཕྱོགས་གཅིག་གིས་བོད་ཡིག་གི་སྒང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་གནས་སྟངས་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ལ་ཁ་ཕྱོགས་མ་ཐུབ་པའི་ཞན་ཆ་ཡོད་པ་དང་། ཕྱོགས་གཅིག་གིས་དབྱིན་ཡིག་སྒང་ནས་ཞིབ་འཇུག་བྱེད་ཀྱི་ཡོད་དུས། བོད་རང་གི་གནས་སྟངས་དང་བོད་རང་གི་སྐད་ཡིག་དང་འབྲེལ་བའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱུ་ཆ་དེ་དག་ལ་རྒྱུས་ལོན་མ་བྱུང་བ་དང་མ་འདང་བའི་ཞན་ཆ་ཞིག་མཐོང་གི་ཡོད་སྐོར་བརྗོད་སོང་།

སངས་རྒྱས་དཀོན་མཆོག་དང་པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 2

  1. རྒྱུད་གྲ་བློ་བཟང་དབང་འདུས། says:
    ལོ་ 8 སྔོན།

    ད་དུང་ཞུ་ཡ་གཅིག རྒྱ་གར་སྲིད་བློན་ཞིག་གི་ ཤིང་སྡོང་རྩ་བ་གཅིག་ཡལ་ག་འགྲེམས་པ་བཤད་ཡོད། རྒྱ་གར་གློག.བརྙན་ག་རེ་ནང་་་ Afghan, Tibet, Bhutan སོགས་རྒྱ་གར་གི་མངའ་ཁོངས་ཡིན་པ་སྟོན་གྱིས་ཡོད། མཁས་དབང་རྣམ་པ་ཚོ་དེ་ལ་ ???

    Reply
  2. རྒྱུད་གྲ་བློ་བཟང་དབང་འདུས། says:
    ལོ་ 8 སྔོན།

    བྲོག་ལམ་ཐོག་ལ་ང་ཚོ་ཐད་གཏོགས་གང་ཡང་མེད། གང་ལ་ཞུས་ན། རྒྱ་གར་བཀའ་དྲིན་ཅན་སྲིད་བློན་ནེ་རུའི་ ༡༩༥༤ ལོར་ Tibet is Part of China ?? བོད་རྒྱ་ནག་ལ་རྩིས་སྤྲོད་གནང་ཚར་པ་རེད། བོད་ས་མ་ཤོར་གོང་དུ་་་ བཀའ་བློན་བུག་དང་། རྡོ་རྗེ་གླིང་ཉེ་འཁོར་བོད་པ་ཚོ་རྒྱ་གར་གྱི་ལག་འཁྱེར་བསྡུ་རུབ་གནང་པ་རེད། འདི་རྩོད་རྙོག་དང་དཀའ་ངལ་དེ་ཚོ་ང་ཚོའི་བཟོས་པ་མ་རེད། ད་དུང་ཡིན་ན་རྒྱ་དཀར་ནག་གཉིས་ས་མཚམས་མ་གཏོགས་བོད་ཀྱི་ས་མཚམས་བཤོད་མཁན་མེད། ཞི་མི་དཀར་པོ་དང་ནག་པོ་གཉིས་ཚོན་མདོག་ཁ་ཁ་རེད་མ་གཏོགས། ཙི་ཙི་ཟ་ཡ་ཅིག་པ་རེད། སྲིད་བློན་ནེ་རུ་ནས་ད་བར་སྲིད་བློན་ཚང་མའི་བོད་རྒྱའི་རྒྱ་ཁོངས་རེད། ང་ཚོ་ཟབ་ཟབ་བྱེད་དགོས་རེད་མ་གཏོགས། ཡར་ལང་ན་མགོ་རྡབ། མ་བསྡད་ན་རྐུབ་རྡབ་་་ དཔེ་ཡོད་རེད་པ། མ་འོང་པར་སུ་ཡག་པོ་ཆགས་གི་ཡོད་བཤད་ཚོད་ཐིག་གི་མ་རེད། མངོན་ཤེས་ཡོད་ན་གནས་ཚུལ་ཁ་ཁ་རེད། ཚེ་སྟོད་ལ་དགྲ་དང་། ཚེ་སྨད་ལ་གཉེན། གསུངས་ནང་ལ་དེ་འདྲ་ཡོད་རེད། ཟབ་ཟབ་གནང་དགོས། བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese