མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་ལ་གཅར་རྡུང་བྱས་ཏེ་མི་བཅུ་ཙམ་རྨས།

བོད་ཀྱི་དུས་བབ།
༢༠༡༧/༠༨/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ཉེར་བཞི་ཉིན་དཀར་མཛེས་རྫོང་གི་ཉེན་རྟོག་པས་མི་མང་ལ་གང་བྱུང་གཅར་རྡུང་བཏང་སྟེ་མི་བཅུ་ཙམ་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་འདུག

འདི་གར་བྱང་ཆུབ་སེམས་དཔའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་དཀར་མཛེས་ཁུལ་བྲག་མགོ་རྫོང་མཚོ་འགོ་གྲོང་ཚོ་སྒང་རོང་སྡེ་བའི་སྡེ་མི་རྣམས་རི་མགོར་བསང་མཆོད་དུ་ཕྱིན་ཏེ། བསང་མཆོད་ཚར་རྗེས་སྡེ་མི་རྣམས་ཀྱིས་སྤྲོ་སྐྱིད་བཏང་ནས་སྡོད་སྐབས། གློ་བུར་དུ་དཀར་མཛེས་རྫོང་གི་ཉེན་རྟོག་པ ༣༠ ལྷག་བསླེབས་ནས་སྡེ་མི་རྣམས་བསྐོར་ཏེ། སྡེ་མི་རྣམས་པང་བསྒྲིགས་དུ་བཅུག་སྟེ་མི་རེ་རེ་བཞིན་གྱི་ཐོབ་ཐང་དཔང་ཡིག་ལ་ཞིབ་བཤེར་བྱེད་དགོས་ཞེས་བཀའ་བཏང་། དེ་དུས་སྡེ་མི་རྣམས་ཀྱིས་རྒྱུ་མཚན་གང་ཡིན་མ་ཤེས་པར་སྡེ་དཔོན་གྱིས་བྲག་མགོ་རྫོང་མཚོ་འགོ་གྲོང་ཚོ་སྲིད་གཞུང་ལ་ཁ་པར་བཏང་སྟེ་གནས་ཚུལ་ཞུ་རྩིས་བྱེད་སྐབས། དེ་མ་ཐག་ཉེན་རྟོག་པ་གཉིས་ཀྱིས་སྡེ་དཔོན་ལ་གཅར་རྡུང་བཏང་བ་མ་ཟད། དཀར་མཛེས་རྫོང་གི་དཔོན་གཞོན་པ་ཡན་ཝིན་བོ་ཟེེེེར་བ་དེེེས་ཉེན་རྟོག་པ་ཚོས་སྣེ་འཁྲིད་དེ་མི་མང་ལ་གཅར་རྡུང་དང་འཇུ་བཟུང་བྱོོས་ཞེས་བཀའ་ཕབ་ཡོོད་འདུག

སྡེ་མི་རྣམས་ཀྱིས་ང་ཚོ་མ་རྡུང་རོགས་ཞེས་ཞུ་བ་བརྒྱབ་ཀྱང་མ་ཉན་པར་སྡེ་མི་རྣམས་ལ་གང་བྱུང་གཅར་རྡུང་དྲག་པོ་བྱས་ཏེ། སྡེ་མི་ ༡༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་པ་དང་། དེའི་ནང་ནས་རྒད་པོ་ལོ་ ༧༠ ཅན་ཞིག་གི་མགོ་ལ་རྨས་སྐྱོན་ཕོགས་ནས་ཁྲེན་ཏུའུ་རུ་སྨན་བཅོས་བྱེད་པར་སོང་ཡོད་པ་དང་།  ཡང་མི་གཅིག་གི་རྩིབས་མ་བཅགས་ཏེ་ཐེན་ཆིན་སྨན་ཁང་དུ་བསྐྱལ་དགོས་བྱུང་། གཅར་རྡུང་ཕོག་པའི་སྡེ་མི་གཞན་རྣམས་བྲག་མགོ་རྫོང་སྨན་ཁང་ནང་དུ་ཡོད་འདུག

སྡེ་མི་ཚོས་རྒྱ་ནག་དབུས་གཞུང་དང་སི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས་རྣམས་ལ་རེ་སྐུལ་ཞུ་ཡིག་ཅིག་བྲིས་ཡོད་པ་དེའིི་ནང་དུ། ང་ཚོས་ད་ལྟའི་བར་དུ་དཀར་མཛེས་རྫོང་ཉེན་རྟོག་པས་སྡེ་མི་རྣམས་ལ་གཅར་རྡུང་བྱས་པའི་རྒྱུ་མཚན་ཅི་ཡིན་གསལ་བོ་ཤེས་མེད། དེ་མ་ཟད་ངེད་སྡེ་མི་ཚོས་དཔྱད་ན་ཡང་ང་ཚོའི་རྒྱལ་ཁབ་ནི་ཁྲིམ་མཐུན་གྱི་རྒྱལ་ཁབ་ཅིག་ཡིན་པས་ཉེན་རྟོག་པ་ཚོས་ངེས་པར་དུ་ཁྲིམས་མཐུན་གྱི་ལམ་ནས་ས་གནས་ཀྱི་དོན་དག་ཐག་གཅོད་དགོས་པ་ལས་དོན་དག་ཅི་ཡིན་གསལ་བོ་མ་བཤད་པར་སྡེ་མི་རྣམས་ལ་ཐད་ཀརགཅར་རྡུང་བྱེད་པ་ནི་ཁྲིམས་མཐུན་མིན་པར་སྙམ། ང་ཚོ་སྡེ་མི་དག་ནི་ཉམ་ཆུང་ཡིན་པས་ད་ལྟ་འཇིགས་སྐྲག་ངང་གནས་ཡོད་པར་བརྟེན། ང་ཚོ་སྡེ་མི་ཡོངས་ཀྱིས་བྲག་མགོ་རྫོང་དང་དེ་མིན་གྱི་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་རྣམས་ལ། ང་ཚོར་ཐུགས་ཁུར་གནང་ཞིང་སྡེ་མི་རྣམས་དོན་མེད་གཅར་རྡུང་བྱས་པར་ཁྲིམས་མཐུན་གྱི་བཤད་ཚུལ་ཞིག་བྱིན་པར་ཞུ་ཞེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    གསར་ཤོག་དང་བརྒྱུད་ལམ་ཁག་ནས་གནས་ཚུལ་ངོ་སྤྲོད་གནང་བ་དེ་དག་ལ་སྒྲིག་འཛུགས་དང་མི་མང་གི་ངོས་ནས་བཟང་ངན་གྱི་བརྡ་ལན་དང་འགུལ་སྐྱོགས་དུས་ཐོག་ལ་གནང་མ་ཐུབ་ཚེ་རང་དབང་ཅན་གྱི་གསར་ཤོག་དང་བརྒྱུད་ལམ་ཁག་ནུས་དུ་འགྲོ་སྲིད་པ་མ་རེད་དམ་?

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    རང་ཡུལ་རང་བདག་མེད་ན་འདི་འདྲ་རེད་།
    རང་བཙན་མེད་ན་རང་དབང་གང་ན་ཡོད་།
    རང་བཙན་རང་དབང་མི་གི་ཐོབ་ཐང་ལ་།
    རང་ལ་གང་དགོས་གཞན་ལའང་དགོས་གལ་ཆེ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese