མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐད་འཕྲིན་ཚོཊ་པའི་ཚོཊ་གཙོ་མང་པོར་ཟབ་སྦྱོང་སྤྲད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ ༢༤༨ ལ་དྲ་ལམ་བདེ་འཇགས་དོ་དམ་ཟེར་བ་སོགས་ཀྱི་བཅའ་ཁྲིམས་འོག་ཁྲིམས་ལུགས་ཟབ་སྦྱོང་སྤྲད་ཡོད་འདུག

རྒྱ་ནག་གཞུང་གིས་ད་ལོའི་ཟླ་༩ པ་ནས་ཏང་གི་ཚོགས་ཆེན་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་བསྟུན་ཟིང་འཁྲུག་སྔོན་འགོག་ཆེད། སྤྱི་ཚོགས་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་འགོ་ཚུགས་ཡོད་པ་དང་། ཟླ་འདིའི་ཚེས་༢ ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉེན་རྟོག་ཁང་གིས། རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ ༢༤༨ བསྡུས་ཏེ་ཁྲིམས་ལུགས་ཟབ་སྦྱོང་ཞིག་སྤྲད་ཡོད་འདུག

ཟབ་སྦྱོང་དེ་མཚོ་སྔོན་ཕྱོགས་གཅིག་པུ་ཙམ་མ་ཡིན་པར་བོད་ལྗོངས་དང་སི་ཁྲོན་ཕྱོགས་སུའང་ཚོགས་ཡོད་པ་དང་། ཟབ་སྦྱོང་གི་བརྗོད་དོན་གཙོ་བོ་ནི་“སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་དོ་དམ་དང་ལྟ་སྐུལ་འགན་འཁྲིའི་འདུ་ཤེས་མཐོར་འདེགས། ཚོགས་པའི་གཏམ་གླེང་བྱ་སྤྱོད་ཚད་ལྡན། ཚོགས་པའི་གཏམ་གླེང་ནང་དོན་ཁྲིམས་མཐུན་ལ་འགེབས་སྲུང་། ཁྲིམས་འགལ་ནག་ཉེས་བྱ་སྤྱོད་དང་གནོད་སྐྱོན་ཡོད་པའི་ཆ་འཕྲིན་སྣ་ཚོགས་བཀག་འགོག ཧུར་ཐག་གིས་བདེ་འཇགས་དྲ་རྒྱའི་འབྲེལ་འདྲིས་ཁོར་ཡུག་ཅིག་བསྐྲུན་པ།”ཞེས་པ་ཡིན་འདུག

ཟབ་སྦྱོང་ཚོགས་འདུའི་སྐབས་མི་མང་ཉེན་རྟོག་པས། ཚོགས་ཞུགས་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་རྣམ་པས་ཟབ་སྦྱོང་བརྒྱུད་སྲིད་འཛིན་ཞི་ཅིན་ཕིན་གྱི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་གཏམ་བཤད་གལ་ཆེན་ཟེར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས། མཉམ་འབྲེལ་དྲ་རྒྱའི་ཚོགས་པའི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་ཁེལ་ཟེར་བ་སོགས་གཞིར་བཟུང་། སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་དོ་དམ་འགན་འཁྲི་དང་སྒྲིག་ཁྲིམས་གཙི་སྲུང་གི་འདུ་ཤེས་སྔོན་ལས་ཇེ་དམ་དང་། སྐད་འཕྲིན་ཚོགས་པ་སོ་སོའི་ཚོགས་གཙོས་རྗེས་ཕྱོགས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཞོར་དུ། སྐད་འཕྲིན་ཚོགས་པའི་ཚོགས་མིས་སྤེལ་བའི་ཁྲིམས་འགལ་ནང་དོན་ལ་དོ་དམ་ནན་པོ་བྱས་ཏེ། ཆགས་སྲེད་དང་། འཇིགས་སྐུལ། བརྡ་འཕྲིན་རྫུན་མ། གཡོ་ཚོང་རྒྱན་འཇོག་སོགས་ཁྲིམས་འགལ་ཀྱི་ཆ་འཕྲིན་རིགས་ཚོགས་པའི་ནང་གཏན་འགོག་དགོས་སྐོར་བཀའ་རྒྱ་བསྒྲགས་ཡོད་འདུག

རྒྱ་ནག་གིས་ཏང་གི་ཚོགས་ཆེན་དང་འབྲེལ་རྒྱ་ནག་ནང་ལོག་གི་སྤྱི་ཚོགས་དྲ་རྒྱ་ཁག་ལ་དམ་དྲག་དང་། ཉེ་ལམ་ནས་ཕྱི་ལོག་གི་སྤྱི་ཚོགས་དྲ་རྒྱ་(whatsapp)དང་དྲ་འགོག་བརྒལ་ཆས་(VPN)སོགས་རྒྱ་ནག་ནང་དུ་གཏན་འགོག་བྱས་ཡོད་པ་དང་། ཁ་སང་རྒྱ་ནག་སྤྱི་མང་བདེ་སྲུང་ལས་ཁུངས་ཀྱི་བློན་ཆེན་གོ་ཧྲིན་ཁུན་(Guo Shengkun)གྱིས།  ཨ་རིའི་གཞུང་ལ་རྒྱ་ནག་དང་མཉམ་འབྲེལ་གྱིས་དྲ་རྒྱའི་བདེ་འཇགས་ལ་ཡིད་གཟབ་དང་། ཕན་ཚུན་གནོད་གཞི་ཡོད་པའི་སྐད་ཆ་རིགས་སྤྱི་ཚོགས་དྲ་ལམ་དུ་བཏང་བ་ཡིན་ན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་ཡོང་བའི་ཉེན་བརྡའང་བཏང་ཡོད་འདུག

 ལྷོ་ཕྱོགས་ས་གནས་གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist