མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སམ་སཱང་ལ་བྱུང་མ་མྱོང་བའི་དཀའ་རྙོག་འབྱུང་ཉེན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp
སམ་སཱང་གློག་འཕྲུལ་བཟོ་གྲྭའི་འགན་འཛིན་ཀཱ་ཝོན་ཨོ་ཧུ་འུན་གྱིས་མ་འོངས་པར་བཟོ་གྲྭ་དེར་དཀའ་རྙོག་ཅིག་ཡོང་ཉེན་ཡོད་སྐོར་བརྗོད་དེ་ལས་གནས་ནས་རྩ་དགོངས་ཞུས་འདུག
 སི་ཨིན་ཨིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སམ་སཱང་གློག་འཕྲུལ་བཟོ་གྲྭའི་འགན་འཛིན་ཀཱ་ཝོན་ཨོ་ཧུ་འུན་(Kwon Oh-hyun)གྱིས་སམ་སཱང་བཟོ་གྲྭ་ནས་རྩ་དགོངས་ཞུས་ཡོད་པ་དང་། ཁ་སང་ནི་རྒྱལ་སྤྱིའི་ཁྲོམ་རའི་ནང་སམ་སཱང་བཟོ་གྲྭའི་མ་འོངས་ཚོང་གི་ཁེ་བཟང་སྔར་ལས་བཞི་ཆ་གཅིག་གིས་མང་དུ་འགྲོ་རྒྱུ་ཡིན་པའི་སྔོན་བརྡ་འབྱོར་བའི་ཉིན་མོའང་ཡིན་འདུག

ཀཱ་ཝོན་གྱིས་རྩ་དགོངས་ཞུས་རྗེས། དུས་ཡུན་རིང་པོ་ཞིག་ནས་རྩ་དགོངས་ཞུ་འདོད་ཡོད་ཀྱང་། ད་ལྟ་བར་དུ་རྩ་དགོངས་ཞུ་མ་ཐུབ་པར་ལྷག་སོང་བ་དང་། དེང་སྐབས་སམ་སཱང་བཟོ་གྲྭ་དེ་ཕྱི་ནང་གཉིས་ཀར་སྔོན་ཆད་བྱུང་མ་མྱོང་བའི་དཀའ་རྙོག་ཅིག་ཡོང་བའི་ཉེན་ཁ་ཡོད་པར་བརྟེན། སམ་སཱང་བཟོ་གྲྭ་འདི་རྣམ་པ་གསར་པ་ཞིག་ལ་ཁ་ཕྱོགས་བསྒྱུར་དགོས་པའི་དུས་ཚོད་བསླེབས་འདུག་དྲན་གྱི་ཡོད། སམ་སཱང་བཟོ་གྲྭ་འདི་མགོ་ཁྲིད་གསར་པ་དང་སེམས་ཤུགས་ཡོད་མཁན་ཚོས་དེང་སྐབས་ཀྱི་འགྱུར་བ་སྐྱེན་པའི་འཕྲུལ་ཆས་བཟོ་གྲྭའི་དཀའ་ངལ་དེ་དག་ལ་གདོང་ལེན་དང་རྣམ་པ་གསར་པ་ཞིག་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད། ཅེས་བརྗོད་འདུག

སིང་ག་པུར་རྒྱལ་ཁབ་ཀྱི་བཟོ་ལས་འཕྲུལ་རིག་གི་མི་སྣ་གཙོ་གྲས་རཱ་ཡན་ལཱིམ་(Ryan Lim)གྱིས། ད་ལྟའི་སམ་སཱང་འཛིན་སྐྱོང་གི་སྒྲོམ་གཞི་ནི་མགོ་རྙོག་ཅན་ཞིག་ཡིན་པ་དང་། གནས་སྐབས་དཀའ་རྙོག་དེ་གཙང་སེལ་བྱེད་ཐུབ་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། དེ་ནི་སམ་སཱང་བཟོ་གྲྭའི་མགོ་འཁྲིད་ཀྱི་དཀའ་རྙོག་ཅིག་རེད། ཅེས་བརྗོད་འདུག

ཀཱ་ཝོན་ཨོ་ཧུ་འུན་ནི་སམ་སཱང་གློག་འཕྲུལ་བཟོ་གྲྭར་འགན་འཛིན་གཙོ་བོ་གསུམ་ཡོད་པའི་ནང་ནས་གཅིག་ཡིན་སྟབས། ཕྱི་ལོ་  ༢༠༡༨ ལོའི་ཟླ་ ༣ བར་དུ་ཁོང་གིས་འགན་འཛིན་ལྷན་ཚོགས་ནང་ལས་ཀ་བྱེད་དགོས་ཀྱི་ཡོད་འདུག སམ་སཱང་བཟོ་གྲྭའི་འབྲེལ་མཐུད་པས་གང་མགྱོགས་སམ་སཱང་གློག་འཕྲུལ་བཟོ་གྲྭའི་འགན་འཛིན་འདེམས་སྒྲུག་བྱ་རྒྱུ་ཡིན་ཡང་། ད་ལྟའི་ཆར་ཟླ་ཚེས་ག་དུས་ཤིག་ལ་འགན་འཛིན་འདེམས་སྒྲུག་བྱ་རྒྱུ་ཡིན་མིན་བཤད་ཐུབ་ཀྱི་མི་འདུག ཅེས་བརྗོད་ཡོད་པ་རེད།

སམ་སཱང་བཟོ་གྲྭའི་སྦྱིན་བདག་ལི་ཇའེ་ཡཱོང་(Lee Jae-yong)གིས་ལྐོག་དངུལ་ཨ་སྒོར་ས་ཡ་ ༣༦ སྤྲད་པའི་ནག་ཉེས་འོག ད་ལོའི་ཕྱི་ཟླ་ ༨ པར་ཁྲིམས་ཁང་ནས་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་འདུག ཡིན་ནའང་། སམ་སཱང་གི་ཚོང་ལ་དོ་ཕོག་གང་ཡང་བྱུང་མེད་པ་མ་ཟད། དེང་སྐབས་རྒྱལ་སྤྱིའི་ཁ་པར་ཁྲོམ་རའི་ནང་སམ་སཱང་ནི་ཁེ་བཟང་ཆེས་མང་ཤོས་ཤིག་ཡིན་པ་དང་། ད་ལོ་ནས་སམ་སཱང་གི་ཁ་པར་གྱི་བྱང་བུའི་(Memory Chips)ཤོང་ཚད་སྤར་བར་བརྟེན་ལོ་སྔོན་མ་དང་བསྡུར་ན། ད་ལོའི་ཕྱི་ཟླ་ ༧། ༨། ༩ བཅས་ཀྱི་ནང་ཚོང་གི་ཁེ་བཟང་ལྡབ་གསུམ་གྱིས་འཕར་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese