མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཡི་དགོངས་དོན་ཟེར་བ་རྩ་ཁྲིམས་ནང་བཀོད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་ཤོག་ཚོགས་ཆེན་མཇུག་སྡོམ་ཐོག་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་བསམ་བློ་ཟེར་བ་དང་ཁོ་རང་གི་མིང་བཅས་རྩ་ཁྲིམས་ནང་བཀོད་ཡོད་འདུག

དེ་རིང་ཏང་གི་ཚོགས་ཆེན་ ༡༩ པ་མཇུག་བསྡུའི་མཛད་སྒོའི་སྟེང་། ཞི་ཅིན་ཕིན་བསྐྱར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་འཛིན་ལ་འདེམ་ཐོན་བྱུང་སྟེ། འབྱུར་འགྱུར་ཕྱི་ལོ་ ༢༠༢༢ བར་སྲིད་འཛིན་གྱི་ལས་ཡུན་གཉིས་པ་འཁུར་རྒྱུ་ཡིན་པ་མ་ཟད། ཞི་ཡི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཞེས་པ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་འགོད་རྒྱུ་ཐག་བཅད་ཡོད་འདུག

དེ་སྔོན་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་དུང་དང་ཏི་ཞོན་ཕིན་གཉིས་ཀྱིས་སོ་སོའི་མིང་དང་ལྟ་གྲུབ་བཅས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ནང་བཀོད་དེ། དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་གི་མགོ་ཁྲིད་གལ་ཆེ་ཤོས་གཉིས་ལ་རྩིས་ཡོད་པ་དང་། དེའི་རྗེས་མགོ་ཁྲིད་ཟུར་པ་ཧྲུའུ་ཅིན་ཐའོ་དང་ཅང་ཙི་མེན་གཉིས་ཀྱིས་དམར་ཤོག་རྩ་ཁྲིམས་ནང་སོ་སོའི་ལྟ་གྲུབ་བཀོད་ཐུབ་ཡོད་ཀྱང་། མའོ་དང་ཏི་ཞོན་ཕིན་ལྟར་མིང་འགོད་ཐུབ་མེད་པ་རེད། འདས་པའི་ལོ་ངོ་ ༢༠ མ་ཟིན་ཙམ་ཞིག་གི་ནང་དམར་ཤོག་ལོ་རྒྱུས་ཁྲོད། ཞི་ཅིན་ཕིན་དམར་ཤོག་ཚོགས་པའི་རྩ་ཁྲིམས་སྟེང་མིང་དང་ལྟ་གྲུབ་གཉིས་ཆ་འགོད་མཁན་སྲིད་འཛིན་ཨང་གསུམ་པ་དེ་ཆགས་ཡོད་པ་རེད།

དམར་ཤོག་ཚོགས་པའི་ལམ་སྲོལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་རྣམས་ཀྱི་ལྟ་གྲུབ་ནི་དམར་ཤོག་ཚོགས་པའི་རྩ་ཁྲིམས་ནང་བཀོད་པ་ཙམ་མ་ཡིན་པར་འབྱུང་འགྱུར་གྱི་དམར་ཤོག་ཚོགས་པའི་ཁ་ཕྱོགས་ལ་ལམ་སྟོན་གྱི་ལྟ་གྲུབ་ཅིག་ཆགས་ཀྱི་ཡོད་སྟབས། ཞི་ཡི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཞེས་པ་མི་འགྱངས་བར་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་གི་སློབ་ཚན་དུ་འཇོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

དེ་རིང་གི་ཚོགས་ཆེན་གྱི་མཇུག་བསྡུའི་གྲོས་ཆོད་ལྟར་ན། ལོ་ན་ ༦༤ ཡིན་པའི་ཞི་ཅིན་ཕིན་རྒྱ་ནག་གི་མགོ་འཁྲིད་ཨང་དང་པོ་དང་། ལོ་ན་༦༢ ཡིན་པའི་ལི་ཁུ་ཆང་མགོ་ཁྲིད་ཨང་གཉིས་པར་འདེམ་ཐོན་བྱུང་སྟེ། ཞི་དང་ལི་གཉིས་ཕྱི་ལོ་ ༢༠༡༢ ལོ་ནས་ ༢༠༢༢ བར་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་གཙོ་འཛིན་མི་སྣ་ཆགས་རྒྱུ་ཡིན་པ་དང་། གཞན་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་གཙོ་འཛིན་མི་སྣ་ལྔ་དང་ཚོགས་མི་བཅས་པ་སང་ཉིན་གསར་བསྒྲགས་བྱ་རྒྱུ་ཡིན་འདུག་ལ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ལྷན་ཚོགས་ནང་འཐུས་མི་ ༢༢༡  ཡོད་པ་ལས་ མི་ ༢༠༤ འདེམ་ཐོན་བྱུང་ཡོད་འདུག

ཡང་སི་ཨན་ཨན་གསར་ཁང་གི་གསར་འགྱུར་ནང་། དེ་རིང་ཏང་གི་ཚོགས་ཆེན་མཇུག་བསྡུའི་མཛད་སྒོའི་ཐོག དམར་ཤོག་ཚོགས་པའི་རྩ་ཁྲིམས་ནང་ཞི་ཅིན་ཕིན་གྱི་མིང་དང་ལྟ་གྲུབ་གསར་འཇོག་གིས་བཅོས་སྒྱུར་བྱེད་སྐབས། རྒྱལ་ཡོངས་ཀྱི་འཐུས་མི་ ༢༢༠༠ལྷག་གིས་དུས་གཅིག་ལ་ལག་པ་ཡར་སྒྲེང་སྟེ། དམར་ཤོག་ཚོགས་པའི་རྩ་ཁྲིམས་བཅོས་སྒྱུར་ལ་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད།  སྐབས་དེར་མདོ་འཛིན་པའི་མིན་འདུག་ཅེས་མོས་མཐུན་མེད་པའི་མི་གཅིག་ཀྱང་མེད་སྐོར་བསྒྲགས་ཡོད་པ་དང་།

ཧོང་ཀོང་རྒྱ་ནག་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་ཝེ་ལེ་ལམ་(Willy Lam)ལགས་ཀྱིས། ད་ལྟ་ཞི་ཅིན་ཕིན་ལ་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྒྱབ་སྐྱོར་ཡོད་སྟབས། ཇི་སྲིད་ཁོ་རང་གི་ལུས་པོའི་འཕྲོད་བསྟེན་གྱིས་འཇོན་པ་ཡིན་ན་དེ་སྲིད་རྒྱལ་པོ་ལྟར་ཚེ་གང་ཆབ་སྲིད་དབང་ཆ་ལ་བརྙེས་ཏེ་འདུག་ཆོག་གི་ཡོད། ཅེས་བརྗོད་འདུག

 གསར་འགོད་པ།  སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 2

  1. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༄༅། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོ་ལ་བསྟོད་རྒྱུ་གང་ཡང་མི་འདུག།
    ཚང་་མ་རང་དོན་ཁོ་ནའི་ལས་དོན་བྱེད་ཀྱི་ཡོད་པ་རེད། ངེས་བརྟན་ཅི་ཡང་མེད།
    མི་མང་དུང་ཕྱུར་མང་པོ་ཞིང་པ་དབུལ་པོ་ཤ་སྟག་རེད། དེ་ཚོའི་དཀའ་ངལ་སུས་སེལ་།
    སྙིང་རྗེ་ད་རིང་ལྟོ་ཟ་རྒྱུ་ཡོད་ཀྱང་སང་་ཉིན་མེད་པའི་གནས་སྟངས་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    མི་མང་མང་གཙོ་ཁྲིམས་ཡིག་འོག་ཏུ་འཚོ་།
    གྲལ་རིམ་དམངས་གཙོ་གཅིག་བསྡུད་འོག་ཏུ་འཚོ་།ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese