མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༦༠ ལྷག་སྐྱབས་བཅོལ་དུ་བསླེབས།

བོད་ཀྱི་དུས་བབ།
༢༠༡༨/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོར་བོད་ནས་རང་ལོ་ ༦ ཡས་མས་ནས་ཕལ་ཆེ་བ་ལོ་ ༤༠ མར་འདབས་ཡིན་པའི་ཁྱོན་བོད་མི་སེར་སྐྱ་གྲངས་ ༦༠ ལྷག་སྐྱབས་བཅོལ་དུ་བསླེབས་ཡོད་འདུག

འདི་གའི་གསར་འགོད་པས་དབུས་སྣེ་ལེན་ཁང་གི་འགན་འཛིན་དཔལ་ལྡན་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༡ ནས་ ༡༢ བར་བོད་ནས་ཁྱོན་བོད་མི་སེར་སྐྱ་རྒན་གཞོན་གྲངས་ ༦༠ ལྷག་བསླེབས་ཡོད་པ་དང་། ལོ་ན་ཆུང་ཤོས་ལོ་ ༦ ཡས་མས་ནས་ཕལ་ཆེ་བ་ཞིག་ལོ་ ༤༠ མར་འདབས་ཡིན་ཞིང་ཐོག་མའི་དམིགས་ཡུལ་ལྟར། རང་ལོ་ ༦ ཡས་མས་ཅན་ཚུད་པའི་གྲྭ་བཙུན་ ༢༠ ལྷག་དགོན་སྡེ་ཁག་ཏུ་ཕྱིན་པ་དང་། མི་ ༢༠ ལྷག་སོ་སོའི་ལོ་ཚད་དང་བསྟུན་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དང་སུ་ཇ་བོད་ཁྱིམ། དྷ་སྟེང་བོད་ཁྱིམ་སོགས་ཀྱི་ནང་དུ་སློབ་ཞུགས་བྱས། དེ་མིན་གྱི་ལོ་ཆེན་པོ་ཡིན་པ་ཁག་ཅིག་རྒྱ་གར་ནང་གནས་སྡོད་ཆོག་པའི་ཡིག་ཆ་ཆ་ཚང་བཟོས་རྗེས། བཞུགས་སྒར་དྷ་རམ་ས་ལ་སོགས་སུ་སོ་སོའི་གཉེན་ཚན་དང་མཉམ་དུ་རང་འཚོའི་གཏན་སྡོད་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་འཕྲོད་བསྟེན་གྱི་ཛ་དྲག་དཀའ་ངལ་འོག་སྐྱབས་བཅོལ་དུ་ཡོང་མཁན་ཡང་བྱུང་ཡོད་སྟབས། ནད་གཞི་ཛ་དྲག་ཅན་དེ་འདྲ་ག་ཚོད་བྱུང་ཡོད་དྲིས་པར་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། བོད་ནང་དུ་སྨན་བཅོས་བྱེད་ཐབས་བྲལ་ཏེ་ཤི་རྒྱུ་མ་གཏོགས་མི་འདུག་ཅེས་ལབ་པར་བརྟེན། རྒྱ་གར་ནང་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་འོད་ཟེར་ལ་བརྟེན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་རྐྱེན་སྦྱར་ཏེ་སྨན་བཅོས་ཤིག་རག་ཨེ་ཡོང་བསམ་ནས་ཡོང་མཁན་རེ་ཟུང་ཡོང་གི་འདུག ཕྱི་ལོ་ ༢༠༡༦ ལོར་བོད་ནས་མི་ ༡༠༠ ལྷག་འབྱོར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་མི་ ༦༠ ལྷག་འབྱོར་བའི་ནང་དུ་གཉན་ནད་རག་དུག་གི་ནད་འབུ་(HIV)སོགས་འགོས་ནད་ཚབས་ཆེན་རིགས་ཡོད་མཁན་གཅིག་ཀྱང་བྱུང་མ་སོང་། ཡིན་ནའང་། མཆིན་པའི་གཉན་ཚད་(Hepatitis B)ཡོད་མཁན་མང་པོ་འདུག དེ་ནས་སྨན་བཅོས་ཚབས་ཆེན་པོ་བྱེད་དགོས་པ་དེ་འདྲ་ཁ་ཤས་ཤིག་བྱུང་སོང་། དཔེར་ན་བུ་མོ་ཞིག་ལ་གློ་བ་དང་སྙིང་ནད་པ་ཆགས་ཏེ་རྒྱ་ནག་གི་སྨན་པ་ཚོས་སྙིང་བརྗེ་བོ་བརྒྱབ་དགོས་པ་དང་། སྙིང་བརྗེ་བོ་བརྒྱབ་ན་རྒྱ་སྒོར་འཕོན་ཆེན་འགྲོ་ཡི་ཡོད་སྐོར་བརྗོད་འདུག འདིར་བསླེབས་དུས་ང་ཚོས་བླ་སྨན་པ་ཚེ་བརྟན་ལགས་སུ་བསྟན་ཏེ་གློ་བའི་ཆུ་བཏོན་པ་དང་། རྒྱ་གར་གྱི་སྨན་པ་སྐད་གྲགས་ཆེན་པོ་དེ་ཚོར་སྟོན་སྐབས་གློ་བ་ནད་པ་ཡིན་པས་སྙིང་གི་ནུས་ཤུགས་བཅགས་པ་ཡིན་སྟབས། གློ་བ་དྲག་སྐྱེད་བྱུང་ན་སྙིང་གི་འཕར་ཚད་རང་བཞིན་གྱིས་ཚད་ལྡན་དུ་འགྱུར་རྒྱུ་ཡིན་པ་གསུངས་པ་ལྟར། ཟླ་བ་མང་པོར་སྣེ་ལེན་ཁང་དུ་ཉར་དེ་སྨན་བཅོས་བྱས་པ་བརྒྱུད་ད་ལྟ་ཡག་པོ་དྲག་ཡོད་པ་མ་ཟད། མོ་རང་སློབ་གྲྭར་ཕྱིན་ཏེ་སློབ་སྦྱོང་བྱེད་བཞིན་པ་རེད།

གཞན་ཡང་། ས་ཆ་ཁུག་ཁྱོག་གི་རྒྱ་ནག་གི་སྨན་ཁང་ཆུང་ཆུང་དེ་ཚོས་ན་ཚ་ག་རེ་ན་བ་ཡིན་ནའང་། ཟུག་བཅག་གི་སྨན་སྤྲད་དེ་གནས་སྐབས་རིང་དྲག་ཐབས་དེ་འདྲ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ན་ཚ་གཞན་མང་པོ་བཟོ་ཡི་ཡོད་ས་རེད། དཔེར་ན། གྲྭ་བ་ཞིག་གིས་ཟུག་བཅག་གི་སྨན་མང་པོ་ཟོས་པའི་རྐྱེན་གྱིས་ན་ཚ་མང་པོ་བསླངས་འདུག ཁོ་རང་གློ་བའི་གཉན་ཚད་(TB)དང་། མཆིན་པའི་གཉན་ཚད་ (Hepatitis B )ཀྱི་འབུ་ཡི་ཚད་ཀྱང་མཐོ་བོ་ཞེ་དྲགས་ཡིན་པའི་ཁར། མཁལ་མ་གཅིག་ཀྱང་རྦད་དེ་རུལ་ནས་འཕྲོ་བརླག་ཏུ་ཕྱིན་ཚར་བ་ཞིག་འདིར་ཕེབས་བྱུང་། ང་ཚོས་སྨན་བཅོས་ཡོད་དགུ་རྩལ་དྲུག་བྱས་ཏེ་བླ་སྨན་པ་ཚེ་བརྟན་ལགས་ཀྱི་ལམ་སྟོན་ཇི་བཞིན་མཁལ་མར་གཤག་བཅོས་བྱས་པ་དང་། གློ་བའི་གཉན་ཚད་སྨན་བཅོས་བྱས་རྗེས། དེང་སང་ཁོ་རང་ཡག་པོ་དྲག་སྟེ་དགོན་པར་ཕྱིན་ནས་དཔེ་ཆར་ཡག་པོ་ལྟ་ཡི་འདུག ཁོང་འགྲོ་སྐབས་ང་ཚོར་ཡི་གེ་ཞིག་བཞག་སྟེ། ཁོང་བོད་ལ་ཡོད་དུས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབུ་འཁྲིད་པའི་བཙན་བྱོལ་གཞུང་ནས་ཉམ་ཐག་ཚོར་འདི་འདྲ་གཟིགས་སྐྱོང་ཡག་པོ་ཡོད་པ་རེད་དྲན་མ་སོང་ཡང་ཞེ་དྲགས་བཀའ་དྲིན་ཆེན་པོ་བྱུང་ལབ་འདུག ཅེས་བརྗོད་བྱུང་།

དབུས་སྣེ་ལེན་ཁང་གི་འབྱོར་ཐོའི་རོབ་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ལོར་བོད་ནས་སེར་སྐྱ་ཁྱོན་ ༧༧༠ བསླེབས་ཡོད་པ་དང་། ༢༠༡༡ ལོར་ ༧༥༣། ༢༠༡༢ ལོར་ ༧༥༦། ༢༠༡༣ ལོར་ ༡༥༠། ༢༠༡༤ ལོར་ ༡༢༠། ༢༠༡༥ ལོར་ ༨༧། ༢༠༡༦ ལོར་ ༡༠༠ ལྷག་བཅས་སྐྱབས་བཅོལ་དུ་ཡོང་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོའི་ཚུན་དུ་བོད་ནས་ཡོང་མཁན་མང་ཤོས་དེ་ ༢༠༠༥ ལོར་ཁྱོན་བོད་མི་ ༣༡༢༩ ཙམ་རྒྱ་གར་ནང་འབྱོར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༣ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese