མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་བློ་གྲོས་ལགས་གར་ཡོད་ཅི་བྱུང་མེད་པར་གྱུར།

བོད་ཀྱི་དུས་བབ།
༢༠༡༨/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཞི་རྒོལ་སྐད་འབོད་གནང་རྗེས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོ་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཞི་རྒོལ་སྐད་འབོད་གནང་རྗེས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་སྟབས། ནང་མི་འབྲེལ་ཡོད་ཚོས་ཁོང་རྒྱ་ནག་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱས་ཡོད་པའི་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་འདུག ཡིན་ནའང་། ཞི་རྒོལ་སྐད་འབོད་སྐབས་ཁོང་གིས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་སོགས་ད་ལྟའི་ཆར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་ཉེན་རྟོག་པས་ཆབ་སྲིད་ཀྱི་གནད་དོན་འོག་སོག་མཁར་བློ་གྲོས་ལགས་སྔ་རྗེས་ཐེངས་མང་པོར་འཛིན་བཟུང་གིས་བཀག་ཉར་དང་བཙོན་འཇུག་མནར་གཅོད་མྱངས་ཡོད་པ་རེད།  ཐོག་མར་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡ ཚེས་༡༧ ཉིན་སྒེར་འཁོན་ཞིག་གིས་ནག་ཆུ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ལོ་ ༡༥ ཡི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༣ ཚེས་ ༤ ཉིན་བཙོན་ཁང་ནང་དུ་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ “བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན།” ཞེས་སྐད་འབོད་བྱས་པ་དང་། ཁོ་རང་གིས་ལག་བྲིས་བྱས་པའི་ཡིག་ཆ་ ༣༠༠ ལྷག་ཙམ་བཀྲམས་པར་བརྟེན། ཉིན་གསུམ་ལས་མ་འགྱངས་བར་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས། ཡིན་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལྟ་རྟོག་ཚོགས་པའི་འགན་འཛིན་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ནས་གནོན་ཤུགས་སྤྲད་དེ་སྲོག་ཁྲིམས་ལོ་དྲུག་ལ་ཕྱིར་འགྱང་གིས་མུ་མཐུད་བཙོན་འཇུག་བྱས་པ་དང་། ཆབ་སྲིད་ཐོབ་ཐང་ལོ་གསུམ་འཕྲོག ཕྱི་ལོ་ ༢༠༡༣ ཟླ་ ༥ པའི་ནང་བཙོན་གྲོལ་ཐོབ་ཡོད་ཀྱང་བཟང་བཙོན་འོག་འགྲོ་འདུག་གི་རང་དབང་མེད་པར་ལོ་བཞིར་འདུག་དགོས་བྱུང་།

ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གི་དབང་ཡོད་གོ་སྒྲིག་འོག་བོད་ཤར་ཕྱོགས་རྫོང་ཁག་ཅིག་ཏུ་སྟག་གཟིག་གི་པགས་པ་གྱོན་བཅུག་སྟེ་གཞས་སྣ་འཁྲབ་སྟོན་དང་། མི་མང་ལ་ལྟད་མོ་ལྟ་རུ་བཅུག་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ས་གནས་སྲིད་གཞུང་གིས་བོད་ཀྱི་ས་ཁུལ་གཞན་དུ་སློབ་གཉེར་བྱེད་དུ་ཕྱིན་པའི་གྲྭ་བཙུན་རྣམས་ཕྱིར་རང་ཁྱིམ་དུ་ལོག་དགོས་པ་དང་། གལ་ཏེ་མ་ལོག་པ་ཡིན་ན་ཁྱིམ་མི་ཚོར་དབྱར་རྩྭ་དགུན་འབུ་བརྐོ་རུ་འཇུག་རྒྱུ་མིན་པ་མ་ཟད། ནང་མི་རྣམས་བཙོན་བཅུག་བྱ་རྒྱུ་ཡིན་པ་སོགས་བརྗོད་དེ་འཇིགས་སྐུལ་བྱེད་སྐབས། བློ་གྲོས་རྒྱ་མཚོ་ལགས་ཀྱིས་སློབ་གཉེར་བ་ཚོར་སློབ་སྦྱོང་བྱེད་པའི་རང་དབང་མེད་པར་བཙན་གྱིས་འབོད་འགུག་བྱེད་པ་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་ཚོས་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་བསགས་མེད་ཅེས་ཡར་ཞུ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོར་ཁོང་ཐེངས་ཁ་ཤས་ལ་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རྒྱ་གཞུང་གིས་སྔ་རྗེས་མང་པོར་བཙོན་འཇུག་བྱས་པའི་བློ་གྲོས་རྒྱ་མཚོ་ལགས་ཀྱིས། གལ་ཏེ་ང་རང་མི་གཞན་དང་འདྲ་བར་ཆབ་སྲིད་ཀྱི་ཉེས་པ་འདི་ལས་ཐར་ཚེ། ངས་བོད་ཀྱི་ཉི་མ་ལྷ་སར་ཞི་བདེའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན། རྒྱུ་མཚན་ནི་༧གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་ཞི་བདེའི་དབུ་ཁྲིད་ཡིན་པས་བོད་ལ་མྱུར་དུ་ཕེབས་ཏེ། རྒྱ་ནག་གི་གཙོས་འཛམ་གླིང་གི་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་རྣམས་མེད་པ་བཟོ་རྒྱུ་དང་། བོད་འདི་འཛམ་གླིང་གི་ཞི་བདེའི་ལྟེ་གནས་ཤིག་ཡོང་བ་སོགས་འཛམ་གླིང་གི་ཞི་བདེ་ལ་ཕན་པའི་ཆེད་དུ་སྐད་འབོད་བྱ་རྒྱུ་ཡིན་ཞེས་རྒྱུན་དུ་བཤད་ཀྱི་ཡོད་འདུག

བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་ནི་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༧ ཙམ་ཡིན་པ་དང་། ཁོང་ལ་སྲིང་མོ་ ༥ དང་གཅུང་པོ་གཅིག་ཡོད་འདུག བློ་གྲོས་རྒྱ་མཚོ་ལགས་ཆུང་དུས་པ་ལགས་ཀྱི་མདུན་ནས་གཏམ་ཡིག་རྩིས་སྦྱང་བའི་ཐོག གཟུགས་པོ་བདེ་པོ་ཡོད་པས་སོག་རྫོང་ཟློས་གར་ཚོགས་པའི་འཁྲབ་སྟོན་པའི་ནང་ཞུགས་ཡོད་པ་དང་། དེ་སྔོན་ནག་ཆུ་ས་ཁུལ་གྱི་ཤེད་རྡོ་འགྱོག་པའི་འགྲན་སྡུར་ནང་ཁོང་གིས་ཨང་དང་པོའི་བྱ་དགའ་ཐེངས་གཉིས་ལ་བླངས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese