མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཨང་སེན་སོ་སྐྱིད་ཀྱི་སྒོ་རའི་ནང་འགད་རྫས་གཡུགས།

བོད་ཀྱི་དུས་བབ།
༢༠༡༨/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འབར་མའི་དམངས་གཙོའི་དབུ་ཁྲིད་ཨང་སེན་སོ་སྐྱིད་ཀྱི་སྒོ་རའི་ནང་འབར་གས་ཤིག་གཡུགས་ཡོད་ཀྱང་རྗེས་སུ་མི་དེའི་སེམས་ཁམས་ལ་སྐྱོན་ཡོད་པའི་ངོས་འཛིན་འོག་ཁྲིམས་ཆད་ཕོག་རྒྱུ་མིན་སྐོར་བརྗོད།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་འབར་མའི་ཉེན་རྟོག་པས་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་དང་འབར་མ་རྒྱལ་ཁབ་ཀྱིི་སློབ་སྟོན་པ་ལྕམ་ཨང་སེན་སོ་སྐྱིད་ལགས་ཀྱི་སྡོད་ཁང་དུ་སྣུམ་འབར་འགད་རྫས་ཤིག་གཡུག་པའི་དོགས་གཞིའི་འོག  ལོ་ན་  ༤༨  ཡིན་པའི་མིང་ལ་ཝེན་ནེན་(Win Naing)ཟེར་བ་ཞིག་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱས་ཡོད་ཀྱང་ཁྲིམས་ཆད་ཕོག་རྒྱུ་མིན་སྐོར་རྗོད་བཞིན་ཡོད་པ་རེད།

འབར་མའི་ཉེན་རྟོག་པས་བརྗོད་པ་ལྟར་ན། ཟླ་འདིའི་ཚེས་ ༡ ཉིན་མི་ཞིག་གིས་རླངས་འཁོར་ལས་བརྙན་ཕབ་ལེན་བྱས་ཡོད་པའི་ནང་། དོགས་ཡོད་མི་སྣ་དེས་གློ་བུར་དུ་ལྕམ་ཨང་སེན་སོ་སྐྱིད་ལགས་ཀྱི་སྡོད་ཤག་ཏུ་སྣུམ་འབར་འགད་རྫས་ཤིག་གཡུགས་ཏེ་བྲོས་ཡོད་ཀྱང་།  འབར་གས་ཀྱིས་ཁང་པའི་ཕྱི་རོལ་དུ་ཆུ་འདྲེན་བྱེད་འགྱིག་ཅིག་ཡོད་པ་དེ་འཚིགས་ཡོད་པ་ལས་གནོད་སྐྱོན་ཚབས་ཆེན་བཟོས་མེད།  ཅེས་བརྗོད་ཡོད་པ་དང་།  འབར་མའི་གཞུང་གི་མགྲིན་ཚབ་པ་སྐུ་ཞབས་རྫའོ་ཧ་ཊི་(Zaw Htay)ལགས་ཀྱིས། དོན་རྐྱེན་བྱུང་སྐབས་ལྕམ་ཨང་སེན་སོ་སྐྱིད་ལགས་རྒྱལ་ས་རུ་ཡོད་པ་ལས་རང་ཤག་ཏུ་མེད།  ཅེས་བརྗོད་ཡོད།

ཡང་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན།  འགད་རྫས་གཡུག་མཁན་དེའི་སེམས་ཁམས་ལ་སྐྱོན་ཡོད་པ་དང་།  ཁོས་ནོར་འཁྲུལ་ཤོར་ཏེ་འགད་རྫས་གཡུགས་ཡོད་ཚུལ་བཤད་ཡོད་སྟབས་ཁྲིམས་ཆད་ཕོག་རྒྱུ་མིན་སྐོར་བརྗོད་འདུག་ལ།  ཕྱི་ལོ་ ༡༩༩༦ ལོར་མི་ ༢༠༠ མ་ཟིན་ཙམ་ཞིག་གིས་གློ་བུར་དུ་ལྕམ་ཨང་སེན་སོ་སྐྱིད་དང་མོའི་སྲིད་དོན་ཚོགས་པའི་ཚོགས་གཞོན་གཉིས་རླངས་འཁོར་ནང་ལྐོག་གསོད་གཏོང་རྩིས་བྱས་ཡོད་ཀྱང་། ཁ་ལོ་བས་ཁོ་གཉིས་ཀྱི་སྲོག་སྐྱོབ་ཐུབ་ཡོད་པ་དང་། སྐབས་དེར་འབར་མའི་གཞུང་ནས་དོན་རྐྱེན་དེ་དང་འབྲེལ་བའི་མི་གཅིག་ལའང་ཉེས་ཆད་བཏང་མེད་པར་བརྟེན།  དོན་རྐྱེན་དེ་ནི་དྲག་དམག་སྲིད་གཞུང་རང་གིས་བཟོས་པ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ལྕམ་ཨང་སེན་སོ་སྐྱིད་ལགས་སུ་འབར་མའི་མི་སེར་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་གིས་དགའ་མོས་བྱེད་བཞིན་ཡོད་ཀྱང་།  ཕྱི་ལོ་ ༢༠༡༧ ལོར་འབར་མའི་གཞུང་གིས་རོ་ཧིན་གྷ་ཡ་ཁ་ཆེའི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཁྱབ་པར་བརྟེན་ཏེ། ལྕམ་ཨང་སེན་སོ་སྐྱིད་ལགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་མང་པོའི་སྐྱོན་བརྗོད་བྱེད་ཡུལ་དུ་གྱུར་ཡོད།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

སྐར་མ ༢༥ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 2

  1. Rab Jam says:
    ལོ་ 8 སྔོན།

    རེད་དེ་བདེན་པ་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ད་ཧ་གོ་མ་སོང་ཆབ་སྲིད་མི་སྣས་ཆབ་སྲིད་ཀྱི་རྒྱུ་རྩལ་ཁྲབས་ནས་ཞི་བའི་མི་མང་གི་འཚོ་བ་ལ་གྱོང་གུན་ཆེན་པོ་བཟོ་བཞིན་པ་འདི་འབར་མ་གཅིག་པོ་མ་རེད་ང་ཚོའི་མིག་མདུན་དུ་ང་ཚོའི་ཡང་མཐོང་བཞིན་པ་འདི་རེད་ལ་དེ་ཚོ་ཚང་མ་མི་མང་གི་འགོ་འཁྲིད་ཚོའི་རང་དོན་སྒྲུབ་རྒྱུའི་ཆབ་སྲིད་ཁོ་ན་ལས་མ་འདས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese