མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཕྱིའི་གསར་འགོད་པར་འཇིགས་སྐུལ་བྱེད་མཚམས་ཞོག

བོད་ཀྱི་དུས་བབ།
༢༠༡༨/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་ཕྱིའི་གསར་འགོད་པ་ཚོར་ངེས་མེད་ཞིབ་བཤེར་དང་འཇིགས་སྐུལ་བཀག་སྡོམ་སོགས་རྒྱུན་མ་ཆད་པར་བྱེད་ཀྱི་ཡོད་པས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་ཉེན་བརྡ་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་ཉེན་བརྡ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ལོ་ལྟར་རྒྱལ་ཕྱིའི་གསར་འགོད་པ་ཚོ་གང་བྱུང་འཛིན་བཟུང་དང་འཇིགས་སྐུལ་གཏོང་བ། རྒྱུན་དུ་ལྟ་རྟོག་འོག་བཞག་སྟེ་གསར་འགོད་རང་དབང་ལ་གནོན་ཤུགས་དང་སུན་བཙེར་བཟོས་ཏེ། གསར་འགོད་པ་ཚོས་ལས་ཀ་སྒྲུབ་མི་ཐུབ་པའི་གནས་སུ་ལྷུང་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ངེས་པར་དུ་བྱ་སྤྱོད་དེ་དག་མཚམས་འཇོག་བྱེད་དགོས། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་རྒྱལ་ཕྱིའི་གསར་འགོད་པ་ཚོར་གནོན་ཤུགས་དང་འཇིགས་སྐུལ་བྱེད་ཐབས་མང་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པའི་ནང་ནས་མང་ཆེ་ཤོས་ཤིག་ལ་ཕྱི་སྐྱོད་ལག་འཁྱེར་བེད་མེད་གཏོང་བ་དང་། ཕྱི་སྐྱོད་ལག་འཁྱེར་དུས་ཡུན་ཕར་འགྱང་མི་བྱེད་པ། དེ་བཞིན་རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་ས་ཆ་ལས་གཞན་གང་ལ་ཡང་འགྲོ་མི་ཆོག་པ་མ་ཟད། ངེས་མེད་ཞིབ་བཤེར་དང་གཅར་རྡུང་བཙོན་འཇུག་གཏོང་བ་སོགས་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གཞུང་ནས་གསང་རྒྱའི་འོག་ཡོད་པའི་གསར་འགྱུར་རིགས་སྤེལ་ཐབས་བྱེད་མཁན་གསར་འགོད་པ་དང་། རྒྱ་ནག་གཞུང་དང་མགོ་འཁྲིད་ཚོར་སྐྱོན་བརྗོད་བྱེད་མཁན་རིགས་ལ་དཀའ་ངལ་ཆེ་བ་འཕྲད་ཀྱི་ཡོད་འདུག དམ་དྲག་བཙན་གནོན་ཆེན་པོ་ཐེབས་བཞིན་པའི་རྒྱལ་ཕྱིའི་གསར་ཁང་དག་ནི་བྷི་བྷི་སི་(BBC) དང་དཔལ་འབྱོར་དུས་བབ་(Financial Times)། གྷར་དྷན(Guardian)། ནེའུ་ཡོག་དུས་བབ(New York Times)། ཉི་ཧོང་གི་ཡོ་མེ་རེ་ཤམ་བྷན(Yomiuri Shimbun)དང་སིན་ཀེ་ཤམ་བྷན(Sankei Shimbun)། ཨལ་རྗ་ཛི་རཱ་( Al Jazeera)། ཨ་རིའི་རླུང་འཕྲིན་ཁང་(Voice of America)སོགས་ཡིན་འདུག

འདས་ལོར་ལྷོ་ཀོ་རི་ཡའི་སྲིད་འཛིན་རྒྱ་ནག་ནང་གཟིགས་སྐོར་དུ་ཕྱིན་སྐབས་ལྷོ་ཀོ་རི་ཡའི་གསར་འགོད་པ་ཞིག་ལ་རྒྱ་ནག་བདེ་འཇགས་ལྟ་སྲུང་བ་ཁག་ཅིག་གིས་རུབ་རྡུང་བྱས་ཏེ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་བཞིན་རྒྱ་ནག་ཧུའུ་ནན་དུ་ཡོད་པའི་བྷི་བྷི་སི་ཡན་ལག་ལས་ཁུངས་སུ་མི་ཁག་ཅིག་ཡོང་ནས་ལས་བྱེད་ཚོར་རུབ་རྡུང་བཏང་བ་དང་། ཅ་དངོས་འཕྲོག་བཅོམ་བྱས། ཕྱི་ལོ་ ༢༠༡༥ ལོར་ཧྥ་རན་སའི་གསར་འགོད་པ་ཞིག་གིས་རྒྱ་ནག་གཞུང་གི་སྐོར་ལ་སྐྱོན་བརྗོད་ཀྱི་རྩོམ་ཞིག་སྤེལ་བར་བརྟེན། ཁོའི་ཕྱི་སྐྱོད་ལག་འཁྱེར་བེད་མེད་བཏང་ཡོད་པ་སོགས་རྒྱལ་ཕྱིའི་གསར་འགོད་པ་མང་ཆེ་བར་གཅར་རྡུང་དང་བཙན་གནོན་གྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཨ་རིའི་(Wall Street Journal)གསར་ཁང་གི་གསར་འགོད་པ་ཇོ་ཤི་ཆན(Josh Chin)གྱིས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་སྒང་ལ་གསར་འགོད་རང་དབང་ཡིན་པ་དང་བཀག་འགོག་གང་ཡང་མེད་ཚུལ་བརྗོད་ཀྱི་ཡོད་ན་ཡང་། ས་གནས་སུ་སླེབས་སྐབས་མགོ་འཁྲིད་ཚོས་ཆོག་མཆན་མི་སྤྲོད་པ་དང་ཉེན་རྟོག་པས་དམ་དྲག་སོགས་བྱེད་ཀྱི་འདུག་ཅེས་དང་། ཡང་བྷི་བྷི་སིའི་གསར་འགོད་པ་ཁཱ་ཐེ་ལོང་(Kathy Long)ནས་རྒྱ་ནག་གཞུང་གིས་ང་ཚོའི་སུ་ལ་འབྲེལ་བ་བྱས་ན་རྒྱ་ནག་གཞུང་གིས་མི་དེ་དག་རྩད་གཅོད་ཀྱིས་གནོན་ཤུགས་སྤྲོད་ཀྱི་ཡོད་སྟབས། རྒྱ་ནག་ནང་དུ་ཕྱི་རྒྱལ་གསར་འགོད་པར་འབྲེལ་བ་བྱེད་ཕོད་མཁན་ཧ་ཅང་དཀོན་པོ་འདུག ཅེས་བརྗོད་ཡོད་འདུག

ཉེན་བརྡ་འདི་ནི་ཐེངས་དང་པོ་ཙམ་མ་ཡིན་པར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་དེ་སྔོན་ཐེངས་མང་ལ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་སྐོར་ལ་ཉེན་བརྡ་ཐེངས་མང་བཏང་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོའི་ནང་དུ། འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་ནས་གསར་འགོད་རང་དབང་ཡག་ཤོས་ནོར་ཝེ་དང་སི་ཝེ་ཌན། ཧྥིན་ལན། ཌན་མག ནེའུ་ཌར་ལན་བཅས་ཡིན་པ་དང་། གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ནི་བྱང་ཀོ་རི་ཡ་དང་། ཨེ་རི་ཊི་རཱ་(Eritrea)། ཊོར་ཀེ་མི་ནི་སི་ཐན་(Turkmenistan) སི་རི་ཡ་(Syria) རྒྱ་ནག་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 1

  1. རྣམ་རྒྱལ། says:
    ལོ་ 8 སྔོན།

    དེང་སྐབས་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་རྦད་དེ་ཉམས་རྒུད་ཏུ་འགྲོ་བཞིན་པ་ཞིག་ཚོར་སོང་། སྔོན་ཆད་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་རེ་རེ་ཀློག་ན་བྲོ་བ་ཧ་ཅང་ཆེན་པོ་ཡོད། དེང་སྐབས་ཀློག་སྤྲོ་བོ་གཅིག་ཀྱང་སྤེལ་གྱི་མི་འདུག བརྡ་འཕྲིན་ཚང་མ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བཞིན་པའི་སྐབས་ལ་དུས་བབ་ཚང་ལ་ག་རེ་བྱུང་བ་རེ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese