མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་༧གོང་ས་མཆོག་གི་སྐུ་པར་བཀག་སྡོམ།

བོད་ཀྱི་དུས་བབ།
༢༠༡༨/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་ལོ་གསར་སྲུང་གཙི་བྱས་པའི་མཛད་སྒོའི་ཐོག་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་ཞུ་བཅུག་མི་འདུག

འདི་གར་དགེ་འདུན་པ་བྱང་ཆུབ་སེམས་དཔའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༨ ཉིན་སྟེ་བོད་ཀྱི་ལོ་གསར་ཚེས་༣ ཉིན། བལ་ཡུལ་དུ་ཡོད་པའི་དགོན་སྡེ་ཁག་གི་སྐུ་ཚབ་དང་། ཚོགས་སྐྱིད་ཁག་གི་མཐུས་མི་གཙོས་བོད་མི་མང་པོ་ཞིག་བལ་ཡུལ་སྲོང་བཙན་སློབ་གྲྭའི་མདུན་ཐང་དུ་འདུ་འཛོམས་ཀྱིས་བོད་ཀྱི་ལོ་གསར་སྲུང་གཙི་བྱས་ཡོད་པ་དང་། འདུ་འཛོམས་སར་བོད་མི་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་བཤོམ་དང་བསང་གསོལ་སོགས་བྱས་པར་བལ་གཞུང་ཉེན་རྟོག་པས་བཀག་འགོག་བྱས་ཡོད་འདུག

བལ་ཡུལ་དུ་གནས་སྡོད་ཅིག་གིས་ཉིན་དེར་བལ་གཞུང་ཉེན་རྟོག་པ་མང་པོ་ཡུལ་དངོས་སུ་ཡོང་ནས་ལྟ་རྟོག་ནན་པོ་བྱས་པ་མ་ཟད། ༧གོང་ས་མཆོག་གི་བཞུགས་ཁྲིའི་ཐོག་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འཇོག་ཏུ་མ་བཅུག་པར་བརྟེན། སྟོན་པའི་སྐུ་པར་ཞིག་བསྒྲིགས་ཞུས་ཏེ་མཇལ་ལ་ཞུས་ཡོད་པ་དང་། ཉེན་རྟོག་པས་ལྟ་སྲུང་ནན་མོ་བྱས་པ་མ་གཏོགས་མི་མང་ལ་གཅར་རྡུང་བྱས་མེད་སྐོར་བརྗོད་བྱུང་།

འདས་པའི་ལོ་ཤས་གོང་ནས་བཟུང་རྒྱ་ནག་གིས་བལ་ཡུལ་ནང་སིམ་འཛུལ་བྱས་ཏེ་རིམ་གྱིས་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད་པ་མ་ཟད། བལ་ཡུལ་གྱི་ཆབ་སྲིད་པ་དང་ཤེས་ཡོན་པའི་སྡེ་ཡི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་སྟབས། ཉེ་བའི་ལོ་ཤས་ནས་བལ་ཡུལ་ནང་གནས་སྡོད་བོད་མི་རྣམས་ཀྱིས་དུས་ཆེན་དང་དུས་དྲན་ཁག་སྲུང་གཙི། དེ་བཞིན་མི་མང་འདུ་འཛོམས་ཀྱི་རང་དབང་ལ་སྟངས་འཛིན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 5 སྔོན།

    དངོས་བདེན་ཡིན་ན་བློ་ཕམ་གྱི་གནས་ཚུལ་རེད་ད་ང་ཚོ་བོད་འདི་འགྱེལ་བའི་སྒང་ལ་རྡོག་རྫིས་བཏང་བ་མ་རེད་དམ་ཕྱིའི་དགྲ་ལ་ཐལ་བ་སྦར་བ་གང་གཏོར་མ་ཐུབ་ནང་ཁུལ་ནང་འཁྲུགས་ལ་མགོ་འཁོར་ནས་འཛམ་གླིང་མི་མང་གི་མདུན་ང་ཚོ་གདོང་བསྟན་ཐུབ་ས་རེད་པས་དགོང་པ་ཡག་པོ་བཞེས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་ཚོ་།

    Reply
  2. YO YO says:
    ལོ་ 5 སྔོན།

    fucking nepalise

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist