མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྱེད་རང་ཚོ་བློ་བདེ་བོ་བྱས་ནས་སྡོད་ཨཱ།

བོད་ཀྱི་དུས་བབ།
༢༠༡༨/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་༢༠ ཉིན་གྱི་བོད་ཀྱི་ལོ་གསར་ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དྷ་སར་གནས་སྡོད་བོད་རིགས་དགུང་ལོ་ ༩༠ ཕེབས་པ་རྣམས་ལ་མཇལ་ཁ་བཀའ་སློབ་གནང་ཡོད་འདུག

ཁ་སང་བཞུགས་སྒར་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྷ་ས་ཁུལ་གྱི་བོད་རིགས་བགྲེས་སོང་དགུང་ལོ་ ༩༠ ཕེབས་པ་རྣམས་གཙོ་བོར་གྱུར་བའི་བོད་མི་ ༥༠ ཡས་མས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་དང་། ཐོག་མར་ཁོང་གིས་དགྲེས་སོང་རྣམ་པར་འཚམས་འདྲི་གནང་བ་དང་འབྲེལ། ངོས་ཀྱི་ངོ་ཤེས་རྒྱ་གར་བ་ཞིག་གིས་ངོས་ལ་ལོ་༩༥ སོན་པ་ཚོས་སྐྱིད་སྡུག་ཅིག་འཛུགས་ཀྱི་ཡིན་ཞེས་བརྗོད་བྱུང་། སྐབས་དེར་ཁོང་རང་དགུང་ལོ་ ༩༥ སོན་ཡོད་པ་རེད། ངོས་རང་སྐབས་དེར་ལོ་ག་ཚོད་ཅིག་ཡིན་ནམ་ཕལ་ཆེར་ ༧༠ ཞིག་ཡིན་བསམ་སོང་། དེ་བས་ངས་ཁོང་ལ་ངོས་རང་གཞོན་གཞོན་ཡོད་པ་རེད་ཅེས་དེ་དུས་བཤད་མྱོང་། ཡིན་ན་ཡང་། ད་ཆ་ཁྱེད་རང་ཚོ་ ༩༥ སྐྱིད་སྡུག་དེ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

ཡང་ཁོང་གིས། ཁྱེད་རང་ཚོས་བློ་བདེ་བོ་བྱོས་ཨཱ། སོ་སོའི་མི་ཚེ་གང་བོ་བོད་སྤྱི་བའི་རྩ་དོན་ཆེད་བཏང་བ་རེད་ལ། སངས་རྒྱས་པའི་ཆོས་དད་མ་བརྗེད་པ་བྱས་ཏེ་མི་ཚེ་བསྐྱལ་བ་རེད། ང་རང་ཚོས་སངས་རྒྱས་པའི་ཆོས་བཤད་ཡོང་དུས་ཚེ་གཅིག་གི་དོན་དག་མ་ཡིན་པར་ཚེ་རབས་ནས་ཚེ་རབས་དང་སྐྱེས་བ་ནས་སྐྱེས་པ་ཡིན་པར་བཤད་ཀྱི་ཡོད་པ་རེད། དེ་བཞིན་ཁྱེད་རང་ཚོར་མཚོན་ན། ཚེ་འདིར་ང་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། ཚེ་རབས་ནས་ཚེ་རབས་ཡོད་རྒྱུ་ཡོད་རེད་དེ་རང་ཚོ་བློ་བདེ་བོ་བྱས་ནས་སྡོད་ཨཱ། ཞེས་གསུངས་འདུག

མཇུག་ཏུ་དགྲེས་སོང་རྣམ་པར་མཇལ་ཁ་གནང་ཞོར་དུ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ། བྲལ་མེད་ཆོས་ཀྱིས་དཔལ་ལ་ལོངས་སྤྱོད་ནས། ། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། ། རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ། ། ཅེས་གསུངས་པ་ལྟར་ཡང་ཡང་སྨོན་ལམ་ཐོབས་དང་བློ་བདེ་བོ་བྱས་ཆོག ཅེས་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist