མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ར་བ་གཙང་མ་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༨/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཡུ་སྒང་དགེ་འདུན།

ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་ནང་སྤྱི་འཐུས་གྲོས་ཚོགས་འཚོག་ལ་ཉེ་བའི་སྐབས་འདིར་ངས་རང་ཉིད་ལ་འདེམས་བྱ་འདེམས་བྱེད་ཀྱི་ཐོབ་དབང་ཡོད་པའི་ཆོལ་ཁོངས་ཀྱི་འཐུས་མིའི་གཙོས་ཆོལ་ཁ་གཞན་གཉིས་ཀྱི་༸གོང་ས་མཆོག་ལ་བློ་སེམས་རྩེ་གཅིག་ཡིན་མཁན་གྱི་འཐུས་མི་ཚོར་ང་མི་དཀྱུས་མ་ཞིག་གིས་དྲན་བསྐུལ་བྱེད་འདོད་བྱུང་། ངས་གཏམ་ཉོག་མི་བཤད་པར་ཁ་ཐུག་ལ་བརྗོད་རྒྱུ་ཡིན། མང་ཚོགས་མང་པོ་ཞིག་གིས་ཨ་རིའི་དོན་གཅོད་སྐོར་བཤད་ཀྱི་ཡོད་པ་རེད། དེ་ཡང་དངོས་གནས་བཤད་ན་བཀའ་ཤག་གིས་དབང་ཆ་བེད་སྤྱོད་བཏང་བ་ཙམ་ལས་དོན་དངོས་ཉེས་ཅན་པ་ཡིན་པའི་བདེན་དཔང་གསལ་ཐག་ཆོད་ཅིག་བཤད་རྒྱུ་མེད་པ། ད་ལྟའི་བར་དུ་བཀའ་ཤག་གཏམ་བཤད་རབ་དང་རིམ་པར་ལྟོས་དང་། ཞ་ར། འོན་པ། ལྐུག་པ། ཨུ་ཚུགས། ཕྱོགས་ཞེན་སོགས་ཀྱི་སྐྱོན་ཡོད་ན་གནས་ཚུལ་ཐ་དད་རེད་མ་གཏོགས། སྤེན་ཚེའི་གསལ་བཤད་ལས་ལྷག་ཅིག་ག་རེ་འདུག དེ་ཧ་ཅང་ཕྱི་གསལ་ནང་གསལ་རེད། ཡིན་ནའང་དེའི་རིགས་ལ་ངས་གཏམ་ཉོག་མི་བཤད། ངས་བརྗོད་འདོད་པ་དེ་༢༠༡༧་ལོའི་སྤྱི་ཟླ་དགུ་བའི་གྲོས་ཚོགས་སྐབས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གནས་ཆུང་ཆོས་རྒྱལ་ཆེན་པོར་མཚན་སྨོད་བྱས་པ་དང་ལྷན་དུ་༸གོང་ས་མཆོག་ལ་ཟུར་ཟ་བྱས་པ་དེ་ཡིན། དེའི་ཚིག་ཆ་ཚང་སྐབས་དེའི་འོད་སྡེར་ཡོད་པས་ངས་འདིར་ཆ་ཚང་བསྐྱར་བཤད་མི་བྱེད། དེ་ལས་ཚིག་རེ་གཉིས་འདིར་བཀོད་ན། ཅིག་ལྷ་རེ་ཞེས། ཅིག་འདྲེ་རེ་ཞེས། ཅིག་བདུད་རེ་ཞེས་མི་མང་ནང་ལ་གཉའ་ནོན་གཏོང་མཁན། བཤུ་གཞོག་གཏོང་མཁན་ཞེས་པའི་ཚིག་འདི་གཅིག་པུ་ལ་བསམ་བློ་ཞིག་ཐོངས་དང་། མི་འདི་ཚད་ག་བ་སླེབས་འདུག ཕྱོགས་གང་དུ་ཚུད་འདུག་སོགས་དབྱེ་ཞིབ་མཐའ་ཆོད་པ་ཞིག་བྱས་ཏེ། གྲོས་ཚོགས་ར་བ་དེ་གཙང་མ་གཙང་རྐྱང་ཞིག་བཟོ་དགོས། དེ་མ་གཏོགས་ད་ལྟའི་ཆར་གྲོས་ཚོགས་ར་བ་དེ་གཅིན་སྐྱག་གི་དྲི་མས་སྦགས་འདུག ཁྱེད་ཚོས་ང་ཚོ་མི་མང་གི་ཚབ་མཚོན་ཐུབ་དགོས་པ་དང་། ཚབ་མཚོན་དགོས་ན་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་གྱི་རིགས་ལ་མཐའ་གཅིག་ཏུ་ཁ་གཏད་ལངས་དགོས་པ་ཁྱེད་ཚོའི་ལས་འགན་ཡིན། ངས་འདིར་ལྟར་བཤད་ན། ཧམ་པ་ཆེ་དྲག་པ་དང་། ཁྲིམས་དང་སྒྲིག་གཞི་མི་ཤེས་པ། བཅའ་ཁྲིམས་དོན་ཚན་མང་པོ་ཞིག་དང་བསྟུན་དགོས་ཚུལ་བརྗོད་སྲིད་མོད། འོན་ཀྱང་། ༸གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ་བྱེད་མཁན་ལ་ཁ་གཏད་ལངས་དགོས་པའང་ཁྲིམས་དང་སྒྲིག་གཞིའི་ནང་དུ་བཀོད་ཡོད་པ་གསལ་གསལ་ཐིང་ཐིང་རེད།

ད་ཁ་གསལ་པོ་བྱས་ཏེ་བཤད་རྒྱུ་ཞིག་ནི། ཁྱེད་ཚོས་༸གོང་ས་མཆོག་ལ་མཚན་སྨོད་དང་ཟུར་ཟ་བྱེད་མཁན་ལ་ཁ་གཏད་ལངས་པའི་མི་མང་གི་ཚབ་མཚོན་བྱེད་དང་མི་བྱེད། ༸གོང་ས་མཆོག་གི་བཀའ་གསུང་ལ་ཡིད་ཆེ་ཡོད་དང་མེད། ཚབ་མཚོན་དང་ཡིད་ཆེ་ཡོད་ན་ངེས་པར་དུ་མི་འགྱངས་པར་སླེབས་ལ་ཉེ་བའི་ཕྱི་ཟླ་གསུམ་པའི་ཚོགས་འདུའི་སྐབས་མི་སྨྲ་བའི་རྟུལ་ཞུགས་མི་འཛིན་རྒྱུའི་དྲན་བསྐུལ་ནན་ཞུ་བྱེད་རྒྱུ། གཞན་ཡང་། བཀའ་བརྒྱུད་པ་ཡོངས་ལ་ཞུ་རྒྱུ་ཞིག་ནི། རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་ཆོས་བརྒྱུད་སྤྱི་འཐུས་ལ་འདེམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་ཡོད་པའི་དཔལ་རྒྱལ་བ་ཀརྨ་པས་གཙོས་བཀའ་བརྒྱུད་མང་ཚོགས་ཀྱིས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཆོས་བརྒྱུད་བཀའ་བརྒྱུད་པ་དྲི་མས་མ་གོས་པ་ཞིག་ཡིན་དང་མིན་ལ་ཞིབ་འཇུག་བྱེད་རྒྱུའི་དུས་ལ་བབ་འདུག

ཆོས་བརྒྱུད་ཆེན་པོ་དེའི་མགྲིན་ཚབ་ཀྱི་ཐོག་ནས་ཆོས་བརྒྱུད་དེ་ལག་ཆ་བྱས་ནས་ཁོའི་དམིགས་འབེན་འགྲུབ་བཅུག་ན་བློ་ཕམ་སྐྱེ་ཡུལ་དུ་འགྱུར་བས་ཆུ་མ་ཡོང་སྔོན་ལ་རགས་དང་། དགྲ་མ་ཡོང་སྔོན་ལ་ཟློག་པ་ཞེས་པའི་དཔེ་ལྟར། ཆོས་བརྒྱུད་ཆེན་པོ་དེ་གཞན་གྱི་ལག་ཆར་མ་གྱུར་སྔོན་ལ་གཟབ་ནན་བྱེད་རྒྱུ་གལ་ཆེ། མཐའ་སྡོམ། ངས་བཤད་པའི་སྐད་ཆ་འདི་སྤྱི་འཐུས་ཚོགས་མི་ཡོངས་དང་། བཀའ་རྒྱུད་པ་རྣམས་ཀྱིས་མ་མཐོང་མ་ཐོས་མེད་པའི་དྲན་བསྐུལ་དང་ཆབས་ཅིག ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཁྱི་ལ་ལས་རིག་ནས་ཟུག་པ་དང་། ཁྱི་ལ་ལས་མ་རིག་པར་ཟུག་མཁན་དག་ལ་ཞུ་རྒྱུ། མགོ་སྐོར། ཨུ་ཚུགས། རང་རློམས། ཕྲག་དོག ཕྲ་མ། ཕྱོགས་ཞེན་སོགས་ཀྱིས་སྤྱི་ཚོགས་ཀྱི་ལྷིང་འཇགས་དཀྲོགས་ལ། དྲང་བདེན། བློ་ཐུབ། བཟོད་བསྲན། གཉོམ་ཆུང། ཚུལ་མཐུན། རིས་མེད་སོགས་ཀྱིས་སྤྱི་ཚོགས་ལ་ལྷིང་འཇགས་བསྐྲུན་པ་དྲན་པར་གྱིས།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 6

  1. བོད། says:
    ལོ་ 9 སྔོན།

    གཡུ་སྒང་དགེ་འདུན་།

    གྲོས་ཚོགས་ར་བ་གཙང་མ་ཇི་ལྟར་བཟོ་རྩིས་ཡོད།
    གྲོས་ཚོགས་ར་བ་གཙང་མ་ཇི་ལྟར་བཟོ་རྩིས་ཡོད།
    གྲོས་ཚོགས་ར་བ་གཙང་མ་ཇི་ལྟར་བཟོ་རྩིས་ཡོད། ཧཧཧཧཧཧ

    གྲོས་རྭ་གཙང་མ་མ་བཟོས་སྔོན་ལ་མི་མང་གཙང་ཕྱག་བྱེད་དགོས། དེ་ལྟར་བྱས་ན་དམར་ཤོག་དང་གཅིག་པ་མ་རེད་པས་ཨ།

    Reply
  2. gendun says:
    ལོ་ 9 སྔོན།

    སྙིང་རྗེ་བརྩོན་འགྲུས་ཉི་མ་རྩ་བ་ནས་མི་ནོར་འདུག བརྟག་དཔྱད་མེད་པའི་གཏམ།ཧཧཧཧ་ཧོ་ཧོ་ཧོ་ཧོ་་་་་།

    Reply
  3. བརྩོན་འགྲུས་ཉི་མ། says:
    ལོ་ 9 སྔོན།

    གཡུ་སྒང་ལགས་ཁྱེད་ད་ལྟ་རྒྱལ་ཁབ་གང་དུ་བཞུགས་ཡོད་དམ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེའི་ལས་དུས་མ་རྫོགས་གོང་ནས་བརླགས་སོང་བས་དང་པོ་ཁྱེད་རང་གིས་བོད་བསྟན་སྲིད་དོན་དུ་ལས་དོན་གང་བསྒྲུབ་ཡོད་པ་ངོ་སྤྲོད་ཅིག་གྱིས་དང་།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    the root of Democracy is, people and we must clean peoples mind.

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    གྲོས་ཚོགས་ར་བ་གཙང་མ་བཟོ་ཐུབ་མིན་མི་ཤེས་ཀྱང་གལ་ཆེ་ཤོས་དེ་འོས་འཕེན་མཁན་གྱི་མི་མང་གི་ཀུན་སློང་གཙང་མ་བཟོ་དགོས་པ་དེ་གལ་ཆེན་མ་རེད་དམ་ཧཧཧཧཧཧ

    Reply
  6. བློ་བཟང་དོན་གྲུབ says:
    ལོ་ 9 སྔོན།

    འདི་སྒེར་གྱི་བསམ་ཚུལ་ཡིན་ནམ་ཡང་ན་བོད་མི་མང་སྤྱི་མཐུན་གྲོས་ཚོགས་ལ་བཀའ་བཏང་ཡིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese