མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལྔ་དྲུག་ཅིག་གིས་ཚེ་གང་སྨོན་ལམ་ཚིག་མཛོད་ཆེན་མོ་ཞུ་དག་གཏོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༨/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་བརྒྱུད་ཁག་གི་ཚོགས་འདུའི་ཐོག་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་སྨོན་ལམ་ཚིག་མཛོད་ཐེངས་ཁ་ཤས་ལ་ཞུ་དག་དང་བསྐྱར་བཅོས་བྱས་པ་ཙམ་མ་ཡིན་པར་མི་བཞི་ལྔ་ཞིག་གིས་མི་ཚེ་གང་བོར་མུ་མཐུད་ལས་ཐུབ་ན་བསམ་པའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལོ་ལྟར་སྒྲུབ་བཞིན་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་དྲུག་པ་མགོ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆོས་དོན་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཕེབས་ཡོད་པ་དང་། ཐེངས་འདིའི་ཉིན་གྲངས་ ༢ རིང་གི་ཚོགས་འདུའི་ཐོག་ཆོས་བརྒྱུད་ཁག་གི་ཐ་སྙད་རྩོམ་སྒྲིག་ཚོགས་མི་ ༣༠ ལྷག་ཕེབས་འདུག

མཛད་སྒོའི་ཐོག་མར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན། དེ་རིང་ངས་རྣམ་པ་ཚོར་ངོ་སྤྲོད་ཞུ་རྒྱུ་དེ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་མཇུག་ཁང་གི་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་གཞི་ཆགས་བསྡད་ཡོད་པ་རེད། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་མཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་དེ་ལོ་དགུའི་ལས་གཞི་ཞིག་ཡིན་པ་དང་། ལས་གཞི་འདིའི་ཁྲོད་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་དང་རིག་གཞུང་ལྟ་གྲུབ། ཡུལ་སྲོལ་གོམས་གཤིས་སོགས་གང་ཡོད་པ་ཚང་མ་ཆ་ཚང་བ་དང་ཕུན་སུམ་ཚོགས་པ་ཞིག་ཡོང་བའི་ཆེད་དུ་ང་ཚོས་ལས་གཞི་འདི་མགོ་བཙུགས་པ་རེད་ལ། ལས་གཞིའི་རིམ་པ་དང་པོ་དེ་གལ་ཆེ་ཤོས་ཆོས་ལུགས་དང་ལྟ་གྲུབ་ཁག་རྩིས་ནས་སྔོན་ལ་འདི་དག་གི་ལས་གཞི་བཞག་ཡོད་པ་དང་། ལས་གཞི་འདི་ལྟ་བུ་ཞིག་ལས་ཁུངས་གཅིག་དང་མི་སྣ་རེ་གཉིས་ཞིག་གིས་ཡོང་ཐབས་མེད་དུས། ང་ཚོས་བོད་ཀྱི་ཆོས་བརྒྱུད་དང་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་ཁག་ལ་འབོད་སྐུལ་དང་སྙན་སེང་ཞུས་ཏེ་ལས་གཞི་འདི་མགོ་འཛུགས་ཐུབ་པ་བྱུང་བ་དང་། ད་ལྟ་ལོ་དགུའི་ནང་གི་སུམ་ཚན་དང་པོ་དེ་འགྲོ་ཚར་ཡོད་པ་རེད་ལ། འདས་པའི་ནང་ང་ཚོས་ལས་གཞི་འདི་ཡག་པོ་འགྲོ་ཐུབ་ཡོད་པ་རེད། ང་ཚོས་ཚིག་མཛོད་ཆེན་པོ་འདི་ལྟ་བུ་ཞིག་སྒྲིག་ནས་མི་མང་པོ་ཞིག་གིས་དཀའ་ལས་བརྒྱབས་ཡོད་པ་ལྟར། གྲུབ་འབྲས་གཙོ་བོ་དེ་ག་རེ་རེད་ཅེས་ཞུས་ན། བདུན་ཕྲག་གཅིག་གི་གོང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་ཀུ་ཤུ་ཁ་པར་དང་ཨ་ཕེ་ཊི(Ipad)གཉིས་ཁོ་ནའི་ནང་ལ་ཕབ་ལེན་བྱེད་མཁན་ ༢༣༠༧༡༦༢ ཟིན་ཡོད་པ་དང་། དེའི་ནང་ནས་བེད་སྤྱོད་བྱེད་མཁན་བརྒྱ་ཆ་ ༩༠ ཞིག་བོད་ནང་ལོགས་ནས་རེད་འདུག རྩ་བའི་ཆ་ནས་བོད་ཀྱི་སྐད་ཡིག་དེ་མ་སྐད་ཡིན་མཁན་བོད་མི་ས་ཡ་༦ དང་། དེ་བཞིན་ཡུལ་ལུང་གཞན་ཧི་མ་ལ་ཡའི་རི་རྒྱུད་དང་པ་ཀི་སི་ཐན་ནང་ལྟ་བུ་ནས་བོད་ཡིག་དེ་མ་སྐད་ཡིན་མཁན་སོགས་བསྡོམས་ན་ས་ཡ་༨ ལྷག་ཅིག་བཤད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་མུ་མཐུད། སྨོན་ལམ་ཚིག་མཛོད་གློག་ཀླད་(PC)དང་(MC)མ་ལག་སོགས་ཀྱི་ནང་དུ་ཕབ་ལེན་བྱེད་ཐུབ་པ་བཟོས་ཡོད་ན་ཡང་། དེ་དག་ལས་ཕབ་ལེན་གྱི་གྲངས་འབོར་ག་ཚོད་ཅིག་ཡིན་མིན་ཤེས་ཐུབ་ཀྱི་མི་འདུག ཀུ་ཤུ་ཁ་པར་ནང་དུ་ཉིན་གཅིག་ལ་ཕབ་ལེན་ག་ཚོད་བྱས་ཡོད་མེད་དང་ས་གནས་གང་ནས་ཡིན་སོགས་གསལ་བོ་ཤེས་ཐུབ་ཀྱི་འདུག ང་ཚོས་ལས་གཞི་འདིར་ལོ་སུམ་ཚན་དང་པོ་དང་སུམ་ཚན་གཉིས་པ། སུམ་ཚན་གསུམ་པ་ཞེས་ལོ་དགུ་ཡི་ལས་གཞི་དེ་ལས་ལོ་སུམ་ཚན་དང་པོའི་གྲུབ་འབྲས་ད་ལྟ་ང་ཚོས་ཕྱི་ལ་བཀྲམས་ཡོད་པ་འདི་རེད། དེ་བཞིན་སྔོན་མའི་སྨོན་ལམ་ཚིག་མཛོད་བེད་སྤྱོད་བྱེད་བཞིན་པ་དེ་མགོ་ནས་རེ་རེ་བཞིན་བསྐྱར་དུ་ཞུ་དག་ཐེངས་དགུ་ལ་ཕྱིན་ཡོད་པ་དང་། ལོ་འདིའི་ནང་ང་ཚོས་དེ་ཕྱི་ལ་བཀྲམས་ཆོག་ཆོག་བྱས་ཡོད་པ་རེད། སྤྱིར་ཞུ་དག་ཐེངས་དགུ་ལ་བྱས་པ་ཡིན་ན་འགྲིག་སོང་བ་གང་ཡང་མ་རེད་ལ་ཞུ་དག་ཞེས་པ་དེ་ཉོག་དྲ་ཧ་ཅང་ཆེན་པོ་ཞིག་ཡིན་པ་རེད། ད་ལྟ་ང་ཚོས་ལོ་སུམ་ཚན་དང་པོའི་ནང་གི་ཐ་སྙད་འབུམ་ཕྲག་དང་དེའི་འགྲེལ་བཤད་ཚང་མ་དེབ་བྱས་ཏེ་བཏོན་པ་ཡིན་ན། དེབ་ཆེན་པོ་གྲངས་ ༡༥ ཞིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་ཞིག་གི་ནང་དུ་ཡིག་ནོར་གཅིག་ཀྱང་མེད་པ་བྱེད་དགོས་ན་ཁག་པོ་རེད། ཡིན་ན་ཡང་། མུ་མཐུད་ཞུ་དག་དང་བསྐྱར་བཅོས་བྱས་ཏེ་འགྲོ་དགོས་པ་ཞིག་ལས་ལོ་དགུའི་མཚམས་ནས་བཞག་ཆོག་པ་ཞིག་མ་རེད། ང་ཚོའི་རེ་བར་ལོ་དགུ་ཡི་རྗེས་ནས་ང་ཚོའི་ལས་ཁུངས་སུ་མི་ལྔ་དྲུག་ཅིག་གིས་མི་ཚེ་གང་བོ་དེའི་ཐོག་སྐྱེལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

ཡང་སྨོན་ལམ་ཚིག་མཛོད་སྤྱི་ཚོགས་ནང་ཁྱབ་ཚད་ཆེན་པོ་ཕྱིན་དགོས་པའི་རྒྱུ་རྐྱེན་སྐོར་ལ་ཁོང་གིས། ང་ཚོས་ཚིག་མཛོད་འདི་སྤྱི་ཚོགས་ནང་ལ་བེད་སྤྱོད་དེ་འདྲ་ཞིག་ཡོང་དགོས་པ་དེ་རྒྱུ་རྐྱེན་མང་པོ་འཛོམས་དགོས་ཡོད་པ་རེད། དེ་མིན་གཅིག་བཟོས་ནས་བཀྲམས་བཞག་པ་ཙམ་ཞིག་གིས་འགྲིག་གི་ཡོད་པ་མ་རེད། གཅིག་དེ་བོད་ནང་ལོགས་ཀྱི་ཤེས་ལྡན་པ་དང་གནད་ཡོད་མི་སྣ། ཤེས་ཡོན་སོགས་ཀྱི་སྒང་ལ་ཤུགས་རྐྱེན་ཆེན་པོ་ཡོད་བསྡད་མཁན་ང་ཚོ་དང་འབྲེལ་བ་མེད་པ་ཞིག་མེད་ཅེས་བཤད་ན་ཐུབ་ཀྱི་ཡོད། ཁོང་རྣམ་པ་ཚོར་སློབ་སྟོན་ཞུ་ཡི་ཡོད་ལ་ཁོང་ཚོས་རྒྱབ་སྐྱོར་ཚད་མཐོ་བོ་གནང་གི་འདུག གཉིས་པ་ང་ཚོས་རྒྱལ་སྤྱིའི་སྒང་ལ་ངོས་ལེན་ཡོད་པ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཏུ་འགྱུར་ཆེད། ད་ལྟ་བར་དུ་གཙུག་ལག་སློབ་ཆེན་ཁག་ ༡༤ ནང་དུ་སོ་སོ་དངོས་སུ་བཅར་ནས་འགྲེལ་བཤད་བརྒྱབས་པ་ཡིན། མདོར་བསྡུས་ན་ད་ལྟ་ང་ཚོ་གཙུག་ལག་སློབ་གྲྭ་གསུམ་བཞི་ཞིག་ལ་འགྲོ་རྒྱུ་ལྷག་ཡོད་པ་མ་གཏོགས། གཞན་བོད་ཀྱི་སྐད་ཡིག་དང་འབྲེལ་བ་ཡོད་བསྡད་པའི་འཛམ་གླིང་གི་གཙུག་ལག་སློབ་ཆེན་ཧ་ལམ་ཆ་ཚང་ལ་སོང་ཡོད། ཁོང་ཚོར་ཕར་བཅར་ནས་འགྲེལ་བཤད་བརྒྱབས་པ་ཡིན་ན་རྒྱབ་སྐྱོར་གནང་གི་འདུག ལྷག་པར་དུ་ང་ཚོས་སྨོན་ལམ་ཚིག་མཛོད་ཆེན་མོའི་རྒྱལ་སྤྱིའི་སློབ་སྟོན་ལྷན་ཚོགས་ཤིག་བཙུགས་ཡོད་པ་རེད་ལ། དེ་དག་ཀྱང་སྤྱིར་བཏང་གི་མཁས་དབང་ཙམ་མ་ཡིན་པར་སྐད་བརྡ་རིག་པའི་སྐོར་ལ་ཞིབ་འཇུག་སློབ་དཔོན་ཐོན་པ་མི་ལྔ་ཆེད་འཛུགས་བྱས་ཡོད་པ་རེད། ཁོང་རྣམ་པ་ཚོས་ཀྱང་དམིགས་བསལ་གྱིས་རྒྱབ་སྐྱོར་གནང་དགོས་ས་དང་། གཙུག་ལག་སློབ་གྲྭ་ཁག་ལ་འབྲེལ་བ་བྱེད་དགོས་སར་རོགས་རམ་གནང་གི་ཡོད་པ་རེད། དེ་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་འདི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་གཉིས་ཀྱི་སྒང་ལ་ཕྱིན་ཐུབ་པ་བྱུང་ཡོད་པ་རེད། དེ་འདྲའི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་གང་ལ་གང་འཚམ་གྱིས་སྤྱི་ཚོགས་ནང་ལ་བེད་སྤྱོད་གཏོང་མཁན་མང་པོ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

གཞན་ཡང་། ད་ལྟ་ཐོན་ལ་ཉེ་བའི་སྨོན་ལམ་ཚིག་མཛོད་ནང་དུ་ཐ་སྙད་གསར་པ་ག་ཚོད་དང་དེ་དག་ཁུངས་གང་ནས་ཡོང་གི་ཡོད་སྐོར་ཁོང་གིས། ད་ལོའི་ཕྱི་ཟླ་ ༡༢ པའི་ནང་སྨོན་ལམ་ཚིག་མཛོད་ཐོན་རིམ་གཉིས་པ་དེ་ཕྱི་ལ་བཀྲམ་རྒྱུ་ཡིོན་པ་དང་། ཐོན་རིམ་དང་པོའི་ནང་དུ་ཐ་སྙད་ ༡༡༣༡༡༣ ཞིག་ཡོད་པ་རེད། ད་ཐེངས་ཐོན་གཉིས་པ་དེ་ལའང་ཐ་སྙད་ ༡༠༠༠༠༠ ལྷག་དང་ཐོན་རིམ་གཉིས་ཀ་བསྡོམས་ནས་ཐ་སྙད་ ༢༠༠༠༠༠ ཤིག་ཡོང་རྒྱུར་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད། ན་ནིང་ལོར་རྩོམ་སྒྲིག་སྡེ་ཚན་ཁག་ནས་བྱུང་བའི་ཐ་སྙད་ ༢༥༠༠༠ ལྷག་ཅིག་ཡོད་པ་དང་། དེའི་སྒང་ལ་སྨན་གྱི་ཐ་སྙད་ ༢༥༠༠༠ ཞིག་དང་། དེ་ནས་ཐོན་སྔོན་མའི་ནང་དུ་མེད་པའི་ཐ་སྙད་ཁྲི་༤ ལྷག་ཅིག་རྩོམ་སྒྲིག་བྱེད་བཞིན་ཡོད། གལ་ཆེན་པོ་གཅིག་དེ་ང་ཚོའི་ཐ་སྙད་ཀྱི་འབྱུང་ཁུངས་གང་རེད་ཅེས་པ་ལྟར། ང་ཚོས་ཏུན་ཧོང་གི་ཡིག་ཆ་དེབ་གྲངས་ ༡༧ ཡོད་པ་ཆ་ཚང་གློག་ཀླད་ནང་དུ་བཅུག་ནས་ལས་ཀ་དེ་འགྲུབ་ཐུབ་པ་བྱུང་ཡོད། མ་འོངས་པར་ཐ་སྙད་དེ་དག་དུས་རབས་གང་ཞིག་གི་ཡིན་ན་གློག་གིས་འཚོལ་ཐུབ་ཀྱི་ཡོད་པ་རེད། དེ་ནས་དུས་རབས་ ༡༢ དང་ ༡༣། ༡༤ ནང་བྱུང་བའི་ཕུ་རིའི་ཡིག་ཚགས་ཟེར་བ་ཞིག་ཡོད་པ་ཧ་ལམ་ཤོག་ལྷེ་ཁྲི་གཅིག་ཙམ་ཡོད་པ་དེ་ད་ལྟ་བོད་ནང་ལ་དཔར་སྐྲུན་བྱ་གྲབས་ཡོད་པ་རེད། ཐ་སྙད་དེ་དག་ཚང་མ་དང་དེ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐབས་ཀྱི་ཆབ་སྲིད་ཀྱི་ཐ་སྙད། ས་གཤིས་རིག་པའི་ཐ་སྙད་གསར་པ་སོགས་སྒྲིག་བཞིན་ཡོད། ཅེས་གསུངས་སོང་།

དེའི་རྗེས་ཆོས་དོན་དྲུང་ཆེ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་དང་འབྲེལ་བའི་གསུང་བཤད་གནང་སྐབས། སྨོན་ལམ་ཚིག་མཛོད་འདི་ལྟ་བུ་ཞིག་ལ་མཚོན་ན་དངོས་ནས་རླབས་ཆེན་གྱི་ལས་གཞི་ཞིག་རེད་ལ། དཀའ་ལས་བརྒྱབས་པ་བཞིན་གྲུབ་འབྲས་ཀྱང་ཆེན་པོ་བྱུང་འདུག དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་མཚོན་ན། དང་པོ་གློག་ཀླད་ངན་པ་ཞིག་འཁུར་ནས་ལས་དོན་དེ་མགོ་བཙུགས་ནས་ད་ལྟ་ལོ་གསུམ་བཞི་ཙམ་ཞིག་གི་ནང་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ་རེད། བཙན་བྱོལ་ནང་ནས་མི་ཁ་ཤས་ཤིག་གིས་ཁ་རྐྱང་རྐྱང་གིས་གཅིག་འགྲིག་མི་འདུག གཉིས་འགྲིག་མི་འདུག་ཅེས་སྐྱོན་རྐྱང་རྐྱང་བཤད་བསྡད་པ་ལས། སོ་སོའི་ལག་འགུལ་ནས་ལས་ཀ་བྱེད་མཁན་མེད་པ་རེད། ངས་བསམ་ན་ང་ཚོར་ཁ་ནས་བཤད་འདུག་མཁན་ཙམ་མ་ཡིན་པར་དམིགས་ཡུལ་ཞིག་ལ་བསླེབ་དགོས་ན་ལག་འགུལ་ནས་ལས་མཁན་ཡང་དགོས་ཀྱི་འདུག དེ་ཡིན་དུས་རྣམ་པ་ཚོས་ཕྱག་ལས་གནང་སྟངས་དང་ལག་ལེན་བསྟར་སྟངས་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། ཅེས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་ཐེངས་འདིའི་ཚོགས་འདུའི་སྐབས་གླེང་བྱ་གཙོ་བོ་ག་རེ་ཡིན་པ་དང་། ཚིག་མཛོད་རྩོམ་སྒྲིག་སྐབས་དཀའ་ངལ་ཆེ་ཤོས་ཕྱོགས་གང་ནས་འཕྲད་ཀྱི་ཡོད་མེད། བོད་ནང་གི་ཤེས་ཡོན་པ་ཚོས་སྨོན་ལམ་ཚིག་མཛོད་ལ་གདེང་འཇོག་ག་འདྲ་གནང་གི་ཡོད་མེད་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། ཐེངས་འདིའི་ཚོགས་འདུའི་ཐོག་གླེང་བྱ་གཙོ་བོ་ཐ་སྙད་རྩོམ་སྒྲིག་པ་ཚོ་དང་། ཁོང་ཚོའི་ཐ་སྙད་རྩོམ་སྒྲིག་སྐབས་ཀྱི་དཀའ་ངལ་དང་ཐ་སྙད་རྩོམ་སྒྲིག་ཐད་ཀྱི་བསམ་ཚུལ་སོགས་ལ་དེ་སྔོན་ཁོང་ཚོའི་ངོས་ནས་བསམ་ཚུལ་ཤོག་ལྷེ་ ༡༥ ལྷག་ཅན་ཞིག་ཕུལ་ཡོད་པ་དང་། ང་ཚོའི་ངོས་ནས་དེ་དག་སྡེ་ཚན་གསུམ་དུ་བགོས་ཏེ་དང་པོ་འཛིན་སྐྱོང་དང་འབྲེལ་བའི་སྐོར་དང་། གཉིས་པ་གློག་ཆས་ཀྱི་གནད་དོན་སྐོར། གསུམ་པ་རྩོམ་སྒྲིག་དང་འབྲེལ་བའི་སྐོར་བཅས་ཡིན་པ་རེད། དེ་བཞིན་རྩོམ་སྒྲིག་སྐབས་སུ་དཀའ་ངལ་ཆེ་ཤོས་དེ་ལས་བྱེད་འགྱུར་བ་ཕྱིན་པ་དང་བརྗེ་བོ་བརྒྱབས་འགྲོ་བ་དེ་རེད། ཚིག་མཛོད་རྩོམ་སྒྲིག་པ་ཚོར་མཚོན་ན། ང་ཚོའི་ངོས་ནས་སྦྱོང་བརྡར་སོགས་སྤྲད་ནས་ཡག་པོ་ཆགས་ཡོད་དུས་གློ་བུར་འགྱུར་བ་ཐེབས་སོང་བ་དེ་ཕངས་པོ་ཞེ་དྲག་འདུག དེ་བཞིན་བོད་ནང་གི་ཤེས་ཡོན་པ་ཚོར་མཚོན་ན། སྨོན་ལམ་ཚིག་མཛོད་ལ་རྒྱབ་སྐྱོར་དང་གདེང་འཇོག་ཆེན་པོ་གནང་གི་འདུག་ལ། ཁོང་ཚོས་གཙོ་བོ་བྱ་ཚིག་གི་ཕྱོགས་ནས་བསམ་ཚུལ་མང་པོ་བཏོན་བྱུང་ལ་ཕན་ཐོགས་ཆེན་པོ་བྱུང་། ཞེས་གསུངས་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 4

  1. ཕུན་རྣམ། says:
    ལོ་ 8 སྔོན།

    ཚིག་མཛོད་དག་བཅོས་སོགས་ཀྱི་ཐད་ཀློག་པ་བོའམ་བེད་སྤྱོད་པ་བོ་རྣམས་ཀྱིས་བསམ་ཚུལ་འདོན་ས་ཡོད་དགོས་པ་དང་། བསམ་ཚུལ་བཏོན་པ་རྣམས་ལ་བརྡ་ལན་དགོས་པ་ཤིན་ཏུ་གལ་ཆེ་སྙམ།

    Reply
  2. འཛུམ་ཤུལ་ཐབས་མཁས། says:
    ལོ་ 8 སྔོན།

    བོད་ཡིག་བེད་སྤྱོད་གཏོང་དགོས་པར་ཁ་ནས་ལབ་པ་ཙམ་མ་ཡིན་པར་དེང་དུས་ཀྱི་འགྲོ་སྟངས་དང་ཁྱབ་ཆེ་བའི་བརྡ་འཕྲིན་དུས་རབས་ཀྱི་རྗེས་སུ་སྙེག་ཐུབ་པ་ཨ་ཁུ་སྨོན་ལམ་ལགས་ཀྱི་བཀའ་དྲིན་ལགས།

    Reply
  3. འཛུམ་ཤུལ་ཐབས་མཁས། says:
    ལོ་ 8 སྔོན།

    བོད་ཡིག་བེད་སྤྱོད་གཏོང་དགོས་པར་ཁ་ནས་ལབ་པ་ཙམ་མ་ཡིན་པར་དེང་དུས་ཀྱི་འགྲོ་སྟངས་དང་ཁྱབ་ཆེ་བའི་བརྡ་འཕྲིན་དུས་རབས་ཀྱི་རྗེས་སུ་སྙེག་ཐུབ་པ་ཨ་ཁུ་སྨོན་ལམ་ལགས་ཀྱི་བཀའ་དྲིན་

    Reply
  4. dorjee says:
    ལོ་ 8 སྔོན།

    དགེ་བཤེས་སྨོན་ལམ་ལགས་བཀྲ་ཤིས་བདེ་ལེགས།
    འབྱུང་རྩིས་ཨུཏྤལ་སྔོན་པོའི་མཉེན་ཆས་དེ་་ཉིད་Windows 7 /win 8 /win 10 བཅས་ཀྱི་ནང་བཀོལ་སྤྱོད་ལེགས་པར་བྱ་ཐུབ་ཡོད་པ།སླད་མ་ཡང་གང་མགྱོགས་ཀུ་ཤུ་རྟགས་ཅན་ཀློག་ཀླད་ནང་བཀོལ་སྤྱོད་ལེགས་པར་ཡོང་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese