མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་སྐོར་གྱི་རྩོམ་བསྡུའི་གསལ་བརྡ།

བོད་ཀྱི་དུས་བབ།
༢༠༡༨/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

 བོད་རང་བཙན་སྐོར་གྱི་རྩོམ་བསྡུའི་གསལ་བརྡ།

༄༅། ། མཁྱེན་དཔྱོད་ཡངས་པའི་སྨྱུག་ཐོགས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར། ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢༣ ནས་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཞིག་རྒྱ་གར་དྷ་རམ་སཱ་ལར་འཚོགས་འཆར་ལགས་ན། སྐབས་དེ་དང་བསྟུན་ནས་རྩོམ་ལུས་སྣ་ཚོགས་ལས་གྲུབ་པའི་བོད་རང་བཙན་སྐོར་གྱི་ཆེད་དེབ་ཅིག་འདོན་འཆར་ཡོད་ལ། ཆེད་དེབ་དེའི་སླད་མཁས་པའི་དཔྱད་རྩོམ་དང་ཡོངས་ཁྱབ་རྩོམ་ཡིག་འགྲན་སྡུར་ཞིག་བྱ་རྒྱུ་དང་། ཆེད་དེབ་འདོན་འཆར་གྱི་དགོས་དམིགས་ནི། རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་པ་ནས་ད་ལྟ་བོད་ཀྱི་མི་རབས་གསུམ་པར་སླེབས་བཞིན་ཡོད་པས། ལོ་རྒྱུས་མ་ཤེས་ན་སོ་སོའི་ཕ་ཡང་ངོ་མི་ཤེས་པའི་དཔེ་ལྟར། ན་གཞོན་ཚོའི་ཁྲོད་བོད་ཀྱི་འདས་མ་ད་གསུམ་ལ་ཤེས་རྟོགས་འགན་འཁྲིའི་བསམ་བློ་སྐྱེད་སྲིང་དང་། མ་འོངས་བོད་རང་བཙན་འཐབ་རྩོད་ཀྱི་ཕུགས་བསམ་མངོན་འགྱུར་བཅས་གཙོ་གནད་དུ་བཟུང་བ་ཞིག་ཡིན།

༡ དཔྱད་རྩོམ་བསྡུ་རུབ།
བརྗོད་གཞི་གཙོ་བོ། ༡ བོད་རང་བཙན་སྐབས་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་དང་འབྲེལ། ལོ་རྒྱུས་ཐོག་ནས་བོད་རང་བཙན་ཁུངས་སྐྱེལ། ༢ བོད་རང་བཙན་འཐབ་རྩོད་ཀྱི་གལ་གནད། ༣ བོད་རང་བཙན་འཐབ་རྩོད་ཀྱི་ཐབས་ཇུས། ༤ རྒྱ་ནག་གི་སྲིད་ཇུས་འོག་གི་བོད་ཀྱི་གནས་བབས། ༥ བོད་ཕྱི་ནང་གི་དེ་སྔའི་བོད་རང་བཙན་འཐབ་རྩོད་ལས་འགུལ་ལ་དབྱེ་ཞིབ། ༦ མཉམ་འབྲེལ་རྒྱལ་ཚོགས་བཙུགས་རྗེས་རྒྱལ་སྤྱིའི་ནང་རང་བཙན་ཐོབ་མཁན་དང་ཁོང་ཚོའི་འཐབ་རྩོད་ལས་འགུལ་ལ་དཔྱད་ཞིབ་དང་། བོད་རང་བཙན་འཐབ་རྩོད་བྱེད་ཕྱོགས་ལ་མཚུངས་བསྡུར། ༧ མ་འོངས་བོད་རང་བཙན་རྒྱལ་ཁབ་ཀྱི་འཆར་སྣང་བཅས་རྩོམ་པ་པོ་རྣམ་པའི་དཔྱད་བརྗོད་ཀྱི་བརྗོད་གཞིར་བཞག་པ་ཡིན། ཐེངས་འདིའི་དཔྱད་བརྗོད་དང་འགྲན་རྩོམ་གྱི་དགོས་དམིགས་འོག་གོང་བཀོད་བརྗོད་གཞི་ཁག་མ་ཡིན་པ་རང་ངོས་ནས་བརྗོད་གཞི་གདམ་རྒྱུའི་རང་དབང་ཡོད་མོད། བོད་རང་བཙན་དང་འབྲེལ་བའི་སྐོར་ཡིན་དགོས། རྩོམ་ཡིག་ཁག་ཆེད་དེབ་ཐོག་བཀོད་མིན་དབང་ཚད་རྩོམ་སྒྲིག་ཚོགས་ཆུང་ལ་ཡོད།

༢ རྩོམ་ཡིག་འགྲན་སྡུར།
འགྲན་རྩོམ་འདི་ནི་མཐོ་རིམ་སློབ་གྲྭ་དང་དགོན་སྡེ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྩོམ་པ་པོ་རྣམས་ལ་གོ་སྐབས་གཅིག་མཚུངས་སུ་ཡོད་ལ། བོད་རང་བཙན་གྱི་མངོན་འདོད་འོག་རྩོམ་ལུས་ལ་ཁྱད་པར་མེད་ཅིང་། སྐད་ཡིག་བོད་དབྱིན་གང་རུང་ཐོག་འབྲི་ཆོག བོད་ཡིག་ཡིན་ན་ཡིག་འབྲུ་༤༠༠༠ ལས་མ་བརྒལ་བ་དང་དབྱིན་ཡིག་ལ་ཡིག་འབྲུ་༣༠༠༠ ལས་མ་བརྒལ་བ་དགོས། (ཡིག་འབྲུའི་ཚད་བཀག་འདི་གཙོ་བོ་འགྲན་རྩོམ་གྱི་དཔྱད་རྩོམ་ཆེད་ཡིན། )

གསལ་འདེབས།
དཔྱད་བརྗོད་ཆེད་དེབ་འདོན་འཆར་དུ་རྩོམ་ཡིག་བསྡུ་རུབ་བྱེད་རྒྱུ་ཡིན་ན། འགྲན་རྩོམ་གྱི་རྩོམ་ཡིག་ཁག་ཚད་ལྡན་བྱུང་ན་ཆེད་དེབ་ཐོག་འགོད་འཆར་ཡོད་པས། རྩོམ་པ་པོ་རྣམ་པས་རྩོམ་ཡིག་གང་མང་གཏོང་གནང་ཡོད་པ་མཁྱེན།
(འགྲན་རྩོམ་ཆེད་དུ་བཏང་བ་ཡིན་མིན་ཟུར་མཆན་འགོད་རོགས། འགྲན་རྩོམ་ནང་ཨང་དང་པོ་ཐོབ་མཁན་གྱི་རྩོམ་ཡིག་ཚད་ལྡན་བྱུང་ཡོད་ན། ཚོགས་ཆེན་ཐོག་རྩོམ་ཡིག་དེ་འབྲེལ་བའི་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བསྐྲུན་ཆོག)

འགྲན་རྩོམ་བྱ་དགའ།
ཨང་དང་པོར་ཧིན་སྒོར་༢༥༠༠༠ དང་། ཨང་གཉིས་པར་ཧིན་སྒོར་༡༥༠༠༠། ཨང་གསུམ་པར་ཧིན་སྒོར ༡༠༠༠༠ བཅས་ཡོད། རྩོམ་ཡིག་ཁག་ཕྱི་ལོ་༢༠༡༨ ལོའི་ཟླ་༤ ཚེས་༣༠ སྔོན་ལ་འབྱོར་དགོས།
རྩོམ་ཡིག་ངེས་པར་དུ་གཤམ་གྱི་གློག་འཕྲིན་བརྒྱུད་བསྐུར་རོགས།
རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པའི་གོ་སྒྲིག་ཚོགས་ཆུང་ནས་༢༠༡༧ ལོའི་ཕྱི་ཟླ་༡༢ པའི་ཚེས ༡༥ ཉིན།

འབྲལ་གཏུག་བྱེད་ཡུལ།
Email: rangzenpas@gmail.com
Blog: https://ircd2018.wordpress.com
ངོ་དེབ་ཁ་བྱང་།https://www.facebook.com/irc2018/
ཁ་པར་ཨང་། +91 9817113191 / 9857570131
ཚོགས་ཞུགས་པའི་ཐོ་འགོད་བྱེད་ས།
Register Here https://goo.gl/forms/xpjQ3PHL6M0VeCKx1

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese