མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསང་མྱུལ་བའི་དོགས་གཞིའི་འོག་བོད་མི་ཞིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༨/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

སི་ཝེ་ཌན་གཞུང་གིས་བོད་མི་ཞིག་འཛིན་བཟུང་བྱས་ཏེ་རྒྱ་ནག་གཞུང་གི་གསང་མྱུལ་བ་ཡིན་པའི་བདེན་དཔང་ཆ་ཚང་ཡོད་སྐོར་བསྒྲགས་འདུགསི་ཝེ་ཌན་གསར་ཁང་(TheLocal)ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན།  བཙན་བྱོལ་བོད་མི་སྤྱི་དང་ཡུ་རོབ་ཁུལ་ཏུ་ཡོད་པའི་བོད་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་དང་། འཆར་གཞི་གང་ཡིན་པ་སོགས་ཀྱི་གནས་ཚུལ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའི་དོགས་གཞིའི་འོག བོད་མི་ཞིག་འཛིན་བཟུང་བྱས་ཏེ་ཁ་སང་ཡུལ་དེའི་ཁྲིམས་ཁང་ནས་ཁྲིམས་བཤེར་བྱས་ཡོད་ཀྱང་། ཁོའི་ཁྲིམས་རྩོད་པས་དཔང་རྟགས་ཁ་གསལ་མེད་སྐོར་བརྗོད་དེ་ནག་ཉེས་ངོས་ལེན་བྱས་མེད་པར་བརྟེན། ཁོ་རང་བདུན་ཕྲག་གཉིས་རིང་བཀག་ཉར་འོག་བཞག་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སི་ཝེ་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་སུ་དེའི་སྐོར་སྐད་ཆ་དྲིས་པར་མོས། སི་ཝེ་ཌན་གསང་བའི་ལས་ཁུངས་ནས་བོད་མི་དེས་གནད་ཚབས་ཆེ་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཀྱང་། སི་ཝེ་ཌན་ནང་བོད་རིགས་ཉུང་ཉུང་ཞིག་ལས་མེད་དུས་རྒྱ་ནག་གཞུང་གིས་གསང་མྱུང་བ་གཏོང་དགོས་དོན་གང་ཡིན་ཧ་གོ་ཡི་མེད་པ་དང་། དམིགས་བསལ་བོད་མི་སྤྱིའི་གནས་སྟངས་དང་། ལྷག་པར་དུ་སི་ཝེ་ཌན་ནང་ཡོད་པའི་བོད་རིགས་མང་ཆེ་བའི་ནང་མི་སྤུན་མཆེད་སོགས་བོད་ནང་བཞུགས་ཡོད་སྟབས། སི་ཝེ་ཌན་ཁྲིམས་ཁང་ནས་བོད་མི་དེར་ཁྲིམས་ཐག་མ་བཅད་བར་དུ་སི་ཝེ་ཌན་བོད་རིགས་ཚོགས་པའི་ངོས་ནས་ཁོ་རང་གསང་མྱུར་བ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་སྐོར་སོགས་བརྗོད་བྱུང་།

སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་དེ་རྒྱ་གར་ནས་སི་ཝེ་ཌན་ནང་ཕྱིན་པ་ཡིན་སྐོར་བརྗོད་ཀྱི་འདུག་ཀྱང་། འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། བོད་མི་དེས་རྒྱ་ནག་གི་མི་སེར་ཡིན་པའི་ཁ་ཆེ་མི་རིགས་ཀྱི་ལག་འཁྱེར་ཐོག་སི་ཝེ་ཌན་ནང་ཐད་ཀར་སྐྱབས་བཅོལ་ཞུས་ཡོད་སྐོར་བརྗོད་བྱུང་།

སི་ཝེ་ཌན་གྱི་ཁྲིམས་ཞིབ་པས། བོད་མི་དེས་སི་ཝེ་ཌན་གཙོས་ཡུ་རོབ་རྒྱལ་ཁབ་ཁག་མང་པོའི་ནང་བོད་དོན་དང་འབྲེལ་བའི་ཚོགས་ཆེན་ཁག་ཏུ་མཉམ་ཞུགས་བྱས་ཡོད་པ་དང་། ཁོའི་ལས་འགན་གཅོ་བོ་ནི། རྒྱ་ནག་དང་ཁ་གཏད་ཡིན་པའི་གནད་ཡོད་མི་སྣ་ཁག་གི་གནས་ཚུལ་རྒྱ་ནག་གཞུང་ཚབ་ཁང་དུ་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་སྐོར་དང་། མི་དེས་པོ་ལན་ཌི་དང་ཧྥི་ལན་ཌིའི་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་བྱས་ཏེ་ཐེངས་རེར་ཨ་སྒོར་སྟོང་ ༦ རེ་བླངས་ཡོད་སྟབས།  ཁོས་བོད་པའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ལ་གནོད་སྐྱེལ་གྱིན་ཡོད་པ་མ་ཟད། ད་དུང་མུ་མཐུད་མི་མང་པོ་ཞིག་ལ་གནོད་སྐྱོན་ཚབས་ཆེན་སྤྲོད་ངེས་ཡིན་པར་བརྟེན། ཁོའི་ནག་ཉེས་ཧ་ཅང་ཚབས་ཆེན་ཡིན་སྐོར་བརྗོད་འདུག

སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༥ ལོ་ནས་མི་དེར་གསང་བའི་ཞིབ་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་ལོ་གསར་སྐབས་ཁོ་འཛིན་བཟུང་བྱས་ཏེ་ཟླ་ ༢ མ་ཟིན་ཙམ་རིང་བཀག་ཉར་བྱས་ཡོད་ཀྱང་། ཕྱིས་སུ་ཀློད་གྲོལ་བཏང་སྟེ་ལྟ་ཞིབ་འོག་བཞག་རྗེས་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག

ཡང་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་བརྗོད་པ་ལྟར་ན། དབྱར་དུས་མི་མང་པོ་ཞིག་གུང་གསེང་ལ་བུད་འགྲོ་ཡི་ཡོད་སྟབས། དབྱར་ཁ་རྫོགས་རྗེས་མ་གཏོགས་ད་ལྟ་ད་དུང་མི་དེ་ལ་ཁྲིམས་བཤེར་བྱ་ཐུབ་ཀྱི་མེད་པ་དང་། སི་ཝེ་ཌན་ནང་བོད་རིགས་ཉུང་ཉུང་ཡིན་པས་ཐོག་མར་བོད་རིགས་གསང་མྱུར་བ་ཞིག་འདུག་སྐོར་ལབ་དུས་ཧ་སང་སོང་ཞེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

མཆན། 4

  1. ཨ་འབར་འཇིགས་དབང། says:
    ལོ་ 5 སྔོན།

    ཡ་་་ད་བོད་རིགས་རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་་རྒྱ་མིའི་གསང་ཉུལ་ཡིན་པའི་སྐོར་སྤྱི་ཚོགས་དྲ་རྒྱའི་ནང་
    འདྲ་མིན་བཀོད་འདུག་
    ༡། ཁོ་བོད་དང་རྒྱ་ནག་ནས་ཡོང་བ་ཡིན་པ་དང་། རྒྱ་ཁ་ཆེའི་ལག་འཁྱེར་འདུ་་ཟེར་བ།
    ༢། ཡར་ཁོ་རྒྱ་གར་ནས་ཡོང་བ་རེད་ཟེར། བོད་ནས་ཡོང་སྟེ་རྡ་ས་བོད་ཁྱིམ་ཁོངས་ནས་ཡིན་པ་སུ་བྱ་བོད་ཁྱིམ་
    སློབ་གྲར་བསྡད་པ་ཡིན་པ་སོགས་མི་འདྲ་བ་བཤད་ཚུལ་འདུག་
    གང་ལྟར་ཡང་ཁོ་བློ་ཁ་དགྲ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་པ་ར་འཕྲོད་པ་རེད།
    བོད་པའི་ཞབས་འདྲེན་ངོ་མ་བཞག་པ་རེད། སོ་སོའི་འཚོ་བའི་ཆེད་བོད་པ་བོད་པའི་ནང་ལ་དགྲ་ཡི་གསང་ཉུལ་བྱེད་པ་
    ཐབས་སྡུག་་་ཁྱི་སེང་ཕྲུག་ལས་སྡུག་པ་རེད།

    Reply
  2. ས་ཐོ says:
    ལོ་ 5 སྔོན།

    དང་པོར་ཆབ་སྲིད་ཀྱི་བཅོལ་ཞུས། རྗེས་ནས་རྒྱ་ནག་གཞུང་ཚབ་ལ་འབྲེལ་བ་བྱེད་མཁན་རེ་གཉིས་ཡོད་པའི་གཏམ་འདུག

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    མི་ལ་མིང་དང་ཚོན་ལ་ཡུ་བ་ཟེར་བ་ལྟར་མིང་མེད་པའི་བོད་མི་རྒྱ་མིའི་གསང་མྱུལ་དེ་འདྲ་ག་འདྲ་ཡིན་གསར་འགོད་ཚོའི་གནས་ཚུལ་ཆ་ཚང་རྟོགས་ནས་གསར་ཤོག་སྟེང་བཀོད་ན་གསར་ཤོག་ཀློག་མཁན་ལ་ངེས་པ་སྙེད་ཐུབ་པ་ལས་དེ་མིན་གསར་ཤོག་ཀློག་མཁན་དང་གསར་འགོད་གཉིས་ཀ་ཚོད་དཔག་ནང་ལྷ
    ག་ནས་རི་བོང་ཅལ་དཀྲོགས་ཆགས་སྲིད་པ་མ་རེད་དམ་།

    Reply
  4. རྡོ་རྗེ་། says:
    ལོ་ 5 སྔོན།

    འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་སི་ཝེ་ཌན་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར་ན། བོད་མི་དེས་རྒྱ་ནག་གི་མི་སེར་ཡིན་པའི་ཁ་ཆེ་མི་རིགས་ཀྱི་ལག་འཁྱེར་ཐོག་སི་ཝེ་ཌན་ནང་ཐད་ཀར་སྐྱབས་བཅོལ་ཞུས་ཡོད་སྐོར་བརྗོད་བྱུང་།
    བོད་པ་ཁ་ཆེ་ཡིན་གྱུར་རེད།ཡང་ན་རྒྱ་ཁ་ཆེ་བོད་སྐད་བཤད་མཁན་དེ་འདྲའི་ཡིན་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist