མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུ་ཐེངས་གཅིག་བྱེད་པར་གྲོས་ཚོཊ་ནས་རྒྱབ་སྐྱོར་གནང་མ་སོང་།

བོད་ཀྱི་དུས་བབ།
༢༠༡༨/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་འཐུས་མི་མང་པོས་བཙན་བྱོལ་བོད་མིའི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་རང་འཇགས་བཞག་སྟེ་དུས་ཡུན་ཐུང་དུ་གཏོང་བ་དང་འོས་མི་ཕྱོགས་གཏོགས་བཅས་ནས་བཟང་སྤྱོད་ཐོག་རང་འགན་རང་འཁུར་གྱིས་ཡིད་གཟབ་དགོས་སྐོར་གསུངས་སོང་།

དེ་རིང་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་ ༧ པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྐོར་ལ་བགྲོ་གླེང་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་སྐབས། སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་པ་གསར་འཇུག་གནང་ཡོད་པ་དེའི་ཐད་བགྲོ་གླེང་མང་པོ་བྱུང་སོང་།

དེའི་ཐད་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གང་ཞིག་བཀའ་བློན་གྱི་འོས་གཞིར་བཏོན་པའི་སྐབས་སུ་དཀའ་ངལ་གང་ཡང་མེད་པར་འདོན་གྱི་ཡོད་པ་དང་། གང་ཟག་དེ་བཀའ་བློན་འོས་ཐོན་པ་དང་གཞུང་ཞབས་ཀྱི་ལས་འགན་ནས་དགོངས་པ་ཞུ་ཡི་ཡོད་ཀྱང་། སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་རང་གི་ནང་ལས་བྱེད་མ་ཡིན་པ་བཅུག་པ་ཡིན་ན།  མ་འོངས་པར་སྲི་ཞུ་ལས་བྱེད་ཀྱིས་སྲིད་སྐྱོང་དང་བཀའ་བློན་བྱེད་པའི་ལམ་ཁ་བཀག་པ་འདྲ་བོ་མཐོང་གི་ཡོད་པ་དང་། སྤྱིར་བཏང་སྒྲིག་འཛུགས་ནང་གཞུང་ཞབས་ཙམ་མིན་པར་མི་སུ་ཡིན་ནའང་ཡོང་ཆོག་གི་ཡོད་ཀྱང་། སྒྲིག་འཛུགས་ཀྱི་ཉམས་མྱོང་ཆེ་ཤོས་དེ་སྲི་ཞུ་བ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་སྲིད་སྐྱོང་གི་འོས་ཆོས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་པའི་ཚིག་དེ་ཕྱིན་པ་ཡིན་ན་སྲིད་སྐྱོང་གི་འོས་ཆོས་ཆགས་ཚར་བ་དང་། དེང་སང་མི་ཚང་མ་དྲན་རྒྱུ་རྒོད་པོ་ཡོད་པས་རྗེས་མ་བཅའ་ཁྲིམས་ཀྱིས་བཀག་བསྡད་པ་འདྲ་བོ་དང་། འོས་ཆོས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ལབ་འདུག་ཀྱང་བཅའ་ཁྲིམས་ཀྱིས་བཀག་མི་འདུག་ཟེར་བ་འདྲ་བོ་བྱུང་ན་ཁེད་མཚར་བོ་ཆགས་པའི་ཉེན་ཁ་ཡོད་སྟབས། སྤྱིར་བཏང་འོས་ཆོས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་པ་དེ་བླུག་གི་ཡོད་ན་སྲིད་སྐྱོང་ཞེས་པའི་ཚིག་དེ་ཕྱིར་བསྡུ་དགོས་པ་འདྲ་བོ་ཆགས་ཡོད་པ་དང་། སྲིད་སྐྱོང་ཞེས་པའི་ཚིག་དེ་ཕྱིར་བསྡུ་བའི་བཅའ་ཁྲིམས་བསྐྱར་བཅོས་ཤིག་འཁུར་ཡོང་ན་འགྲིག་གི་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་གཉིས་ལོགས་སུ་བཟོས་ཏེ་སྲིད་སྐྱོང་གི་འོས་ཆོས་ནང་སྲི་ཞུ་ལས་བྱེད་མ་ཡིན་པ་ཞེས་པ་དེ་གསར་འཇུག་དང་། བཀའ་བློན་གྱི་འོས་ཆོས་ནང་སྲི་ཞུ་ལས་བྱེད་མ་ཡིན་པ་ཞེས་པ་གསར་འཇུག་མ་བྱས་པར་རང་འཇགས་བཞག་ན་ཁ་གསལ་གོ་བདེ་ཡོང་བ་དང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་སྲི་ཞུ་བ་ཞིག་བཞེངས་རྒྱུ་དེར་སྔོན་ཆད་ནས་མོས་མཐུན་མེད་པ་དང་། བཀའ་བློན་འོས་མི་ཕལ་ཆེ་བ་སྲི་ཞུ་བ་དྲུང་ཆེ་ནས་བྱུང་གི་ཡོད་པ་རེད། གལ་སྲིད་གཞུང་ཞབས་བཀའ་བློན་གྱི་འོས་མིར་ཡོང་མ་ཆོག་ཚེ་རྗེས་མ་བཀའ་བློན་ཡག་པོ་ཞིག་འདེམས་སྒྲུག་བྱེད་དཀའ་རྒྱུའི་གནས་སྟངས་ཞིག་ཏུ་འགྱུར་རྒྱུ་ཡིན་སྟབས། སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་རྣམས་ལོགས་སུ་བཟོས་ན་ཡག་པོ་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་ཁག་ཅིག་གིས་སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་བླུག་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ལ་མིའི་ཐོན་ཁུངས་ཡག་པོ་མེད་པ་དང་། གལ་སྲིད་ལས་བྱེད་ཅིག་གིས་གཞུང་ཞབས་ནས་རྩ་དགོངས་ཞུས་ཏེ་བཀའ་བློན་ཏུ་ལངས་བ་དང་། གྲོས་ཚོགས་ནས་འོས་མ་ཐོབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ལ་དོ་ཕོག་དང་གྱོང་རག་གི་ཡོད་པ་ལས་དགེ་མཚན་མེད་སྐོར་དང་། སྔོན་མའི་བཅའ་ཁྲིམས་རང་སོར་བཞག་ནས་འགྱུར་བ་མ་བཏང་ན་ཡག་པོ་ཡོད་པ་སོགས་གསུངས་སོང་བ་དང་། མཇུག་ཏུ་སྤྱི་འཐུས་རྣམ་པས་འོས་ཆོས་དེ་གསར་འཇུག་བྱེད་པར་རྒྱབ་སྐྱོར་གནང་མ་སོང་།

གཞན་ཡང་། འོས་བསྡུ་ཐེངས་གཉིས་དགོས་མིན་གྱི་ཁྲིམས་འཆར་བགྲོ་གླེང་ནང་ཚུད་པར་དགག་པ་རྒྱག་མཁན་ ༡༦ དང་། རྒྱབ་སྐྱོར་བྱེད་མཁན་ ༢༡ བྱུང་སྟེ་མང་མོས་རྒྱབ་སྐྱོར་འོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སོང་བ་དང་། སྲིད་སྐྱོང་མཆོག་ནས་འོས་བསྡུ་ཐེངས་གཅིག་མ་གཏོགས་མེད་ན་དགེ་མཚན་ཆེ་སྐོར་བཀའ་ཤག་གི་གསལ་བཤད་ལན་འདེབས་ཐེངས་འགར་གནང་སྐབས། སྔོན་འགྲོ་དང་དངོས་གཞི་བཅས་འོས་བསྡུ་ཐེངས་གཉིས་བྱས་པ་ཡིན་ན་དུས་ཚོད་རིང་པོ་དགོས་ཀྱི་ཡོད་པ་དང་། དུས་ཚོད་རིང་པོ་འགོར་ན་འགྲོ་གྲོན་ཇེ་ཆེ་དང་རྩོད་རྙོག་ཇེ་མང་།  རྒྱ་ནག་གཞུང་གིས་སིམ་འཛུལ་བྱེད་པའི་ཉེན་ཁ་མང་བ་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོའི་བཀའ་སྤྱི་འོས་བསྡུའི་སྐབས་རྒྱ་ནག་གཞུང་གིས་སྲིད་སྐྱོང་སྐོར་ལ་རྩོམ་ཡིག་ཁག་ཅིག་སྤེལ་ཡོད་པ་ལྟ་བུའི་གནོན་ཤུགས་བསླེབས་ཡོད་སྐོར་དང་། འོས་བསྡུ་ཐེངས་གཉིས་བྱས་ནའང་འདས་པའི་འོས་བསྡུའི་གྲུབ་འབྲས་ལ་བལྟས་ན་ཁྱད་པར་གང་ཡང་འགྲོ་ཐུབ་ཀྱི་མེད་སྐོར་སོགས་གསུངས་སོང་།

སྤྱི་འཐུས་ཁག་ཅིག་ནས་དགོངས་ཚུལ་གསུངས་སྐབས་དམིགས་བསལ་བྱས་ཏེ་བུད་མེད་གཉིས་ལ་སྤྱི་འཐུས་ཀྱི་ཞབས་བཀྱག་བཞག་པ་དང་། མི་གཅིག་ལ་འོས་གཉིས་བླུག་པའི་ཐོབ་ཐང་ཡོད་པ་དེ་འདྲ་མཉམ་མིན་པས་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ན་ཡག་པོ་ཡོད་པ་དང་། འོས་བསྡུ་ཐེངས་གཅིག་དང་ཡང་ན་གཉིས་བྱས་པ་གང་ཡིན་ཡང་སྤྱི་ཚོགས་ནང་རྙོག་ཟིང་དང་རྒྱ་གཞུང་གི་སིམ་འཛུལ་འགོག་པར་ཕན་ཐོགས་ཡོང་ཁག་པོ་ཡིན་ཡང་། མི་མང་གི་སྐུ་ཚབ་ཡིན་པ་དང་མི་མང་གིས་དུས་ཚོད་ཐུང་དུ་གཏང་ནས་འོས་བསྡུ་ཐེངས་གཉིས་དགོས་པའི་བསམ་ཚུལ་བཏོན་ཡོད་པ་དང་། སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག་ནས་གསལ་བཤད་ལན་འདེབས་རིམ་པ་གནང་རྗེས། བཀའ་ཤག་གི་ཁྲིམས་འཆར་གསར་པ་དེས་མི་མང་སྔར་ལས་མགོ་རྨོངས་སུ་འཇུག་ཉེན་མཐོང་བར་བརྟེན། འོས་བསྡུ་ཐེངས་གཅིག་གིས་འཐུས་བ་བྱེད་པར་རྒྱབ་སྐྱོར་བྱེད་མི་ཐུབ་པ་དང་ངེས་པར་དུ་འོས་བསྡུ་ཐེངས་གཉིས་དགོས་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཁག་ཅིག་ནས་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་རྙོད་ཟིང་ཆེན་པོ་བྱུང་བ་དེ་སྐབས་དེའི་འོས་མི་དང་དེའི་རྒྱབ་སྐྱོར་ཕྱོགས་གཏོགས་ཚོའི་བཟང་སྤྱོད་ཀྱི་དཀའ་ངལ་ཞིག་དང་། དྲིལ་བསྒྲགས་དང་བགྲོ་གླེང་བྱེད་སྐབས་བྱ་སྤྱོད་ཀྱི་རྐྱེན་གྱིས་བྱུང་བ་ཞིག་ལས་འོས་བསྡུའི་སྒྲིག་གཞི་དང་། སྒྲིག་གཞི་ལག་བསྟར་བྱེད་མཁན་གྱིས་མ་འགྲིག་པ་ཞིག་ཏུ་ངོས་འཛིན་གནང་གི་མེད་སྐོར་གསུངས་སོང་།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ནས་སྔོན་མ་ནས་འོས་ཐེངས་གཅིག་བླུག་པར་དགེ་མཚན་ཆེན་པོ་ཡོད་པ་ཞིག་མཐོང་གི་ཡོད་པ་དང་། འོས་བསྡུ་ཐེངས་གཅིག་དང་གཉིས་གང་བྱས་ཀྱང་ཁྱད་པར་ཆེན་པོ་མེད་པ་དང་། འོས་བསྡུ་ཐེངས་གཅིག་བྱས་ན་ཚེགས་ཚུད་པོ་ཆགས་པ་སོགས་ཀྱི་ཁྱད་པར་མང་པོ་ཡོང་གི་ཡོད་པ། འོས་བསྡུ་ཐེངས་གཅིག་བྱས་ནའང་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ང་རང་ཚོར་དགོས་པའི་མི་དེ་འདེམས་མ་ཐུབ་པའི་དཀའ་ངལ་མཐོང་གི་མེད་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཁག་ཅིག་ནས་འོས་བསྡུ་ཐེངས་གཅིག་དགོས་དང་གཉིས་དགོས་ཞེས་དུས་ཚོད་ཐུང་ཐུང་ནང་ཐག་གཅོད་ཡོང་ཐབས་བྱས་པ་ཙམ་མ་ཡིན་པར་འོས་བསྡུ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་སྒང་ལ་སྤྱི་ཡོངས་ནས་བགྲོ་གླེང་བྱེད་གལ་ཆེན་པོ་ཆགས་ཡོད་སྟབས། དམིགས་བསལ་ཚོགས་ཆེན་སྐོང་བ་ལྟ་བུའི་མི་མང་གི་བསམ་ཚུལ་བསླེབ་ཐུབ་པ་ཞིག་མ་གནང་ན་མ་འོངས་པར་དཀའ་རྙོག་ཆེ་རུ་འགྲོ་ཉེན་ཡོད་སྐོར་སོགས་གསུངས་སོང་།

ལས་རིམ་གྱི་དུས་ཚོད་འཕར་འགྱངས་ཀྱིས་བགྲོ་གླེང་མང་པོ་གནང་རྗེས། འོས་བསྡུ་ཐེངས་གཅིག་བྱེད་པར་རྒྱབ་སྐྱོར་གནང་མཁན་གཅིག་ལས་མ་བྱུང་བར་བརྟེན་བཀའ་ཤག་གི་ཁྲིམས་འཆར་གསར་པ་དེ་ཟགས་སོང་། དེ་ནས་མུ་མཐུད་བཅའ་ཁྲིམས་བསྐྱར་བཅོས་ཐོག་བགྲོ་གླེང་གནང་བཞིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    Without candidate selection committe two time vote
    for one Candidate by voter is totaly wrong in Democracy practice
    and waste time and loss money in general. Electoral college is
    Important for voting Democracy Representatives.

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་བཞག་
    འདི་ནི་འོས་བསྡུའི་ལས་རིམ་ཚད་ལྡན་ལ་ནམ་ཡང་ངོས་འཛིན་ཞུ་གི་མེད་ལ་འོས་
    ཐེངས་གཉིས་འཕེན་རྒྱུའི་སྒོ་སྐབས་དེ་ནི་གཞུང་མགྲོན་འཕར་མ་དང་དུས་ཚོད་
    འཕྲོ་ལྷག་དང་འོས་འཕེན་མགོ་བདེ་དྲན་འཕྲུལ་ཅན་ཚོར་སྒོ་སྐབས་མང་བ་སོགས་
    ༼་་་Horsetrading ༽་་བྱ་རྒྱུའི་སྒོ་སྐབས་མང་བ་ཙམ་ལས་འོས་བསྡུའི་ལས་རིམ་ཚད་
    ལྡན་ཡིན་པའི་ངོས་འཛིན་ནམ་ཡང་ཞུ་གི་མེད་ན་མང་གཙོ་ཡང་དག་པ་ཁྲིམས་ཀྱིས་
    དབང་བསྒྱུར་འོག་མི་མང་གནས་ཐུབ་པ་ལ་འོས་བསྡུའི་ལས་རིམ་ཚད་ལྡན་དགོས་པར་
    བརྟེན་འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་་༼་་་་candidate selection commitee ༽
    བཙུགས་ནས་འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་གི་སྟོན་པའི་འོས་དམིགས་དེ་དག་
    འོས་གཞི་ལ་བཞག་ནས་མི་མང་ནས་འོས་འཕེན་དགོས་པ་དེ་ཚད་ལྡན་མང་གཙོའི་ལམ་ལུགས་
    ཡང་དག་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་་ says:
    ལོ་ 7 སྔོན།

    སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་བཞག་གི་ཡོད་ན་ད་མུས་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་མང་ནས་འོས་འཕེན་པའི་ལམ་སྲོལ་དེ་ནི་འོས་བསྡུའི་ལས་རིམ་ཚད་ལྡན་ཞིག་ལ་ནམ་ཡང་ངོས་འཛིན་མི་ཐུབ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་ན་སྔོན་འགྲོ་ལ་
    འོས་དམིགས་འདེམས་སྒྲུག་ཚོགས་ཆུང་འཛུགས་དགོས་པ་་༼ ་་ candidate seclection committe ༽ ་དང་འོས་དམིགས་འདེམས་
    སྒྲུག་ཚོགས་ཆུང་ནང་བཀའ་ཤག་གི་སྐུ་ཚབ་དང་སྤྱི་འཐུས་ཀྱི་སྐུ་ཚབ་ཆོས་ལུགས་དང་ཆོལ་ཁའི་སྐུ་ཚབ་བཅས་ཡོད་པའི་ཚོགས་ཆུང་ནས་སྲིད་སྐྱོང་དང་སྤྱི་འཐུས་
    ཀྱི་འོས་དམིགས་འདོན་དགོས་པ་དང་འོས་དམིགས་དེ་གཞི་ལ་བཞག་ནས་མི་མང་ནས་དངོས་གཞི་འོས་འཕེན་དགོས་པ་དང་གལ་སྲིད་སྔོན་འགྲོ་དང་
    དངོས་གཞི་གཉིས་མི་དགོས་པ་བྱས་ན་འོས་ཐེངས་གཅིག་ལ་མི་མང་ནས་སྲིད་སྐྱོང་དང་སྤྱི་འཐུས་འདམས་དགོས་པའི་ལམ་ལུགས་གསར་གཏོད་གནང་གི་ཡོད་ན་ད་ལྟའི་འོས་སྒྲིག་ལ་བསྐྱར་བཅོས་འགྲོ་དགོས་པ་བཅས་།

    ་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese