མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་སྐུ་གཤེགས།

བོད་ཀྱི་དུས་བབ།
༢༠༡༨/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་ཨེ་ཊ་ལི་ཡི་དགོང་མོའི་ཆུ་ཚོད་ ༩ ཡོལ་ཙམ་དུ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་གདན་ས་མེ་རི་སྒར་དུ་སྐུ་གཤེགས་ཡོད་འདུག

མཁས་དབང་ནམ་མཁའི་ནོར་བུ་མཆོག་ནི་ཕྱི་ལོ་ ༡༩༣༨ ཟླ་ ༡༢ ཚེས་ ༨ ཉིན་སྡེ་དགེ་ལྕང་རྭའི་ཕྱོགས་སུ་སྐུ་འཁྲུངས་ཡོད་པ་དང་། དགུང་ལོ་གསུམ་སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགུང་ལོ་༨ ཀྱི་ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། ༧རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། སྐུ་ན་ཆུང་དུས་སྡེ་དགེ་དགོན་ཆེན་དུ་བཞུགས་ཏེ་རིས་མེད་ཀྱི་གདམས་པ་མང་པོར་གསན་བསམ་གནང་། ཕྱི་ལོ་ ༡༩༥༤ ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་མཛད། ཕྱིས་སུ་ཉག་བླ་བྱང་ཆུབ་རྡོ་རྗེར་མཇལ་ཞིང་ཉག་བླའི་སྒར་དུ་རྩ་བའི་བླ་མའི་སྨན་གཡོག་གནང་ཞོར་རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་གདམས་པ་ཆ་ཚང་ཞུས།

ཕྱི་ལོ་ ༡༩༥༧ ལོར་འབྲས་ལྗོངས་སུ་ཕེབས་ནས་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ཕྱི་ལོ་ ༡༩༦༠ ལོར་ཨི་ཊ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཏེ་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༡ ལོར་ན་པུ་ལེ་སི་རུ་རྫོགས་པ་ཆེན་པོའི་ ༼རིག་གནས་མཐུན་ཚོགས། ༽ཞེས་པ་གསར་འཛུགས་དང་། ཕྱི་ལོ་ ༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་༼ཞང་ཞུང་དཔེ་སྐྲུན་ཁང་། ༽དང་། ཕྱི་ལོ་ ༡༩༨༩ ལོར་ ༼རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་། ༽ཞེས་པ་བཅས་སྔ་གཞུག་ཏུ་གསར་འཛུགས་གནང་། གཞན་ཡང་། ཁོང་གིས་ཨི་ཊ་ལི་དང་ཨ་རི། ཡུ་རོབ་སོགས་ཀྱི་ནང་མེ་རིའི་ཕོ་བྲང་དང་ཀུན་བཟང་ཕོ་བྲང་སོགས་རྫོགས་པ་ཆེན་པོའི་ཚོགས་ཀྱི་མཐུན་ཚོགས་ཆེན་པོ་ ༦ ནང་དུ། འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༠ བརྒལ་བའི་དད་ལྡན་དོན་གཉེར་ཅན་གྱི་སློབ་ཕྲུག་རྣམས་ལ་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བ་དང་། ཞང་བོད་རིག་གནས་ནུབ་ཕྱོགས་སུ་དར་བར་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད་འདུག

མཁས་དབང་ནམ་མཁའི་ནོར་བུ་མཆོག་ལ་<<བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ>>་དང་།  <<བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ>>། <<རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར>><<ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།>> བརྩམས་ཆོས་ཧ་ཅང་མང་པོ་ཡོད་པའི་ནང་ནས་སྐད་གྲགས་ཆེ་ཤོས་ནི། ཕྱི་ལོ་༡༩༩༦ ལོར་པར་སྐྲུན་གནང་བའི་<<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>> ཞེས་པ་དེ་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་སྐད་ཡིག་མི་འདྲ་བ་བཅུ་ལྷག་གི་ནང་བསྒྱུར་ཟིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 5

  1. ྸAbharu Jigwang says:
    ལོ་ 8 སྔོན།

    ༄༅། མཁས་པ་རེ་རེ་གཤེགས་དུས་སེམས་རེ་སྐྱོ།
    སེམས་སྐྱོ་བའི་སྙིང་གཏམ་སུ་ལ་བཤད།
    ཨ་པའི་ཕྱག་གིས་བསྐྱོར་བའི་ཕ་ས།
    ཨ་མའི་སེམས་ཀྱིས་བསྐྱངས་པའི་ཕ་ཡུལ།
    ནམ་ཞིག་ནམ་རག་དཀོན་མཆོག་རྣམ་པ་གསུམ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ནམ་ལངས་ཉི་ཤར་འཇིག་རྟེན་མུན་པ་སེལ་།
    མཁའ་དབྱིངས་བགྲོད་ནས་ལོ་རྒྱུས་ཞིབ་འཇུག་པ་།
    ནོར་ལ་བདག་འཛིན་སྤངས་ནས་རྒྱལ་ཁམས་མྱུལ་།
    ཕོ་རྒོད་ནམ་མཁའི་ནོར་བུའི་བོད་མིང་གྲགས་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ནང་དོན་གཞུང་ལུགས་སྨྲ་བའི་མཁས་པའི་མཆོག་།
    ལོ་རྒྱུས་ཁུང་བཙན་སྨྲ་བའི་ཞིབ་འཇུག་པ་།
    ཕྱི་ནང་རིག་གནས་ཀུན་ལ་འཇུག་ཆེ་བ་།
    རླབས་མཛད་པ་ལོ་རྒྱུས་མེ་ལོང་བསྟན་།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 8 སྔོན།

    ནམ་མཁའི་ནོར་བུ་དགུང་ལ་བཤེགས་།
    ནམ་མཁའི་མདངས་ལ་རྒྱ་མཚོ་མཛེས་།
    ནམ་མཁའ་འཇའ་འོད་གུར་དུ་ཕུབ་།
    ནམ་མཁའི་ནོར་བུར་གུས་ཕྱག་འཚལ་།

    Reply
  5. མི་གསོན་པོ། says:
    ལོ་ 8 སྔོན།

    སྡེ་དགེ་འཇོ་མདའ་རྫོང་དཀར་མཛེས་ཁུལ་མ་རེད། བོད་རང་སྐྱོང་ལྗོངས་མདོ་ཁུལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese