མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཇིབ་ཀྱི་སྲིད་འཛིན་ཟུར་པ་གློ་བུར་དུ་གྲོངས་ཏེ་གླེང་རྙོག་བྱུང་། 

བོད་ཀྱི་དུས་བབ།
༢༠༡༩/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ་དང་འཇིགས་སྐུལ་རིང་ལུགས་པར་མཉམ་འབྲེལ་བྱས་པ་སོགས་ཀྱི་ཉེས་མིང་གཡོགས་པའི་ཨེ་ཇིབ་ཀྱི་སྲིད་འཛིན་ཟུར་པ་མོ་ཧཱ་མ་ཌི་མོར་སི་གློ་བུར་དུ་གྲོངས་བར་བརྟེན་ཡུལ་དེའི་དྲག་པོའི་དམག་གཞུང་ལ་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཏོན་པ་ལྟར་ན། ཁ་སང་ཨེ་ཇིབ་ཀྱི་ཕྱི་དྲོའི་ཆུ་ཚོད་ ༤:༥༠ སྟེང་རྒྱལ་ས་ཁའེ་རོའི་(Cairo)ཁྲིམས་ཁང་དུ། ཡུལ་དེའི་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་འཛིན་དང་པོ་མོ་ཧཱ་མ་ཌི་མོར་སི་( Mohamed Morsi )ལ་ཁྲིམས་བཤེར་བྱེད་སྐབས་གློ་བུར་དུ་ས་ལ་འགྱེལ་ཡོད་པ་དང་། དེ་ནས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་འདས་གྲོངས་སུ་ཕྱིན་ཡོད་འདུག 

གནད་དོན་དེའི་ཐད་་མོ་ཧཱ་མ་ཌི་མོར་སིའི་བུ་ཨབ་དྷོལ་མོར་སི་(Abdullah Mohamed Morsi)ཡིས་རོའོ་ཊིར་གསར་ཁང་གི་གསར་འགོད་པར། ད་ལྟའི་ཆར་ནང་མི་ཚོས་ཁོང་གི་ཕུང་པོ་གང་དུ་བཞག་ཡོད་མེད་ཤེས་ཀྱི་མེད་ལ། སྲིད་གཞུང་གིས་ནང་མི་ཚོ་དུར་མཆོད་བྱེད་དུའང་གཏོང་གི་མེད་སྐོར་བརྗོད་འདུག་ལ། ཨེ་ཇིབ་གཞུང་འབྲེལ་གསར་ཁང་(Egypt’s state TV)ཡིས། སྲིད་འཛིན་ཟུར་པ་མོར་སི་ཡི་་ནག་ཉེས་གཙང་མ་ཆགས་ཏེ་ཁྲིམས་ཞིབ་མཇུག་རྫོགས་རྗེས་ཁོང་རང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཁོང་གི་ཕུང་པོ་སྨན་ཁང་དུ་འཁྱེར་ཡོད་སྐོར་བསྒྲགས་འདུག  

ཨལ་རྗེ་ཛི་རཱ་(Aljazeera)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། སྲིད་འཛིན་ཟུར་པ་ཁོང་ལ་དེ་སྔོན་ནས་གློ་བ་དང་མཁལ་མ་སོགས་ལ་ན་ཚ་ཡོད་པ་དང་། ཁོང་བཙོན་འཇུག་བྱས་རྗེས་ནད་གཞི་རྣམས་ཇེ་སྡུག་ཏུ་སོང་སྐོར་བརྗོད་ཡོད་པ་དང་། ཁོང་གི་ཕུང་པོར་སྨན་ཁང་གིས་བརྟག་དཔྱད་བྱས་པའི་སྙན་ཐོ་ཞིག་བཏོན་པའི་ནང་རྨས་སྐྱོན་གསར་པ་རིགས་དང་ལུས་ལ་བརྡབ་སྐྱོན་སོགས་གང་ཡང་བྱུང་མེད་སྐོར་བསྒྲགས་ཡོད་ཀྱང་། ཁོང་གློ་བུར་དུ་འདས་གྲོངས་སུ་སོང་རྗེས་རྒྱལ་སྤྱིའི་ཐོག་ནས་ཨེ་ཇིབ་དམག་གཞུང་ལ་དོགས་གཞི་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་དང་ཨ་རབ་ཡུལ་གྲུ་ཁག་ཏུ་ཁོང་ལ་མྱ་ངན་བྱེད་ཀྱི་ཡོད་པ་དང་སྦྲགས་ཨེ་ཇིབ་གཞུང་ལ་སྐྱོན་བརྗོད་མང་པོ་བྱེད་ཀྱི་ཡོད་འདུག 

མོར་སི་ཡི་ཁ་ཆེའི་སྤུན་ཟླ་ཚོགས་པས་སྲིད་གཞུང་གིས་ད་བར་དུ་ཁོང་ལ་སྨན་བཅོས་དང་སྨན་ཁང་དུ་སྨན་པར་བསྟེན་གཏུག་སོགས་གང་ཡང་བྱེད་བཅུག་མེད་པས་ཁོང་བསད་པ་ཡིན་སྟབས། གནད་དོན་དེའི་འགན་ཆ་ཚང་ཨེ་ཇིབ་གཞུང་ལ་ཡོད་པ་དང་ཁ་ཆེའི་མི་མང་ཚོས་རང་ཉིད་གང་ན་ཡོད་པའི་རྒྱལ་ཁབ་ཁག་གི་ཨེ་ཇིབ་གཞུང་ཚབ་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་ཡང་བཏང་ཡོད་པ་དང་།  གཞན་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཨེ་ཇིབ་གཞུང་ལ་སྲིད་འཛིན་ཟུར་པ་ཁོང་ལ་སྨན་བཅོས་སོགས་བྱེད་མ་བཅུག་པར་གློ་བུར་དུ་འདས་གྲོངས་སུ་སོང་བ་ནི་ཨེ་ཇིབ་སྲིད་གཞུང་གི་ངོ་ཚ་ཆེན་པོ་ཞིག་ཡིན་པ་དང་། གནས་སྟངས་དེ་ནི་འཇིགས་ཡེར་བ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་པ་འདུག

ཕྱི་ལོ་ ༢༠༡༢ ལོར་ཨེ་ཇིབ་ཀྱི་དམངས་གཙོའི་འོས་འདེམས་ཁྲོད་ཡུལ་དེའི་མཁའ་དམག་གི་དམག་དཔོན། མཱུ་བྷ་རག་སྲིད་དབང་སྐབས་ཀྱི་སྲིད་བློན་ཤཱ་ཧྥེག་(Ahmed Shafiq) དང་། ཁ་ཆེ་སྤུན་ཟླ་ཚོགས་པའི་(Muslim Brotherhood )འོས་མི་མོར་སི་(Mohamed Morsi)གཉིས་ཀྱི་འོས་འགྲན་ཁྲོད། མོར་སི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཨེ་ཇིབ་ཀྱི་དམངས་གཙོའི་ལམ་ནས་བདམས་པའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཨ་རབ་གླིང་གི་རྒྱལ་ཁབ་ཆེ་ཤོས་ཤིག་དམངས་གཙོའི་ཕྱོགས་སུ་བསྐྱོད་པ་དེས་གླིང་དེར་ཤུགས་རྐྱེན་ཐེབས་ཐུབ་པའི་རེ་བ་དང་དོ་སྣང་ཤུགས་ཆེན་བྱུང་ཡོད་ཀྱང་། སྲིད་འཛིན་ཆགས་རྗེས་ཀྱི་ལོ་གཅིག་རིང་རྒྱལ་ཁབ་ནང་དཀའ་རྙོག་མང་པོ་ཞིག་བྱུང་ཡོད་པ་མ་ཟད། ཁོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྲིད་འཛིན་ལ་དབང་ཆ་ཆེན་པོ་ཡོད་པ་བེད་སྤྱོད་ལོག་པར་བཏང་བའི་གླེང་རྙོག་འོག་མི་མང་གིས་ངོ་རྒོལ་ཤུགས་རྐྱེན་བྱུང་། 

ཕྱི་ལོ་ ༢༠༡༣ ལོའི་ཟླ ༧ ཚེས་ ༤ ཉིན་ཨེ་ཇིབ་རྒྱལ་ཡོངས་དམག་གཞུང་གིས་འདས་པའི་ལོའི་ནང་ཨེ་ཇིབ་ནང་རྙོག་ཟིང་མང་པོ་བྱུང་སྟེ་རྒྱལ་ཁབ་དཀའ་ཉེན་ལ་ཐུག་ཡོད་པ་དང་། སྲིད་འཛིན་མོར་སི་ཡིས་མང་ཚོགས་ཀྱི་མངོན་འདོད་ལ་ཉན་འཇོག་མི་བྱེད་པར་ཟིང་འཁྲུག་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས།  གནས་སྐབས་རིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཕྱིར་བསྡུ་བྱས་ཏེ་ཨེ་ཇིབ་ཀྱི་སྲིད་འཛིན་མོར་སི་( Mohamed Morsi )ལས་གནས་ནས་ཕྱིར་འཕུད་མི་གཏོང་ཐབས་མེད་ཆགས་ཡོད་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སྲིིད་འཛིན་མོར་སི་དང་ཁོང་གི་ལས་རོགས་རྣམས་འཛིན་བཟུང་བཙོན་འཇུག་བྱས་ཏེ། ཨེ་ཇིབ་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་མཱན་སོར་(Adli Mansour)ེབར་བརྒལ་སྲིད་འཛིན་དུ་བསྐོ་བཞག་བྱས་ཡོད་འདུག 

འདས་པའི་ལོ་དྲུག་རིང་ཡུལ་དེའི་ཆེས་མཐོའི་ཁྲིམས་ཁང་གིས་ཁོང་ལ་འདྲི་ཞིབ་བྱས་པ་བརྒྱུད། ཁོང་གིས་རྒྱལ་ཁབ་ཀྱི་དམག་དོན་གསང་བ་ཕྱིར་གྱར་བ་དང་འཇིགས་སྐུལ་རིང་ལུགས་པ་དང་མཉམ་ལས་བྱས་པ། ཁོ་རང་ལ་ཁ་གཏད་གཅོག་མཁན་རྣམས་ལྐོག་གསོད་དང་། འབྲེལ་གཞུང་གིས་བཙོན་འཇུག་བྱས་པའི་བཙོན་པ་དག་ཀློད་གྲོལ་བཏང་སྟེ། ཨེ་ཇིབ་ནང་ཟིང་འཁྲུག་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་མིང་གཡོགས་ཡོད་འདུག 

ཕྱི་ལོ་༢༠༡༣ ལོར་མོར་སི་ཡི་སྲིད་དབང་མགོ་རྟིང་བསློགས་རྗེས།  ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཆེ་གྲོགས་པོ་ཚོགས་པའི་མགོ་འཁྲིད་ཁག་ཅིག་ཀྱང་འཛིན་བཟུང་བྱས་ཏེ་མང་པོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་སྟབས། གཞུང་འཛིན་ཤོག་ཁག་དང་ཁ་ཆེ་གྲོགས་པོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་བར་ནང་འཁྲུག་ཤོར་ཏེ། ལོ་གཅིག་ནང་མི་ ༡༤༠༠ ལྷག་རྐྱེན་འདས་དང་གཞན་མི་ ༡༦༠༠ ཙམ་བཀག་ཉར་བྱས་ཡོད་པ་དང་། སྲིད་ཟུར་མོར་སི་བཙོན་འཇུག་བྱས་རྗེས་ད་བར་ཁོང་གི་ནང་མི་ཚོར་ཐེངས་གསུམ་ལ་ཐུག་ཏུ་བཅུག་པ་ལས་མི་སུ་གཅིག་ལའང་ཐུག་ཏུ་བཅུག་མེད་པ་རེད། 

ཕྱི་ལོ་ ༢༠༡༠ ལོར་ཨེ་ཇིབ་མི་མང་གིས་གསར་བརྗེ་གྱེན་ལངས་བྱས་ཏེ་ལོ་ ༣༠ ལྷག་རིང་སྲིད་དབང་སྒེར་འཛིན་བྱེད་མཁན་མཱུ་བྷ་རག་(Hosni Mubarak) གནས་དབྱུང་བཏང་རྗེས་མི་དེ་ཚེ་བཙོན་དུ་བཅུག་ཡོད་པ་དང་། མཱུ་བྷ་རག་གི་སྲིད་དབང་ཤོར་རྗེས་སྐབས་དེའི་དམག་དོན་ལྷན་ཁང་གིས་བར་བརྒལ་གཞུང་བཟུང་སྟེ་དམངས་གཙོ་བཅོས་སྒྱུར་དང་རྩ་ཁྲིམས་གཏན་འབེབ། དམངས་གཙོའི་ལམ་ནས་མི་མང་ལ་འོས་བསྡུ་བྱེད་བཅུག་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨེ་ཇིབ་ནང་དཔྱིད་དུས་ཀྱི་གསར་བརྗེ་མཇུག་སྒྲིལ་རྗེས།ཨེ་ཇེབ་གཙོས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་དམག་འཁྲུག་མེད་པར་ཕན་ཚུན་འཆམ་མཐུན་ཡོང་རྒྱུའི་རེ་བ་བཅངས་ཡོད་ཀྱང་། དེ་ལས་ལྡོག་སྟེ་དམག་འཁྲུག་དང་ཟིང་འཁྲུག་བསྟུད་མར་ལངས་ཡོད་པ་མ་ཟད། དཀྱིལ་ཤར་ཡུལ་གྲུ་དག་དྲག་སྤྱོད་པའི་འཐབ་ར་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese